ལག་ཁྱེར་ཁ་པར།
འབྱུང་ཁུངས།ཡོངས་འཛིན་དྲ་བ། སྤེལ་མཁན།དྲ་ཚིགས་དོ་དམ་པས། སྤེལ་དུས།2017-10-20
ལག་ཁྱེར་ཁ་པར།
       
སྤོ་སྒུལ་ཁ་པར་རམ་ཡང་ན་སྐུད་མེད་ཁ་པར་ལ་སྤྱིར་བཏང་དུ་ལག་ཁྱེར་ཁ་པར་ཟེར་བ་དང་། མ་གཞི་དེ་ནི་འཕྲིན་གཏོང་ཡོ་བྱད་ཅིག་ཡིན་ལ། ཁྱབ་ཁོངས་ཅུང་ཆེ་བའི་ནང་དུ་བེད་སྤྱོད་བྱེད་ཆོག་པའི་འཁྱེར་བདེའི་རང་བཞིན་ལྡན་པའི་ཁ་པར་མཐའ་སྣེ་ཞིག་ཡིན་པ་དང་། གནའ་དུས་ཀྱི་ཨ་མེ་རི་ཁའི་པེ་ཨེར་དངོས་བཤེར་ཁང་གིས1940ལོར་བཟོས་པའི་གཡུལ་སའི་སྤོ་སྒུལ་ཁ་པར་འཕྲུལ་ཆས་ནས་འཕེལ་རྒྱས་སུ་བྱུང་བ་ཞིག་ཡིན། 1958ལོར། སུའུ་ལེན་གྱི་བཟོ་བཀོད་པ་ལིའེ་ཨང་ཉི་ཏུ•ཁུའུ་ཕུའུ་ལི་དབྱང་ནུའོ་ཝེ་ཆི་ཡིསЛК-1རྟགས་ཅན་གྱི་སྤོ་སྒུལ་ཁ་པར་གསར་གཏོད་བྱས་པ་དང་། 1973ལོར། ཨ་མེ་རི་ཁའི་མོ་ཐུའོ་ལུའོ་ལཱའི་བཟོ་བཀོད་པ་མཱ་ཏིང•ཁུའུ་ཕཱ་ཡིས་འཛམ་གླིང་སྟེང་ཐོག་དང་པོར་ཚོང་ལས་ཅན་གྱི་ལག་ཁྱེར་ཁ་པར་གསར་གཏོད་བྱས་ཤིང་། ད་ལྟའི་བར་འཕེལ་རྒྱས་བྱུང་ནས4Gཡི་དུས་རབས་སུ་སླེབས་པ་རེད།
   གཞི་རྩའི་གནས་ཚུལ།
རྒྱ་ཡིག་གི་མིང་། 手机 ཕྱི་ཡིག་གི་མིང་། Mobile Phone
གསར་གཏོད་དུས་ཚོད། 1973ལོར། གསར་གཏོད་པ། མཱ་ཏིང •ཁུའུ་ཕཱ།
བཀོལ་སྤྱོད་རྒྱུད་ཁོངས། android IOS སའེ་པན། WP ཧུའོ་ཧུའུ། རིགས་དབྱེ། རིག་ལྡན་ལག་ཁྱེར་ཁ་པར། འདྲེད་རྣམ་ཅན་དང་འཁོར་སྐྱོད་ཅན་གྱི་ལག་ཁྱེར་ཁ་པར།

1 རིགས་དབྱེ།
ལག་ཁྱེར་ཁ་པར་ལ་དབྱེ་ན་རིག་ལྡན་ལག་ཁྱེར་ཁ་པར་དང་རིག་ལྡན་མ་ཡིན་པའི་ལག་ཁྱེར་གཉིས་ཡོད་པ་དང་། སྤྱིར་བཏང་དུ་རིག་ལྡན་ལག་ཁྱེར་ཁ་པར་གྱི་གཤིས་ནུས་ནི་རིག་ལྡན་མ་ཡིན་པའི་ལག་ཁྱེར་ཁ་པར་ལས་བཟང་མོད། འོན་ཀྱང་། རིག་ལྡན་མ་ཡིན་པའི་ལག་ཁྱེར་ཁ་པར་དེ་རིག་ལྡན་ལག་ཁྱེར་ཁ་པར་དང་བསྡུར་ཚེ་གཤིས་ནུས་ཅུང་གཏན་འཇགས་ཡིན་པ་རེད། རིག་ལྡན་མ་ཡིན་པའི་ལག་ཁྱེར་ཁ་པར་དང་རིག་ལྡན་ལག་ཁྱེར་ཁ་པར་མང་ཆེ་ཤོས་ལ་ཨ་མེ་རི་ཁའིARMཀུང་སིས་བཟོས་པའིCPUབེད་སྤྱོད་བྱེད་ཀྱི་ཡོད། རིག་ལྡན་ལག་ཁྱེར་ཁ་པར་གྱི་གཙོ་ཟློས་ཅུང་མཐོ་བ་དང་འཁོར་སྐྱོད་མྱུར་ཚད་མགྱོགས་ཤིང་། བྱ་རིམ་ལས་འགན་སྒྲིག་གཅོད་དེ་ལས་ཀྱང་མྱུར་བ་དང་ཉིན་རྒྱུན་སྔར་ལས་ལྷག་པའི་སྟབས་བདེ་ཡོང་བཞིན་ཡོད། འོན་ཀྱང་། རིག་ལྡན་མ་ཡིན་པའི་ལག་ཁྱེར་ཁ་པར་གྱི་གཙོ་ཟློས་ཅུང་དམའ་ཞིང་འཁོར་སྐྱོད་མྱུར་ཚད་ཀྱང་དལ་བ་རེད།
2 ཕྱི་དབྱིབས།
ལག་ཁྱེར་ཁ་པར་གྱི་རིགས་དབྱེ་ནི་མིང་ལ་བརྟེན་ནས་དོན་སྟོན་པ་ཞིག་སྟེ། དེ་ནི་ལག་ཁྱེར་ཁ་པར་གྱི་ཕྱིའི་རིགས་དབྱིབས་སྟོན་བཞིན་ཡོད་པ་རེད། ཅུང་རྒྱུན་སྤྱོད་ཡིན་པའི་རིགས་དབྱེ་ལ་ངོས་ལེབ་ཅན་དང་ལྟེབ་བརྩེགས་ཅན(རྐྱང་ཡོལ་དང་ཟུང་ཡོལ)འདྲེད་རྣམ་ཅན་དང་འཁོར་སྐྱོད་ཅན། གཞོགས་འདྲེད་ཅན་སོགས་རིགས་ཁ་ཤས་ཡོད་པ་རེད།
3 བཀོལ་སྤྱོད་བྱེད་ཐབས།
1.མཐེབ་གནོན་ཅན།
མཐེབ་གནོན་ཅན་ནི་སྔོན་ཆད་ལག་ཁྱེར་ཁ་པར་ཚོང་རའི་འཕེལ་ཕྱོགས་གཙོ་བོ་ཞིག་ཡིན་ལ། ལག་ཁྱེར་ཁ་པར་བྱུང་བ་ནས་བཟུང་། དེར་རིགས་སྣ་ཚོགས་ཀྱི་མཐེབ་གནོན་ཡོད་པ་རེད། ཆེས་ཐོག་མའི་དུས་སྐབསས་སུ་ལག་ཁྱེར་ཁ་པར་དང་སྤྱོད་མཁན་གཉིས་ཀྱི་ཕན་ཚུན་སྤེལ་རེས་བྱེད་པའི་བར་རྫས་ཉག་ཅིག་ཡིན། མཐེབ་གནོན་ཀྱི་གལ་ཆེན་རང་བཞིན་སྨྲོས་མ་དགོས་པ་ཞིག་ཡིན་ལ། ཁ་པར་གཏོང་བ་དང་འཕྲིན་ཐུང་བསྐུར་བ་སོགས་བཀོལ་སྤྱོད་མཐའ་དག་མཐེབ་གནོན་ལ་བརྟེན་ནས་ལེགས་འགྲུབ་བྱུང་གི་ཡོད་པ་རེད།
2.རེག་ཡོལ་ཅན།
རེག་ཡོལ་ལག་ཁྱེར་ཁ་པར་ནི་དེང་དུས་ལག་ཁྱེར་ཁ་པར་ཚོང་རའི་རླབས་རྒྱུན་རང་བཞིན་གྱི་འཕེལ་ཕྱོགས་ཤིག་ཏུ་ཆགས་ཡོད་པ་རེད།
4  གཉིད་ཁར་ཁ་པར་བཀོལ་བའི་གནོད་པ།
བརྟག་དཔྱད་བྱས་པ་ལྟར་ན། དེང་སང་དྲ་གྲོགས་མང་ཆེ་ཤོས་གཉིད་ཁར་ཁ་པར་མ་བརྩེས་ན་སྡོད་མི་ཚུགས་པ་ལྟར་གྱུར་འདུག ཡིན་ནའང་། ཁྱོད་ཀྱིས་གཉིད་ཁར་ཁ་པར་བརྩེས་ན་གནོད་པ་ག་འདྲ་ཡོད་པ་ཤེས་སམ། དེ་ཤེས་མཁན་ཧ་ཅང་ཉུང་བས། འདིར་གཉིད་ཁར་ཁ་པར་བརྩེས་ན་གནོད་པ་ཅི་འདྲ་ཡོད་པའི་སྐོར་ཅུང་ཙམ་ངོ་སྤྲོད་བྱ།
གནོད་པ།
དང་པོ། མཚན་མོར་མལ་དུ་ཉལ་ནས་ཁ་པར་བརྩེས་ན། ཁ་པར་གྱི་འོད་ཐད་ཀར་མིག་ངོས་ལ་དྲང་འཕྲོ་བྱེད་ཅིང་། འགྱེད་འཕྲོའང་ཤིན་ཏུ་ཆེ་བས་མིག་གཉིས་ལ་གནོད་པ་ཚབས་ཆེན་ཐེབས་ངེས་ཡིན།
གཉིས་པ། ཁ་སྦུབས་སུ་ཉལ་ནས་ཁ་པར་བརྩེས་ན། གྲུ་མོ་དང་ཀླད་པའི་ཁྲག་རྒྱུན་ལྡན་ལྟར་འཁོར་རྒྱུག་བྱེད་མི་ཐུབ་པ་ལ། མཚམས་རེར་ཁ་པར་གྱི་དྲ་སྒོ་མ་བརྒྱབ་པར་གཉིད་ཁུགས་པའང་ཡོད། དེ་ལྟར་བྱས་ཚེ་སྐེ་ཚིགས་ཡན་ཆད་ནས་ཁྲག་འཁོར་རྒྱུག་བྱེད་མི་ཐུབ་པ་ཡིན།
གསུམ་པ། གཞོགས་གཡས་གཡོན་དུ་ལོག་ནས་ཁ་པར་བརྩེས་ན། མིག་གཡས་གཡོན་ལ་ཐེབས་པའི་གནོན་ཤུགས་མི་འདྲ་བས་ཟླ་གཅིག་མ་ལོན་པར་མིག་གཉིས་ཀྱི་མིག་ཤེས་ལ་མཐོ་དམའ་འཆོར་ངེས་ཡིན།
བཞི་བ། གན་རྐྱལ་དུ་ཉལ་ནས་ཁ་པར་བརྩེས་ན། གྲུ་མོས་ཤུགས་བཏོན་དྲགས་ཏེ་དཔུང་བ་དང་ལག་ངར་གྱི་ཁྲག་འཁོར་རྒྱུག་བྱེད་མི་ཐུབ་ལ། ཡུན་རིང་པོར་བསྡད་ཚེ་དཔུང་བ་དང་ལག་ངར་སྦྲིད་ནས་ཚོར་བ་ཉམས་པའང་ཡོད།
ལྔ་བ གློག་བསད་ནས་ཁ་པར་རྩེ་དུས་ཁ་པར་བརྙན་ཤེལ་གྱི་འོད་ལྡབ་འགྱུར་གྱིས་ཆེ་སྟེ། ཁ་པར་བརྙན་ཤེལ་གྱི་འོད་ཇི་ལྟར་གསལ་དྲགས་ན་མིག་ལ་གནོད་པ་དེ་ལྟར་ཆེ་བས། ཡུན་རིང་པོར་སྤྱད་ཚེ་མིག་ཤེས་དམའ་རུ་འགྲོ་ཐག་ཆོད་ཡིན།
དྲུག་པ། མཚན་མོའི་ཆུ་ཚོད་བཅུ་གཅིག་ཕྱེད་ཀ་ནས་ཞོགས་པའི་ཆུ་ཚོད་བཞི་བའི་བར། མིའི་ལུས་ཁམས་ནས་སྤྲི་དཀར་མེ་རྫས་ཕྱིར་བཏོན་ནས་མདོག་རྒྱུ་ནག་པོ་འགོག་གིན་ཡོད་པས། གློག་འོད་འོག་ནས་ཁ་པར་བརྩེས་ན། སྤྲིད་དཀར་མེ་རྫས་ཕྱིར་འདོན་མཚམས་ཆད་ནས་ལུས་ཁམས་ཡོངས་ལ་གནོད་སྐྱེལ་ཉེན་ཡོད།
བདུན་པ། ཆུ་ཚོད་གཅིག་ཡན་ཆད་ལ་ཁ་པར་རྩེ་བའི་གནོད་པ། མཚན་མོའི་ཆུ་ཚོད་དགུ་བ་ནི་དྲན་པ་ཆེས་གསལ་དུས་ཡིན་ཞིང་། དུས་ཚོད་བཅུ་གཅིག་རྗེས་ནས་ལུས་ཁམས་ཀྱིས་རྙིང་དོར་གསར་ལེན་བྱེད་མགོ་རྩོམ་གྱི་ཡོད་པས། ཁ་པར་རྩེ་ཡུན་རིང་དྲགས་ཚེ་ལུས་ཁམས་དུས་ལྟར་དུ་གསོ་མི་ཐུབ་པ་བཅས་ཀྱི་གནོད་ཡོད་པ་ཡིན།