ཕོ་མོའི་ལྷན་སྐྱེས་ཀྱི་གཤིས་ཀ
རྨེ་གྲྭ ཚེ་རིང་བསམ་འགྲུབ།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-05

      ཕོ་མོ་གཉིས་གཞི་ནས་མི་འདྲ་བའི་ཁྱད་པར་ཆེན་པོ་བཅུ། འཇིག་རྟེན་གྱི་ཕོ་དང་མོ་གཉིས་ཀྱི་ལྷན་སྐྱེས་ཀྱི་རྣམ་པ་དང་། རང་རང་ལུས་ཀྱི་གྲུབ་ཆ་མི་འདྲ་བའི་དབང་གིས་སོ་སོའི་ནུས་པ་དང་རིན་ཐང་གཤིས་རྒྱུད་སོགས་ཀྱང་མི་འདྲ་བ་འབྱུང་གིན་ཡོད། ལྟ་བ་དང་ཁོར་ཡུག་གིས་འགྱུར་བ་མ་ཐེབས་པར་མིའི་རང་བཞིན་གྱི་ཕོ་དང་མོ་གཉིས་ཀྱི་ལྷན་སྐྱེས་ལས་བྱུང་བའི་སོ་སོའི་འཇོན་ནུས་དང་། གཤིས་ཀ   སེམས་ཁམས་དགའ་ཕྱོགས་འཚོལ་སྙེགས་སོགས་རིང་བཞིན་གྱིས་གཞི་ནས་མི་འདྲ་བའི་ཁྱད་པར་ཆེན་པོ་བཅུ། རྒྱུན་ལྡན་གྱི་འཚོ་བའི་ཕྱོགས་ནས། 



གཅིག སྐྲ་འཁྲུད་ཆུ་ཉོ་སྐབས། 

      སྐྱེས་མ་དག་གིས་ཐོག་མར་ཆ་རྐྱེན་འདི་དག་ལ་བརྟག་དཔྱད་བྱས་རྗེས་ཉོ་སྲིད། ༡   ཁ་དོག་ཡག་འདུག་དང་། ༢ རྒྱུ་སྤུས་ལེགས་མིན། ༣  གྲུབ་ཆའི་རྒྱུ་ཆ། ༣ ཟོང་རྟགས་གྲགས་མིན། ༤ ཕན་ནུས་བཟང་ངན། ༥ དྲི་བཟང་ལྡན་མིན་རང་ལ་འཕྲོད་མིན་སོགས་ལ་ནན་གྱིས་བརྟགས་རྗེས་ཉོ་བ་ཡིན། སྐྱེས་པ་དག་གིས་སྐྲ་འཁྲུད་ཆུ་ཉོ་སྐབས་ཡར་མར་ལ་བསམ་བློ་མི་གཏོང་བར་སྐྲ་འཁྲུད་ཆུ་ཡིན་པ་ཙམ་གྱིས་ཉོས་ནས་ཡོང་བ་ཡིན།  (洗发水)  སྐྲ་འཁྲུད་ཆུ།(颜色) ཁ་དོག  (质量)   རྒྱུ་སྤུས། (成分) གྲུབ་ཆ། (品牌)   ཟོང་རྟགས། (效果)   ཕན་ནུས ། (香味)   དྲི་བཟང་།

གཉིས། ལག་འཛིན་ཁ་པར་ཉོ་སྐབས། 
      སྐྱེས་པ་དག་གིས་ལག་འཛིན་ཁ་པར་ཉོ་སྐབས་ཐོག་མར་ཕྱིའི་བཟོ་ལྟ་ཡག་འདུག་དང་། ༡ ཇུས་འགོད་ཀྱི་རྣམ་པ་ལེགས་མིན། ༢ སྲ་ཆས་དང་མཉེན་ཆས་ཀྱི་བཟོ་ལྟ་དང་ནུས་པ། ༣ པར་ཆས་ཀྱི་གསལ་ཆ་དང་བྱེད་ནུས། ༤ རིན་གོང་སྒྲིག་བཟོ། ༥ ཟོང་རྟགས་སོགས་ལ་རྒྱུས་ལོན་དཔྱིས་ཕྱིན་པ་ཞིག་བྱས་རྗེས་ད་གདོད་ཉོ་བ་ཡིན། སྐྱེས་མ་དག་གིས་ལག་འཛིན་ཁ་པར་ཉོ་སྐབས་ཕྱིའི་བཟོ་ལྟ་ཡག་པོ་ཡོད་པ་དང་ནང་གི་པར་ཆས་དྭངས་མོ་ཞིག་ཡོད་ན་ཐད་ཀར་ཉོས་ནས་ཡོང་། (外观好看)  བཟོ་ལྟ་ཡག་པ། (自拍功能)  པར་ཆས་ཀྱི་བྱེད་ནུས། (外观设计) བཟོ་ལྟའི་ཇུས་འགོད། (硬件) སྲ་ཆས། (配置)  སྒྲིག་སྦྱོར། (价格)  རིན་གོང་། (品牌) ཟོང་རྟགས།

གསུམ། ཕྱི་རོལ་ཏུ་འགྲོ་སྐབས། 
      སྐྱེས་མ་དག་གིས་སློབ་གྲྭར་འགྲོ་སྐབས་དང་དེ་བཞིན་མཚོ་འགྲམ་དུ་བསྐྱོད་པ། འགུལ་སྐྱོད་དང་ལུས་རྩལ་དུ་འགྲོ་བ། ཁྲོམ་ལ་འཆམ་འཆམ་དུ་ཕྱིན་པ། ལྟ་སྐོར་ཏུ་འགྲོ་སྐབས་སོགས་ལ་རང་གི་རྣམ་པ་དང་ཁ་དོག་བཟོ་ལྟ་མི་འདྲ་བའི་རྒྱབ་ཁུག་དང་ལག་ཁུག་མི་གཅིག་པ་རེ་རེ་འཛིན་དགོས་པ་ཡིན། སྐྱེས་པ་ཚོས་གང་དུ་འགྲོ་ཡང་རྒྱབ་ཁུག་ཅིག་ཡོད་པ་ཙམ་གྱིས་ཆོག་གིན་ཡོད། (学校)  སློབ་གྲྭ། (旅行)  འགྲུལ་བ། (运动 ) ལུས་རྩལ། (逛街)   ཁྲོམ་ལ་འགྲོ་བ། (海边)  མཚོ་འགྲམ། 

བཞི། རླངས་འཁོར་ཉོ་སྐབས། 
      སྐྱེས་པ་དག་གིས་རླངས་འཁོར་ཉོ་སྐབས་ངེས་པར་དུ་འོག་གི་ཆ་རྐྱེན་དག་ཚང་མིན་ལ་བསམ་གཞིག་སྔོན་དུ་བཏང་ནས་ཉོ་བ་ཡིན། སྐྱེས་མ་དག་གིས་རླངས་འཁོར་ཉོ་སྐབས་ཕྱིའི་རྣམ་པ་དང་ཁ་དོག་སོགས་རང་ལ་འཚམ་པ་ཙམ་གྱིས་ཆོག་གིན་ཡོད། (装备) དམག་ཆས། (油耗) སྣུམ་ཟད་ཚད། (品牌)  ཟོང་རྟགས། (配置)   སྒྲིག་བཟོའི་རྣམ་པ། (性能)  གཤིས་ནུས། (空间) བར་སྟོང་། (安全) བདེ་འཇགས། (性能 比) སྤུས་གོང་བསྡུར་ཚད། (动力) སྒུལ་ཤུགས། 

ལྔ། གྱོན་པ་འཁྲུད་སྐབས། 
      སོ་སོས་གྱོན་པ་འཁྲུད་སྐབས་སྐྱེས་མ་དག་གིས་ནང་གོས་དང་ཕྱི་གོས་གསང་གོས་སོགས་རིགས་སོ་སོར་བཀར་ནས་ཞིབ་ཚགས་ལྡན་པའི་འོག་བཀྲུ་བ་དང་། འདག་ཆུ་དང་བཀྲུ་རྫས་སོགས་ཀྱང་འདྲ་མིན་བཀོལ། སྐྱེས་པ་ཚོས་གྱོན་ཆས་ཡོད་ཚད་མཉམ་དུ་བླུགས་ནས་བཀྲུ་བ་ཡིན། 

དྲུག   སྐྲ་འཁྲུད་སྐབས། 
      སྐྱེས་མ་ཚོ་རྒྱུན་པར་མཛེས་བཟོ་ལ་སྤྲོ་བས་སྐྲ་བཀྲུས་མ་བཀྲུས་ལ་ཁྱད་ཆེན་པོ་ཐོན་གྱིན་མེད་པ་དང་ད་དུང་མང་ཆེ་བས་རིན་གོང་སྒོར ༢༠༠ ཙམ་རེ་བརླག་པ་ཡིན། སྐྱེས་པ་ཚོས་སྐྲ་བཀྲུས་མ་བཀྲུས་ལ་ཁྱད་ཆེ་བ་དང་རིན་གོང་ཡང་སྒོར ༢༠ གོང་འོག་ལས་མི་འགྲོ། 

བདུན། གྱོན་པ་སྤྱོད་སྐབས། 
      ནམ་ཟླ་ཇེ་གྲང་ལ་འགྲོ་སྐབས་སྐྱེས་མ་དག་གིས་རྣམ་པ་དང་ཁ་དོག་མི་འདྲ་བའི་གྱོན་ཆས་གསར་བ་ཞིག་ཉོ་བར་བསམ་བློ་སྣ་ཚོགས་གཏོང་སྲིད་པ་དང་། སྐྱེས་པ་མང་ཆེ་བས་སྔར་ཡོད་ཀྱི་གྱོན་པ་མཐུག་པོ་ཞིག་གྱོན་དགོས་པར་བསམ་བློ་འཁོར་སྲིད། 

བརྒྱད། ཁ་བརྡ་གླེང་སྐབས། 
      སྐྱེས་པས་སེམས་ཁམས་ནང་བཞིན་ཐད་ཀར་སྐད་ཆ་ལབ་སྲིད་ལ་དེའི་རྒྱབ་ལྗོངས་སུ་མང་པོ་ཞིག་སྦས་མི་སྲིད། སྐྱེས་མས་སེམས་ཁམས་ནང་བཞིན་ཐད་ཀར་སྐད་ཆ་མི་ལབ་པར་མ་ཟད་མ་བཤད་པ་དང་གསང་བ་སོགས་རྒྱབ་ལྗོངས་ན་དེ་ལས་ཀྱང་སྣ་མང་གི་བསམ་བློ་ཞིག་སྦས་ནས་ཡོད། 

དགུ་པ། ལུས་ཁྲུས་བྱེད་སྐབས།
      སྐྱེས་མ་རྣམས་རྒྱུན་པར་མཛེས་བཟོ་ཚོན་བྱུག་ལ་དགའ་བས་ལུས་ལ་ཁྲུས་བྱས་རྗེས་མཛེས་བཟོ་དག་གཞི་ནས་མེད་པར་གྱུར་ནས་རྣམ་པ་ཇེ་ཞན་དུ་འགྲོ་སྲིད་ལ་སྐྱེས་པ་ཚོ་དེ་ལས་ལྡོག་པ་ཡིན། 

བཅུ་པ། ལེགས་སྐྱེས་ཀྱི་དགའ་ཕྱོགས། 
      སྐྱེས་མ་ཚོ་ལོ ༦ ནས ༡༠  བར་རྩེད་ཆས་སྣ་ཚོགས་སྟེར་ན་དགའ་བ་དང་། ལོ ༡༠ ནས ༢༠ བར་གྱོན་ཆས་དང་བྱུག་རྩི་སྣ་ཚོགས་ལ་དུང་བ་ཡིན། ལོ ༢༠  ཡན་སོན་རྗེས་རླངས་འཁོར་དང་སྒོར་མོ་མང་པོ་སྟེར་རུང་དགའ་རྒྱུ་མེད་པར་ད་དུང་མང་པོ་ཞིག་གི་དགོས་འདུན་ཡོད་པ་རེད། སྐྱེས་པ་ཚོ་ཆུང་དུས་ནས་ཆེར་སོན་པའི་བར་གློག་རྡུལ་རྩེད་ཆས་དང་གློག་རྡུལ་ཡོ་ཆས་སོགས་སྦྱིན་ན་རྟག་པར་སེམས་ཧ་ཅང་དགའ་བ་དང་མགུ་བ་ཡིན། འདི་དག་ནི་ཕོ་མོ་མང་ཆེ་བས་སྤྱིར་བཏང་གི་ལྷན་སྐྱེས་ཀྱི་གཤིས་སུ་གྲུབ་ཡོད་པའི་ཆོས་ཉིད་ཅིག་ཡིན།