ལེ་ཆིའུ་སྤོ་ལོ།
མི་གསལ།
འབྱུང་ཁུངས།ཧི་མ་ལའི་རིག་མཛོད་ཁང་། སྤེལ་མཁན།དྲྭ་ཚིགས་དོ་དམ་པས། སྤེལ་དུས།2017-10-20
ནང་དོན་རགས་བསྡུས།
       རྒྱ་ཡིག་གི་མིང་། 垒球      ཕྱི་ཡིག་གི་མིང་། Softball   དབྱེ་བ། ལེ་ཆིའུ་སྤོ་ལོ་མགྱོགས་རྩེད་དང་ལེ་ཆིའུ་སྤོ་ལོ་དལ་རྩེད། ཁྱད་ཆོས། རྩེད་ར་ཆུང་བ་དང་སྤོ་ལོ་ཆེ་བ། སྤོ་ལོའི་མགྱོགས་ཚད་དལ་བ། 




      ལེ་ཆིའུ་སྤོ་ལོའི་ལག་རྩལ་གྱི་དཀའ་ཚད་དང་འགུལ་སྤྱོད་དྲག་ཚད་སོགས་དབྱུག་རྩེད་སྤོ་ལོ་ལས་དམའ་བས། རྗེས་སོར་སྐྱེས་མའི་ལུས་རྩལ་རྣམ་གྲངས་སུ་གྱུར་བ་རེད། ལེ་ཆིའུ་སྤོ་ལོའི་བྱུང་བ་ནི་དགོས་དབང་འདི་འདྲ་ཞིག་ལ་ཐུག་ཡོད་པ་སྟེ། གནམ་གཤིས་སྡུག་པོ་དང་འདུ་འཛི་ཆེ་བའི་གྲོང་ཁྱེར་གྱི་ཟང་ཟིང་འོག་དབྱུག་རྩེད་སྤོ་ལོའི་ལུས་རྩལ་དེ་དཔོང་སར་སྤར་བས་ལེ་ཆིའུ་སྤོ་ལོའི་ལུས་རྩལ་དུ་གྱུར་བ་རེད།


1 ངོ་སྤྲོད།

      ལེ་ཆིའུ་སྤོ་ལོ་ནི་དུས་རབས་བཅུ་དགུ་པའི་ལོ་རབས་བརྒྱད་ཅུ་པའི་ནང་ཨ་རི་ནས་དར་བ་ཡིན།    སྤྱི་ལོ1950ལོར།    ལེ་ཆིའུ་སྤོ་ལོ་རོལ་རྩེད་རྣམ་གྲངས་ནས་ལུས་རྩལ་འགྲན་སྡུར་རྣམ་གྲངས་སུ་འགྱུར།    ལེ་ཆིའུ་སྤོ་ལོ་ལ་ལེ་ཆིའུ་སྤོ་ལོ་མགྱོགས་རྩེད་དང་ལེ་ཆིའུ་སྤོ་ལོ་དལ་རྩེད་གཉིས་ཡོད།    སྤྱི་ལོ1965ལོར་ཨོ་སི་ཁྲུ་རི་ཡ་རུ་སྐབས་དང་པོའི་སྐྱེས་མའི་ལེ་ཆིའུ་སྤོ་ལོའི་སྐྱེས་འབུལ་འགྲན་སྡུར་སྤེལ་བ་དང་།    སྐབས་གཉིས་པའི་སྐྱེས་མའི་ལེ་ཆིའུ་སྤོ་ལོའི་སྐྱེས་འབུལ་འགྲན་སྡུར་སྤྱི་ལོ1970ལོར་སྤེལ།    རྗེས་སུ་རིམ་གྱིས་ལོ་བཞི་རེ་འགོར་བ་ན།    སྐྱེས་པ་དང་སྐྱེས་མ།    ན་གཞོན་བཅས་ཀྱི་སྐྱེས་འབུལ་འགྲན་སྡུར་རེ་རེ་བྱས་ནས་སྤེལ་བ་ཡིན།     སྐྱེས་པའི་འགྲན་སྡུར་སྤྱི་ལོ1984ལོ་ནས་བཟུང་མགོ་བརྩམས་པ་ཡིན།    སྤྱི་ལོ2012ལོའི་དབྱར་དུས་ཀྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྟེང་ལེ་ཆིའུ་སྤོ་ལོའི་རྣམ་གྲངས་ཕྱིར་འཐེན་བྱས།


དཔྱད་གཞིའི་གོ་དོན། 

      1  པའེ་ཏུའུ་རིག་མཛོད།   2016-1-12