གློག་རྡུལ་ཐམ་འགོད།
མི་གསལ།
འབྱུང་ཁུངས།ཧི་མ་ལའི་རིག་མཛོད་ཁང་། སྤེལ་མཁན།དྲ་ཚིགས་དོ་དམ་པས། སྤེལ་དུས།2017-10-21
གློག་རྡུལ་ཐམ་འགོད།
       
      གློག་རྡུལ་ཐམ་འགོད་ནི་གློག་རྡུལ་མིང་རྟགས་ཀྱི་མཚོན་སྟངས་ཤིག་ཡིན། བརྙན་རིས་སྒྲིག་གཅོད་ལག་རྩལ་བེད་སྤྱད་ནས་གློག་རྡུལ་མིང་རྟགས་བཀོལ་སྤྱོད་དེ་འགྱུར་ནས་ཤོག་བུའི་ཡིག་ཆར་ཐེལ་ཙེ་རྒྱག་པའི་བཀོལ་སྤྱོད་དང་འདྲ་བའི་མཐོང་རུང་ཕན་འབྲས་ལྡན་ཞིང་། དུས་མཚུངས་སུ་གློག་རྡུལ་མིང་རྟགས་ལག་རྩལ་བེད་སྤྱོད་བྱས་ཚེ་གློག་རྡུལ་ཆ་འཕྲིན་གྱི་དོན་དངོས་རང་བཞིན་དང་ཆ་ཚང་རང་བཞིན་འགན་སྲུང་བྱེད་པ་དང་། དེ་བཞིན། མིང་རྟགས་འགོད་མཁན་གྱིས་ཁས་མི་ལེན་ཀ་མེད་ཀྱི་རང་བཞིན་ལྡན་པ་རེད།
༡ གཞི་རྩའི་གནས་ཚུལ།
རྒྱ་ཡིག་གི་མིང་། 电子签章 ཕྱི་ཡིག་གི་མིང་། Electronic signature
མིང་གཞན། གློག་རྡུལ་མིང་འགོད། བཏོན་པའི་དུས་ཚོདདུས་རབས21པར།

སྤྱད་འཐུས་མངའ་ཁོངས་ཀྱི་ཁྱབ་ཁོངས། སྦྲེལ་རེས་དྲ་རྒྱ། བེད་སྤྱོད་ལག་རྩལ། བརྙན་རིས་སྒྲིག་གཅོད་ལག་རྩལ།

      གློག་རྡུལ་ཐམ་འགོད་ནི་ང་ཚོས་སྤྱོད་པའི་གྲངས་འཛིན་ལག་ཁྱེར་དང་འདྲ་བར། ཐོབ་ཐང་ར་སྤྲོད་བྱེད་པར་སྤྱོད་པའི་བྱེད་ཐབས་ཤིག་ཡིན་པ་དང་། ཚང་མ་གློག་རྡུལ་གྱི་རྣམ་པར་གནས་ཤིང་། གློག་རྡུལ་ཡིག་ཆར་རྒྱབ་རྟེན་བཅོལ་བ་མ་ཟད། དེའི་གཏན་ཚིགས་དང་འབྲེལ་ཡོད། གློག་རྡུལ་ཡིག་ཆར་མིག་རྟགས་འགོད་མཁན་གྱི་ཐོབ་ཐང་དབྱེ་འབྱེད་ངོས་འཛིན་ལ་བེད་སྤྱོད་བྱས་ཆོག་པ་དང་། ཡིག་ཆའི་ཆ་ཚང་རང་བཞིན་ལ་འགན་བྱེད་པ་མ་ཟད། གློག་རྡུལ་ཡིག་ཆས་གསལ་བཤད་བྱས་པའི་དོན་དངོས་ཀྱི་ནང་དོན་ལ་མིང་རྟགས་འགོད་མཁན་མོས་མཐུན་ཡིན་པ་མཚོན་ཡོད།
༢ ཉེར་སྤྱོད།
      Internetཁྱབ་གདལ་དུ་སོང་བ་དང་། གློག་རྡུལ་ཚོང་དོན་བྱེད་སྒོ་དང་གློག་རྡུལ་སྲིད་དོན་བྱེད་སྒོ་སྣ་ཚོགས་བྱ་འཕུར་བ་ལྟར་འཕེལ་རྒྱས་སོང་བས། གློག་རྡུལ་ཐམ་འགོད་ཁྱབ་རྒྱ་ཆེན་པོའི་སྒོ་ནས་མངའ་ཁོངས་སོ་སོའི་ཁྲོད་དུ་ཉེར་སྤྱོད་བྱེད་འགོ་ཚུགས། དེའི་ནང་དུ་གཙོ་བོ་ནི་གློག་རྡུལ་ཡིག་ཟམ་བདེ་འཇགས་བརྒྱུད་སྤྲོད་དང་། བདེ་འཇགས་ས་ཚིགས་ལ་ལྟ་སྤྱོད་བྱེད་པ། དྲ་ཐོག་མིང་འགོད། དྲ་ཐོག་ནས་གན་རྒྱ་འཇོག་པ། དྲ་ཐོག་མངགས་ཉོ། བདེ་འཇགས་དྲ་བའི་སྟེང་གཞུང་ཡིག་སྐྱེལ་བ། དྲ་ཐོག་གྲོན་དངུལ་སྤྲོད་པ། དྲ་ཐོག་ཁྲལ་འཇལ། དྲ་ཐོག་རྐང་དངུལ་ཉོ་ཚོང་། དྲ་ཐོག་ཉོ་སྒྲུབ་དང་དྲ་ཐོག་སྒོ་ཁྲལ་གནས་ཞུ་སོགས་ཡིན།

དཔྱད་གཞིའི་ཡིག་ཆ།
1  པའེ་ཏུའུ་རིག་མཛོད།