ལག་འཁྱེར་གློག་ཀླད།
མི་གསལ།
འབྱུང་ཁུངས།ཧི་མ་ལའི་རིག་མཛོད་ཁང་། སྤེལ་མཁན།དྲྭ་ཚིགས་དོ་དམ་པས། སྤེལ་དུས།2017-10-21
ནང་དོན་རགས་བསྡུས།
       རྒྱ་ཡིག་གི་མིང་།  笔记本电脑      ཕྱི་ཡིག་གི་མིང་།  NoteBook Computer      ལྗིད་ཚད།  སྤྱི་རྒྱ1-3 ཆེ་ཆུང(དབྱིན་ཚུན) 14 17 15 13 12 སོགས་ཡོད།


      ལག་འཁྱེར་གློག་ཀླད་ལ་ཟིན་བྲིས་ཅན་དང་ལག་འཁྱེར་རམ་ཡང་ན་པུས་མོའི་སྟེང་གི་གློད་ཀླད་ཀྱང་ཟེར་བ་དང་། དེ་ནི་འཁྱེར་བདེ་བའི་མི་སྒེར་གློག་ཀླད་ཆུང་གྲས་ཀྱི་རིགས་ཤིག་ཡིན། དེའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ནི་བོངས་ཚད་ཇེ་ཆུང་ནས་ཇེ་ཆུང་དང་། ལྗིད་ཚད་ཇེ་ཡང་ནས་ཇེ་ཡང་ཡིན་པ་མ་ཟད། བྱེད་ནུས་སྔར་ལས་ལྷག་པར་སྟོབས་ཆེན་དུ་འགྱུར་བཞིན་ཡོད། ལག་འཁྱེར་གློག་ཀླད་དངPCཡི་ཁྱད་པར་གཙོ་བོ་ནི་དེར་འཁྱེར་བཞིན་རང་བཞིན་ལྡན་པ་ཡིན་ནོ།།


1 མཚམས་སྦྱོར་མདོར་བསྡུས།

      ལག་འཁྱེར་གློག་ཀླད་དང་སྟེགས་འཇོག་གློག་ཀླད་གཉིས་བསྡུར་ཚེ། ལག་འཁྱེར་གློག་ཀླད་རིགས་འདྲ་བའི་གྲུབ་ཚུལ(མངོན་ཆས། མཐེབ་གཞོང/ཙིག་རྟགས། CPU ནང་གསོག་དང་སྲ་སྡེར)གྱིས་གྲུབ་ཡོད་མོད། འོན་ཀྱང་། ལག་འཁྱེར་གློག་ཀླད་ཀྱི་ལེགས་ཆ་ད་དུང་ཧ་ཅང་མངོན་གསལ་ཡིན་པ་རེད། དེའི་ལེགས་ཆ་གཙོ་བོ་ནི་བོངས་ཚད་ཆུང་ཞིང་ལྗིད་ཚད་ཡང་བ། འཁྱེར་བདེ་བ་དེ་ཡིན་ནོ།། སྤྱིར་བཏང་དུ། འཁྱེར་བདེ་རང་བཞིན་ནི་ལག་འཁྱེར་གློག་ཀླད་དེ་སྟེགས་འཇོག་གློག་ཀླད་ལས་ལེགས་ཆ་ཆེས་ལེགས་ཤོས་ལྡན་ཡོད་པ་མ་ཟད། ལག་འཁྱེར་གློག་ཀླད་ཀྱི་ལྗིད་ཚད་ལ་སྤྱི་རྒྱ2ཙམ་ལས་མེད་པས། ཕྱི་རོལ་དུ་བྱ་བ་བསྒྲུབ་པའམ་ཡང་ན་ཡུལ་སྐོར་སོགས་ལ་རྒྱུན་དུ་འཁྱེར་བདེ་ཞིང་སྤྱོད་བདེ་བ་ཡིན་ནོ།།
སྤྱོད་སྒོའི་ཐད་ནས་བལྟས་ན། ལག་འཁྱེར་གློག་ཀླད་རིགས་བཞི་རུ་དབྱེ་ཆོག་སྟེ། 1.ཚོང་དོན་ཅན། 2.དར་སྲོལ་ཅན། 3.སྨྱན་མང་གཟུགས་ཀྱི་ཉེར་སྤྱོད། 4.དམིགས་བསལ་སྤྱོད་སྒོ་ཅན་བཅས་སོ།།


2 གནད་འགག་གི་གཤིས་ནུས།

      1.Cpuཡི་ནུས་པ། རྒྱུག་ཆེ་བའིCpuཡི་གློག་ཟད་གྲོན་དམའ་ཞིང་རྩིས་རྒྱག་ནུས་པ་ཆེའོ།།
      2.འཆར་བྱང་གི་ནུས་པ། སྔོན་ཆད་ཁེར་ཚུགས་ཀྱི་འཆར་བྱང་ནི་ངེས་པར་དུ་འདུས་གྲུབ་འཆར་བྱང་ལས་བཟང་བོ་ཡོད་པའི་བཤད་ཚུལ་དེ་ལག་རྩལ་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་ཡལ་སོང་བ་རེད། འཆར་ཆས་གང་ཞིག་གདམ་རྒྱུ་དེ་རང་ཉིད་ཀྱི་དགོས་མཁོ་དང་བསྟུན་དགོས་ཤིང་། གལ་ཏེ་ཁྱོད་ནི་རོལ་རྩེད་ལ་དགའ་མཁན་ཞིག་ཡིན་ཚེ། འབྲིང་མཐོའི་མཐའ་སྣེ་བཀོད་སྒྲིག་བྱས་ཡོད་པའིNབྱང་བུའམ་ཡང་ན། Aབྱང་བུའི་ལག་འཁྱེར་གློག་ཀླད་གདམ་ཚེ་ཧ་ཅང་འོས་འཚམ་ཡིན་པ་དང་། གལ་ཏེ་སྤྱིར་བཏང་གི་གཞུང་ལས་རོལ་རྩེད་པ་ཡིན་ཚེ། INTELཡིHDའདུས་གྲུབ་འཆར་བྱང་གིས་ཁྱོད་ཀྱི་དགོས་མཁོ་སྐོང་ཐུབ་པ་ཡིན།
      3.ཚ་རྒྱས་དང་བསྟུད་འཕུར་ནུས་པ། འདིའི་གལ་ཆེན་རང་བཞིན་ལ་མི་ཚང་མས་དེ་འདྲའི་དོ་སྣང་མི་བྱེད་པ་རེད། ཚ་རྒྱས་ཚད་མཐོ་བའི་གློག་ཀླད་ལ་དབྱར་ཁར་མཉམ་འཇོག་བྱས་ནས་ཚ་སེལ་དགོས། དེ་ལྟར་མ་བྱས་ན། ཡང་ཡང་བསྐྱར་སློང་བྱེད་དགོས་ཚེ་དེ་འདྲའི་ལེགས་པོ་མི་འདུག་གོ།


3 གསོ་སྐྱོང་།

      གཤེར་བདར་བརྙན་ཡོལ(LCD Panel)
      1.ནང་ཁུལ་གྱི་ལྷུ་ལག་ལ་ཆག་སྐྱོན་འབྱུང་བ་སྔོན་འགོག་བྱ་ཆེད། གཤེར་བདར་བརྙན་ཡོལ་གྱི་ཁ་ལེབ་ཤུགས་ཀྱི་བརྒྱག་པའམ་ཡང་ན། མཐེབ་གཞོང་དང་བརྙན་ཡོལ་བར་དངོས་རྫས་གང་ཡང་འཇོག་མི་རུང་།
      2.དུས་ཡུན་རིང་པོ་གློག་ཀླད་བེད་སྤྱོད་མི་བྱེད་པའི་སྐབས་སུ། མཐེབ་གཞོང་སྟེང་གི་བྱེད་ནུས་མཐེབ་ཀྱིས་གནས་སྐབས་སུ་གཤེར་བདར་བརྙན་ཡོལ་གྱི་གློག་སྒོ་རྒྱག་དགོས་ལ། གློག་ནུས་གྲོན་ཆུང་བྱེད་པ་མ་ཟད། བརྙན་ཡོལ་གྱི་ཚེ་ཚད་ཇེ་རིང་དུ་གཏོང་ཐུབ་པ་ཡིན།
      3.རྫས་འགྱུར་གྱི་འདག་རྫས་རིགས་སྤྱད་ནས་བརྙན་ཡོལ་ལ་གཙང་དག་བྱ་མི་རུང་།
      4.བརྙན་ཡོལ་ལ་འབྲད་གཞོག་གི་གནོད་པ་མི་ཡོང་བའི་ཕྱིར་དུ། སེན་མོ་དང་རྩེ་མོ་རྣོ་བའི་དངོས་པོས་བརྙན་ཡོལ་ལ་ཐུག་རེག་བྱེད་མི་རུང་།


དཔྱད་གཞིའི་ཡིག་ཆ།

1  པའེ་ཏུའུ་རིག་མཛོད།   2016-6-15