དུག་འགོག་གི་བཅའ་ཁྲིམས་དང་ཁྲིམས་སྲོལ།
འབྱུང་ཁུངས།ཁམས་པའི་དྲ་བ། སྤེལ་མཁན།དྲ་ཚིགས་དོ་དམ་པས། སྤེལ་དུས།2017-10-20


      《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས།》ཀྱི་དོན་ཚན་སུམ་བརྒྱ་ཞེ་བདུན་གྱི་ནང་དུ་གཏན་འབེབས་བྱས་དོན།དུག་རྫས་ལྐོག་འདྲེན་དང་ཉོ་ཚོང་།སྐྱེལ་འདྲེན།བཟོས་པ་བཅས་གྲངས་ཀ་མང་ཉུང་གང་འདྲ་ཡིན་ཡང་བྱས་ཉེས་བསགས་མཁན་ལ་ཉེས་འགན་བདའ་འདེད་བྱེད་དགོས་པ་དང་ཉེས་ཆད་བཅད་དགོས།ཁྲིམས་འགལ་ནས་དུག་རྫས་མ་གཞིའི་དངོས་རྫས་བཟུང་བ་དང་འདེབས་འཛུགས་བྱེད་མཁན་དང་།མི་གཞན་དག་ལ་བཙན་བཙུགས་ནས་དུག་རྫས་འཐེན་བཅུག་པ་དང་མི་གཞན་བསྡུ་ཉར་བྱས་ནས་དུག་རྫས་འཐེན་བཅུག་པ།དུག་རྫས་ཉེས་ཅན་འགེབས་སྲུང་བྱེད་པ་སོགས་ཀྱི་བྱ་སྤྱོད་དེ་ཚོ་ནི་ཁྲིམས་ལུགས་སྐོར་གྱི་བདའ་འདེད་བྱེད་དགོས།

      《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དུག་འགོག་སྐོར་གྱི་བཅའ་ཁྲིམས།》ནང་གཏན་འབེབས་བྱས་དོན།དུག་འཐེན་ནས་དབྱིངས་ཞུགས་མཁན་ལ་རྫོང་མི་དམངས་སྲིད་གཞུང་གི་སྤྱི་བདེ་སྡེ་ཁག་གིས་བཙན་ཤེད་ཀྱིས་ཟུར་བཀར་དུག་གཅད་བྱེད་རྒྱུའི་ཐག་གཅོད་བྱེད་ཆོག་པ་དང་། དུས་ཚད་ནི་ལོ་གཉིས་ཡིན།དུས་ཚོད་ཚང་ནས་དུག་མ་ཆད་ན་ལོ་གཅིག་དུས་འགྱངས་བྱེད་ཆོག
      《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་སྐོར་གྱི་ཉེས་གཅོད་བཅའ་ཁྲིམས།》ཀྱི་ནང་གཏན་འབེབས་བྱས་དོན།ཁྲིམས་འགལ་ནས་དུག་རྫས་མ་གཞིའི་དངོས་རྫས་ཉོ་ཚོང་དང་སྐྱེལ་འདྲེན།ཁྱེར་བ།ཉར་ཚགས།བེད་སྤྱོད་བཅས་བྱེད་མཁན་དང་།མི་གཞན་དག་ལ་དུག་རྫས་འདོན་སྤྲོད་བྱེད་པ་དང་དུག་རྫས་འཐེན་པ།དུག་རྫས་ཀྱི་ཁབ་རྒྱག་པ།བཙན་ཤེད་དང་མགོ་སྐོར་གྱི་བྱེད་ཐབས་སྤྱད་དེ་སྨན་པ་ལ་སྦྲིད་སྨན་དང་ཀླད་རྩའི་སྨན་སོགས་སྤྲོད་བཅུག་མཁན།མི་གཞན་དག་ལ་དུག་རྫས་འཐེན་རྒྱུ་དང་དུག་རྫས་སྨན་ཁབ་རྒྱག་རྒྱུ་བསླབ་པ་དང་སླུ་བྲིད།མགོ་སྐོར་བཅས་བྱེད་མཁན་ལ་ཁྲིམས་ཀྱིས་ཉེས་འགན་བདའ་འདེད་བྱེད་དགོས། དེ་མིན།《སི་ཁྲོན་ཞིང་ཆེན་དུག་རྫས་བཟོ་སླ་བའི་རྫས་འགྱུར་དངོས་རྫས་དོ་དམ་སྲོལ་ཡིག》དང་《རོལ་རྩེད་བྱེད་ཡུལ་དོ་དམ་བྱེད་ཐབས།》ཀྱི་འབྲེལ་ཡོད་དོན་ཚན་ནང་དུག་རྫས་བྱས་ཉེས་བསགས་པའི་ཐད་ལའང་དེ་དང་མཐུན་པའི་གཏན་འབེབས་བྱས་ཡོད།