འཛམ་གླིང་སློབ་ཆེན་པའི་ལུས་རྩལ་འགྲན་ཚོགས།
མི་གསལ།
འབྱུང་ཁུངས།ཧི་མ་ལའི་རིག་མཛོད་ཁང་། སྤེལ་མཁན།དྲྭ་ཚིགས་དོ་དམ་པས། སྤེལ་དུས།2017-10-20


ནང་དོན་རགས་བསྡུས།
      རྒྱ་ཡིག་གི་མིང་།  世界大学生运动会      ཕྱི་ཡིག་གི་མིང་། International University Sports Federation       གསར་འཛུགས་ཀྱི་ལོ། སྤྱི་ལོ1959      སྔ་མིང་།  རྒྱལ་སྤྱིའི་སློབ་ཆེན་པའི་ལུས་རྩལ་འགྲན་ཚོགས།       གཙོ་སྒྲུབ།  རྒྱལ་སྤྱིའི་སློབ་ཆེན་པའི་ལུས་རྩལ་འགྲན་ཚོགས།
 
 

      འཛམ་གླིང་སློབ་ཆེན་པའི་ལུས་རྩལ་འགྲན་ཚོགས་ལ་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཆུང་བ་ཞེས་བཤད་སྲོལ་ཡོད་ལ། རྒྱལ་སྤྱིའི་སློབ་ཆེན་པའི་མཉམ་འབྲེལ་འགྲན་ཚོགས་ཤིག་ཡིན། དེར་གཙོ་བོ་སློབ་སྡོད་སློབ་ཆེན་པ་དང་མཐར་ཕྱིན་ནས་ལོ་གཉིས་ལས་འགོར་མེད་པའི་སློབ་ཆེན་པ(ལོ17ནས28བར)ཞུགས་པའི་འཛམ་གླིང་གི་རྒྱ་ཆེའི་སྣ་འཛོམས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན།
 
1 ངོ་སྤྲོད།
      འཛམ་གླིང་སློབ་ཆེན་པའི་ལུས་རྩལ་འགྲན་ཚོགས་ལ་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཆུང་བ་ཞེས་བཤད་སྲོལ་ཡོད་ལ། རྒྱལ་སྤྱིའི་སློབ་ཆེན་པའི་མཉམ་འབྲེལ་འགྲན་ཚོགས་ཤིག་ཡིན།  དེར་གཙོ་བོ་སློབ་སྡོད་སློབ་ཆེན་པ་དང་མཐར་ཕྱིན་ནས་ལོ་གཉིས་ལས་འགོར་མེད་པའི་སློབ་ཆེན་པ(ལོ17ནས28བར)ཞུགས་པའི་འཛམ་གླིང་གི་རྒྱ་ཆེའི་སྣ་འཛོམས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན། འགྲན་ཚོགས་འདི་སྤྱི་ལོ1959ལོ་ནས་སྤེལ་ཅིང་། དེར་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཟེར། སྤྱི་ལོ2009ལོའི་ཟླ3པའི་བར་དུ་འཛམ་གླིང་སློབ་ཆེན་པའི་ལུས་རྩལ་འགྲན་ཚོགས་སྐབས25བསྡུས།  སྤྱི་ལོ2011ལོའི་ཟླ8པའི་ཚེས7ཉིན་འཛམ་གླིང་སློབ་ཆེན་པའི་ལུས་རྩལ་འགྲན་ཚོགས་སྐབས༢༦པའི་དཔལ་འབར་བརྒྱུད་སྤྲོད་ཀྱི་མཛད་སྒོ་དེ་རང་རྒྱལ་གྱི་ཧྲིན་ཀྲིན་གྲོང་ཁྱེར་ཏུ་སྤེལ།
 
2 རྩ་བའི་གནས་ཚུལ།
      འཛམ་གླིང་སློབ་ཆེན་པའི་ལུས་རྩལ་འགྲན་ཚོགས་ནི་རྒྱལ་སྤྱིའི་ལུས་རྩལ་མཉམ་འབྲེལ་ཚོགས་པའི་བསྡུས་པའི་འཛམ་གླིང་སྣ་འཛོམས་རང་བཞིན་གྱི་ལུས་རྩལ་བྱ་འགུལ་ཞིག་ཡིན་ལ།  འགྲན་སྡུར་དེ་འཛམ་གླིང་སློབ་ཆེན་པའི་དབྱར་དུས་ཀྱི་ལུས་རྩལ་འགྲན་ཚོགས་དང་། འཛམ་གླིང་སློབ་ཆེན་པའི་དགུན་དུས་ཀྱི་ལུས་རྩལ་འགྲན་ཚོགས། འཛམ་གླིང་སློབ་ཆེན་པའི་ལུས་རྩལ་སྐྱེས་འབུལ་འགྲན་སྡུར་བཅས་གསུམ་གྱིས་གྲུབ་པ་ཞིག་ཡིན།
དུས་རབས་སྔོན་མའི་ལོ་རབས་ཉི་ཤུ་བའི་དུས་མགོར། སྐབས་དེའི་རྒྱལ་སྤྱིའི་སློབ་ཆེན་སློཔའི་རྩ་འཛུགས་ཀྱིས་འཛམ་གླིང་སློབ་ཆེན་པའི་ལུས་རྩལ་འགྲན་ཚོགས་བསྡུ་བའི་གྲོས་འཆར་བཏོན།  སྤྱི་ལོ1923ལོའི་ཟླ5བར། རྒྱལ་སྤྱིའི་སློབ་ཆེན་པའི་ལུས་རྩལ་འཐུས་མི་ཚོགས་ཆེན་དེ་པ་ལི་ནས་བསྡུས་ཤིང་།  ཚོགས་འདུ་རུ་རྒྱལ་སྤྱིའི་སློབ་ཆེན་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་དེ་ཕྱི་ལོར་སྤེལ་རྒྱུའི་གྲོས་ཐག་བཅད།  སྤྱི་ལོ1924ལོར་རྒྱལ་སྤྱིའི་སློབ་ཆེན་པའི་ལུས་རྩལ་འགྲན་ཚོགས་དེ་ཧྭ་ཧྲ་རུ་སྤེལ་ཅིང་། མཆོང་རྒྱུག་འཕེན་གསུམ་དང་ཆུར་རྐྱལ། གྲི་རྩལ་སོགས་ཀྱི་འགྲན་སྡུར་རྣམ་གྲངས་གསུམ་དུ་ཕྱེས། དེའི་རྗེས། ལུས་རྩལ་འགྲན་ཚོགས་དེ་དུས་ངེས་གཏན་མེད་པར་བསྡུས་ཤིང་ སྤྱི་ལོ1939ལོའི་བར་ལ་བསྡོམས་སྐབས8ལ་སྤེལ། རྗེས་ནས་འཛམ་གླིང་འཁྲུག་ཆེན་གཉིས་པ་བྱུང་བས་རེ་ཞིག་མཚམས་ཆད་ལ། སྤྱི་ལོ1947ལོར་མུ་མཐུད་ནས་སྤེལ། ཡིན་ཡང་སྤྱི་ལོ1951ལོ་ནས་རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་གི་དབང་གིས་ཤར་ནུབ་ཕྱོགས་གཉིས་སུ་ཆད་ཅིང་། ནུབ་ཕྱོགས་པས(རྒྱལ་སྤྱིའི་སློབ་མའི་ལུས་རྩལ་འགྲན་ཚོགས)དང་། ཤར་ཕྱོགས་པས(ན་གཞོན་སློབ་མའི་ལུས་རྩལ་འགྲན་ཚོགས་སམ་ན་གཞོན་མཛའ་མཐུན་ལུས་རྩལ་འགྲན་ཚོགས)སུ་འབོད། ཕྱོགས་གཉིས་ཀས་རང་སར་རྩ་འཛུགས་ཀྱིས་སློབ་ཆེན་པའི་ལུས་རྩལ་འགྲན་ཚོགས་སྤེལ་གྱི་ཡོད་པ་རེད།

3 འགྲན་སྡུར་སྐབས་དང་པོ།
      སྤྱི་ལོ1959ལོར། འཛམ་གླིང་སློབ་ཆེན་པའི་ལུས་རྩལ་འགྲན་ཚོགས་དེ་དབྱི་ཐཱ་ལིའི་ཏོ་ལིན་ནས་བསྡུས་ཤིང་། རྒྱལ་ཁབ45ལུས་རྩལ་པ985འགྲན་སྡུར་ལ་ཞུགས་ཡོད། རྗེས་ནས་ལོ་གཉིས་ཀྱི་ནང་ཐེངས་རེར་སྤེལ་ཅིང་སྤྱི་ལོ1999ལོའི་བར་ལ་འགྲན་ཚོགས་སྐབས20བསྡུས་པ་རེད།  འགྲན་ཚོགས་འདིར་དངོས་སུ་ཐག་བཅད་པའི་འགྲན་སྡུར་རྣམ་གྲངས་ལ་མཆོང་རྒྱུག་འཕེན་གསུམ་དང་ཆུར་རྐྱལ། ཆུར་མཆོང་། ཆུ་ནང་སྤོ་ལོ། ལུས་སྦྱོང་། གྲི་རྩལ། དྲ་གྲུག གཟེབ་གྲུག  རྡེབ་གྲུག་བཅས་རྣམ་གྲངས9ཡོད་ལ། གཙོ་སྒྲུབ་རྒྱལ་ཁབ་ལ་རྣམ་གྲངས་གཅིག་ཁ་སྣོན་པའི་དབང་ཆ་ཡོད་པ་རེད། དཔེར་ན། སྤྱི་ལོ1977ལོར་གཙོ་སྒྲུབ་རྒྱལ་ཁབ་པུར་ཀ་རི་ཡས་འཇུ་རེས་དང་། སྤྱི་ལོ1979ལོར་མོ་ཞི་ཁོ་ནས་རྐང་གྲུག  སྤྱི་ལོ 1985ལོར་ལྗར་པན་གྱིས་སྦེ་ག་སོགས་ཁ་བསྣན་པ་རེད།


དཔྱད་གཞིའི་ཡིག་ཆ།
      1  པའེ་ཏུའུ་རིག་མཛོད།   2016-1-15