རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས།
མི་གསལ།
འབྱུང་ཁུངས།ཧི་མ་ལའི་རིག་མཛོད་ཁང་། སྤེལ་མཁན།དྲྭ་ཚིགས་དོ་དམ་པས། སྤེལ་དུས།2017-10-21
  ནང་དོན་རགས་བསྡུས།
      རྒྱ་ཡིག་གི་མིང་། 中华人民共和国全国运动会      ཕྱི་ཡིག་གི་མིང་། National Games of the People's Republic of China      མཚན་ཧྲིལ་བོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས།




      རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནི་ཀྲུང་གོས་གཙོ་སྒྲུབ་བྱས་པའི་རྒྱལ་ནང་གི་ཆུ་ཚད་ཆེས་མཐོ་བ་དང་ཁྱབ་རྒྱ་ཆེས་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན།


1 ངོ་སྤྲོད
       རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནི་ཀྲུང་གོས་གཙོ་སྒྲུབ་བྱས་པའི་རྒྱལ་ནང་གི་ཆུ་ཚད་ཆེས་མཐོ་བ་དང་ཁྱབ་རྒྱ་ཆེས་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན།  དེར་ལོ་ངོ80ཡི་ལོ་རྒྱུས་མངའ་ལ།   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང་སྔ་གཞུག་དུས་མཚམས་གཉིས་སུ་དབྱེ་ཆོག་སྟེ།   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་སྔོན་དུ་སྐབས7ལ་འཚོགས་ཤིང་།   དེའི་རྗེས་སུ་སྐབས12ལ་འཚོགས་པ་རེད།  སྤྱི་ལོ1959པེ་ཅིང་ནས་སྐབས་དང་པོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་འཚོགས།   ཞིང་ཆེན་དང་གྲོང་ཁྱེར།   རང་སྐྱོང་ལྗོངས།   ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སོགས་ཀྱི་རུ་ཁག29ཡི་ལུས་རྩལ་བ10658འགྲན་ཚོགས་སུ་ཞུགས་ཤིང་།   འགྲན་བསྡུར་གྱི་རྣམ་གྲངས36ཡོད།   སྤྱི་ལོ1993ལོའི་ཟླ8པའི་ཚེས15ཉིན་ནས་ཟླ9བའི་ཚེས15ཉིན་བར་སི་ཁྲོན་ཞིང་ཆེན་དང་།  ཆིན་ཧོང་ཏའོ་གྲོང་ཁྱེར་གཉིས་ནས་སྐབས་བདུན་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་འཚོགས།   འགྲན་བསྡུར་གྱི་རྣམ་གྲངས43དང་ཁྱོན་འཐུས་ཚབ་རུ་ཁག45ཡི་ལུས་རྩལ་པ10510ཞུགས།   འགྲན་ཚོགས་ཀྱི་བསྡོམས་གྲངས་ལ་མི་འབོར21000ལ་བུད་ཡོད་པས་གཞི་རྒྱ་ཆེ་ཤོས་ཀྱི་ལུས་རྩལ་འགྲན་ཚོགས་སུ་གྱུར།   ཀྲུང་གོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཆུ་ཚད་དེ་ཡ་གླིང་གི་དམིགས་ཚད་དུ་སླེབས་ཡོད།  
ཀྲུང་གོ་དེ་རྒྱལ་སྤྱིའི་ལུས་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་ཀྱི་གྲས་སུ་ཚུད་པས་ཉེ་བའི་ལོ་འགའི་རིང་གི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མའི་སྡོམ་གྲངས་དེ་འཛམ་གླིང་ཐོག་ཨང་རིམ་གཉིས་པའི་ཚད་ན་འདུག    སྤྱི་ལོ2008ལོའི་སྐབས29ཡི་ཨོ་རྩལ་འགྲན་ཚོགས་སུ་གསེར་གྱི་རྟགས་མའི་ཨང་རིམ་དང་པོ་དེ་བླངས།   འདི་ནི་ཨོ་རྩལ་འགྲན་ཚོགས་སུ་ཞུགས་པའི་ཀྲུང་གོའི་ལུས་རྩལ་པ་རེ་རེ་རྒྱལ་ནང་གི་འགྲན་བསྡུར་ཆེ་གྲས་ནས་བདམས་ཐོན་བྱུང་བ་ལ་ཁ་བྲལ་ཐབས་མེད་པ་ཞིག་ཡིན།

དཔྱད་གཞིའི་ཡིག་ཆ།
      1  པའེ་ཏུའུ་རིག་མཛོད་དྲ་བ།   2016-05-28
      2  པད་མ་ཚེ་རིང་དང་ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར་བའི 《ཀྲུང་གོའི་སློབ་འབྲིང་སློབ་མའི་ཤེས་བྱ་ཀུན་བཏུས》 མི་རིགས་དཔེ་སྐྲུན་ཁང་། 2012ལོའི་ཟླ4པར་པར་གཞི་དང་པོ་བསྒྲིགས། ཤོག་གྲངས9ན་གསལ།