ཀླུ་རྒྱལ་དོན་གྲུབ་དང་ཁོང་གི་ཡིག་གཟུགས་བརྩམས་ཆོས།
མི་གསལ།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-11-09

        གནམ་འདེགས་ཀ་བའམ་ཀླུ་རྒྱལ་དོན་གྲུབ་མཆོག་ནི། སྤྱི་ལོ་༡༩༧༩ལོར་ཨ་མདོ་རེབ་གོང་དུ་སྐྱེས། ད་ལྟ་རྨ་ལྷོ་ཁུལ་ཡིག་མཁན་མཁས་པའི་མཐུན་ཚོགས་ཀྱི་ལས་འཛིན་པ་དང་། ཀྲུང་གོའི་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ལྟ་སྐུལ་ཅུའི་མཛེས་རྩལ་ལས་འཛིན་ཚོགས་མི་བཅས་ཡིན་ལ། རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་དང་ནུབ་བྱང་དགེ་ཐོན་སློབ་ཆེན་སོགས་ནས་སློབ་མཐར་ཕྱིན་རྗེས་བྱ་བའི་ལས་གནས་སུ་ཞུགས་པ་དང་། སྔ་རྗེས་སུ་ཀྲུང་གོའི་མི་དམངས་དངུལ་ཁང་མགོ་ལོག་ཁུལ་ལྟེ་བའི་དངུལ་ཁང་དང་། ཀྲུང་གོའི་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་མགོ་ལོག་ཡན་ལག་ཅུའུ། རྨ་ལྷོ་ལྟ་སྐུལ་ཡན་ལག་ཅུའུ་བཅས་སུ་དངུལ་ལས་ལྟ་སྐུལ་བའི་བྱ་ལས་གཉེར་མུས་སུ་མཆིས། ཆུང་དུས་ནས་རེབ་གོང་བ་མཁར་རྩེ་རྒྱལ་དང་། སློབ་དཔོན་ཆེན་མོ་རྡོ་རྗེ་རྒྱལ། སློབ་དཔོན་ཆེན་མོ་ཤ་བོ་ཁྱི་ཐར་སོགས་དམ་པ་མང་པོའི་སྐུ་དྲིན་ལས་ཡིག་གཟུགས་དང་རི་མོའི་རྨང་གཞི་བརྟན་པོར་བཏིང་ལ། ཡིག་གཟུགས་བརྩམས་ཆོས་ཁག་ལ་བྱ་དགའ་མང་པོ་ཐོབ་མྱོང་ཞིང་རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་གདེང་འཇོག་དང་དགའ་བསུ་མི་དམན་པ་ཐོབ། དུས་དེབ་དང་དྲ་བ། འཕྲིན་སྟེགས་གང་མང་ཞིག་གིས་སྔ་རྗེས་སུ་བརྩམས་ཆོས་བརྒྱུད་བསྐུར་བྱས་ལ། ལྷག་པར་ཏུ་བོད་ཀྱི་མཛེས་རྩལ་ཡིག་གཟུགས་ཀྱི་འབྲི་སྲོལ་གསར་བ་ལ་ཤེས་ལྡན་མང་པོས་དགའ་བསུ་མི་དམན་པ་ཐོབ་བཞིན་ཡོད། ད་ལྟ་བོད་ཀྱི་ཡིག་རིས་སྒྱུ་རྩལ་ལ་མུ་མཐུད་དུ་སློབ་སྦྱོང་དང་འཚོལ་རྟོག་བྱེད་པའི་བརྩོན་པ་མ་ལྷོད་པར་མེས་པོའི་ཤུལ་བཞག་རིག་གནས་རྩ་ཆེན་འདི་ཉམས་པ་སོར་ཆུད་དང་མ་ཉམས་པ་གོང་འཕེལ་གཏོང་བའི་ལས་སུ་དམ་བཅའ་བརྟན་པོས་མུ་མཐུད་དུ་ཧུར་བརྩོན་བྱེད་མུས་སུ་ལགས།








                                                  རྩོམ་ཁུངས། མི་དམངས་དྲ་བ།