ནུབ་ཕྱོགས་དཔལ་འབྱོར་རིག་པ།
མི་གསལ།
འབྱུང་ཁུངས།ཧི་མ་ལའི་རིག་མཛོད་ཁང་། སྤེལ་མཁན།དྲྭ་ཚིགས་དོ་དམ་པས། སྤེལ་དུས།2017-10-20
ནང་དོན་རགས་བསྡུས།
      རྒྱ་ཡིག་གི་མིང་།  西方经济学       ཕྱི་ཡིག་གི་མིང་།  Western Economics       མིང་གཞན། ཚོང་རའི་དཔལ་འབྱོར་རིག་པ། གསར་འཛུགས་མཁན།  ཡ་ཏང་སི་སྨི།( Adam Smith) ཞིབ་འཇུག་བྱ་ཡུལ། ཐོན་ཁུངས་བཀོད་སྒྲིག ཞིབ་འཇུག་ནང་དོན། ཚོང་རའི་རིན་གོང་དང་རྒྱལ་དམངས་ཡོང་འབབ་དོ་དམ། གཞུང་ལུགས་མ་ལག  སྤྱི་མཐོང་དང་ཕྲ་མཐོང་རིག་པ། 



      ནུབ་ཕྱོགས་དཔལ་འབྱོར་རིག་པ་ནི་ནུབ་ཕྱོགས་ཚོང་རའི་དཔལ་འབྱོར་རྒྱལ་ཁབ་ཏུ་བེད་སྤྱོད་པའི་དཔལ་འབྱོར་རིག་པར་ཟེར་བ་སྟེ། དེ་ནི་མིག་སྔའི་གཙོ་རྒྱུག་དཔལ་འབྱོར་རིག་པ་ཞེས་པ་དེ་ཡིན་ཞིང་། དེས་ཁྲོམ་རའི་སྒྲིག་གཞིའི་ཞིབ་འཇུག་གཙིགས་སུ་འཛིན་པ་ཞིག་ཡིན་པས། དེ་ལ་ཚོང་རའི་དཔལ་འབྱོར་རིག་པ་ཞེས་ཀྱང་བརྗོད་པ་ཡིན། 1776ལོར་ཡ་ཏང་སི་སྨིའི «རྒྱལ་འབྱོར་སྨྲ་བ» ཞེས་པའི་པར་བསྐྲུན་མཚོན་རྟགས་སུ་བྱས་ནས་དཔལ་འབྱོར་རིག་པས་ལོ་ངོ200ལྷག་གི་ཀྱག་ཀྱོག་ཆེ་བའི་བཤུད་ལམ་བརྒྱུད། འདི་ལྟ་བུའི་རིང་མིན་ཐུང་མིན་གྱི་ལོ་རྒྱུས་བརྒྱུད་རིམ་ཁྲོད་དུ། ཡ་ཏང་སི་སྨི་དང་།ཏཱ་ཝེ་ལི་ཅཱ་ཐུའུ། སཱ་ཡི། མཱ་ཨར་ས་སི། མཱ་ཞེ་ཨར་སོགས་ནས་ ཁའེ་ཨུན་སི་དང་ཧྥུའུ་ལི་ཏིག་མཱན། སཱ་མེར་སིན། ལའོ་ཁཱ་སི། སི་ཏཱི་གི་ལི་ཚཱི་སོགས་སྔ་རབས་དཔལ་འབྱོར་རིག་པའི་སྣེ་སྟོན་པ་མང་པོ་བྱུང་བ་དང་། གནའ་གཞུང་དཔལ་འབྱོར་རིག་པ་དང་གནའ་གཞུང་གསར་བའི་དཔལ་འབྱོར་ནས་ཁའེ་ཨུན་སི་རིང་ལུགས་དཔལ་འབྱོར་རིག་པ་དང་། གནའ་གཞུང་གསར་བའི་སྤྱི་མཐོང་དཔལ་འབྱོར་རིག་པ། ཁའེ་ཨུན་སི་རིང་ལུགས་གསར་པའི་དཔལ་འབྱོར་རིག་པ་སོགས་ཀྱི་དཔལ་འབྱོར་གྲུབ་མཐའ་མང་དུ་བྱུང་། མེ་ཏོག་མཉམ་བཞད་དང་། མཁས་བརྒྱ་འགྲན་གླེང་གི་རྣམ་པ་དེས་དཔལ་འབྱོར་རིག་པ་དེ་མུ་མཐུད་དུ་གསར་གཏོད་དང་འཕེལ་རྒྱས་ཕྱོགས་སུ་བསྐྱོད་དུ་བཅུག་ནས། ལོ་རྒྱུས་ཡིག་ཆའི་ཁྲོད་དུ་དེ་ལ « དཔལ་འབྱོར་རིག་པའི་བཙན་རྒྱལ» ཞེས་པའི་མིང་དེ་བྱུང་ངོ་། །


1 མཚན་ཉིད།

      ནུབ་ཕྱོགས་དཔལ་འབྱོར་རིག་པ་ནི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་སྤྱི་འགྲོས་ལས་བྱུང་བ་དང་དར་བ་རེད། དེ་ལ་དོན་གཉིས་ལྡན་ཏེ། སྒྲ་དོག་འཇུག་གི་དོན་ནི་ནུབ་ཕྱོགས་འབྱོར་ལྡན་གྲལ་རིམ་གྱི་ཆབ་སྲིད་དཔལ་འབྱོར་རིག་པའི་སྤྱི་འགྲོས་ལ་གོ་བ་དང་། སྒྲ་ཡངས་འཇུག་གི་དོན་ནི་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་སྤྱི་འགྲོས་ལ་གོ་བ་ཡིན། ནུབ་ཕྱོགས་དཔལ་འབྱོར་རིག་པ་དང་ཤར་ཕྱོགས་དཔལ་འབྱོར་རིག་པ་གཉིས་ཀྱི་དཔལ་འབྱོར་རིག་པའི་སྤྱི་འགྲོས་གཅིག་འདྲ་མིན། ནུབ་ཕྱོགས་དཔལ་འབྱོར་རིག་པ་ནི་གཙོ་བོ་སྤྱི་འགྲོས་དོན་སྤྱི་ཅན་ཡིན་པ་ལས། ས་ཁོངས་ཀྱི་དོན་སྤྱི་ཅན་ཁོ་ན་མིན། བཅོས་བསྒྱུར་སྒོ་འབྱེད་ཀྱི་ཚུན་ལ་ཀྲུང་གོ་རུ་དར་བའི་རང་དབང་རིང་ལུགས་གསར་བའི་དཔལ་འབྱོར་རིག་པ་དེ་ནུབ་ཕྱོགས་དཔལ་འབྱོར་རིག་པའི་ཁོངས་སུ་གཏོགས་པ་ཡིན།


2 ཞིབ་འཇུག་གི་ནང་དོན།

      ཚོང་དོན་དཔེ་བསྐྲུན་ཁང་གི «དབྱིན་རྒྱའི་དངུལ་འཛིན་དངུལ་གཏོང་ཚིག་མཛོད» ཅེས་པ་རུ།  གཟུགས་མེད་ཀྱི་ལག་པ་ཞེས་པ་དབྱིན་ཡིག་ཏུ(invisible  hand)ཞེས་པར་འགྲེལ་ཡོད་པ་དང་། གནའ་གཞུང་དཔལ་འབྱོར་རིག་པ་བ་ཡ་ཏང་སི་སྨི་ཡི«རྒྱལ་འབྱོར་སྨྲ་བ»ཞེས་པའི་གཞུང་ལུགས་སུ་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་སྲིད་གཞུང་གིས་ཇུས་གཏོགས་མི་བྱེད་པར། སྤྱི་ཚོགས་ཡོངས་ཀྱི་མཁོ་འདོད་ལྟར་གདམ་ཀ་བྱེད་དགོས་ཞེས་བསྟན་ཡོད། འདི་ལྟ་བུའི་སྤྱི་ཚོགས་མཁོ་འདོད་དེ་ཚོང་ར་སྙོམ་སྒྲིག་བྱེད་པའི་གཟུགས་མེད་ཀྱི་ལག་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད།
ནུབ་ཕྱོགས་དཔལ་འབྱོར་རིག་པ་ནི་དུས་རབས་བཅོ་ལྔ་བར་བྱུང་བ་དང་། དུས་རབས་བཅོ་བརྒྱད་པར་དཔལ་འབྱོར་རིག་པ་འཛུགས་སྐྲུན་བྱས་པའི་ཚུན། ལྷག་པར་དུ་དུས་རབས་བཅུ་དགུ་པའི་ལོ་རབས་བདུན་ཅུ་པའི་རྗེས་ནས་ད་ལྟའི་བར་དུ་དཔལ་འབྱོར་འཁོར་སྐྱོད་དང་རྒྱལ་ཁབ་སྙོམ་སྒྲིག་གི་གཞུང་ལུགས་གལ་ཆེན་དང་གོ་དོན། སྲིད་ཇུས་འཛིན་སྟངས། དབྱེ་ཞིབ་བྱ་ཐབས་བཅས་ཕྱོགས་བསྡུས་དང་མ་ལག་ཅན་ཏུ་གྲུབ་པ་གསལ་བཤད་བྱེད་ཐུབ་པར་ངོས་འཛིན་གྱིན་ཡོད་པས། སྤྱི་ཚོགས་ཚན་རིག་གི་གཙུག་ནོར་ཞེས་སུ་གྲགས།


3 འཕེལ་རྒྱས་ཀྱི་བརྒྱུད་རིམ།

      (1) གནའ་གཞུང་དཔལ་འབྱོར་རིག་པ།དུས་རབས་བཅུ་བདུན་པའི་དུས་དཀྱིལ་ནས་དུས་རབས་བཅུ་དགུ་པའི་ལོ་རབས་བདུན་ཅུ་པའི་བར། དཔལ་འབྱོར་རིག་པ་བ་ནི་དབྱིན་ཇིའི་དཔལ་འབྱོར་རིག་པ་བ་སི་སྨི་དང་། ལི་ཅཱ་ཐུའུ་དང་། ཞཱི་ཉི་ཨར། མུའུ་ལུ།  མཱ་ཨར་སཱ་སི་སོགས་ཡོད། ཚབ་མཚོན་རང་བཞིན་གྱི་བསླབ་དེབ་ནི་མུའུ་ལུའི《ཆབ་སྲིད་དཔལ་འབྱོར་རིག་པའི་རིགས་ལམ་དང་དེ་སྤྱི་ཚོགས་མཚན་ཉིད་རིག་པའི་སྟེང་གི་བཀོལ་སྤྱོད》ཞེས་པ་དེ་ཡིན། ལོ་ངོ20ལ་དར་ཁྱབ་བྱུང་།
      (2) གནའ་གཞུང་གསར་བའི་དཔལ་འབྱོར་རིག་པ། གནའ་གཞུང་གསར་བའི་དཔལ་འབྱོར་རིག་པ་ནི་དུས་རབས་བཅུ་དགུ་པའི“མཐའ་ཁུལ་གསར་བརྗེ” ནས་བརྩམས་ཏེ་དུ་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་བའི་བར་ཡིན།

དེའི་ཚབ་མཚོན་མི་སྣར་དབྱིན་ཇིའི་དཔལ་འབྱོར་རིག་པ་བ་ཅེ་ཝུན་སི་དང་མཱ་ཞེ་ཨར། ཧྥ་རན་སེའི་དཔལ་འབྱོར་རིག་པ་བ་ཝར་ལཱ་སི་སོགས་ཡོད། ཚབ་མཚོན་རང་བཞིན་གྱི་བསླབ་དེབ་ནི་མཱ་ཞེ་ཨར་གྱིས1890ལོར་བཀྲམ་པའི《དཔལ་འབྱོར་རིག་པའི་རིགས་ལམ》ཞེས་པ་དེ་ཡིན། 

      (3) དེང་རབས་དཔལ་འབྱོར་རིག་པ། དེང་རབས་དཔལ་འབྱོར་རིག་པ་ནི་དུས་རབས་ཉི་ཤུ་བའི་ལོ་རབས་སུམ་ཅུ་བར་ཁའེ་ཨུན་སི་རིང་ལུགས་གྲུབ་པ་ནས་འགོ་བརྩམས་ཤིང་། དེར་དབྱིན་ཇིའི་དཔལ་འབྱོར་རིག་པ་བ་ཁའེ་ཨུན་སི་དང་ལའོ་པིན་ཞུན་སོགས་ཡོད།


དཔྱད་གཞིའི་ཡིག་ཆ།

      1 པའེ་ཏུའུ་རིག་མཛོད།   2015-12-21