བོད་ཀྱི་འབུར་བརྙན་སྒྱུ་རྩལ།
མི་གསལ།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-11-09

སྐབས་དང་པོའི་བོད་ཀྱི་འབུར་བརྙན་སྒྱུ་རྩལ་གྱི་འགྲེམ་ཚོགས་ལྷ་སར་སྤེལ་བ།

སྐབས་དང་པོའི་བོད་ཀྱི་འབུར་བརྙན་སྒྱུ་རྩལ་གྱི་འགྲེམས་ཚོགས་ལྷ་སར་སྤེལ་བ།



བོད་ཀྱི་འབུར་བརྙན་སྒྱུ་རྩལ་འགྲེམས་ཚོགས་ཐོག་གི་ངོ་མཚར་འཇིམ་སྐུ།



ལྷོ་ཁ་ས་ཁུལ་གོང་དཀར་རྫོང་ནས་ཕེབས་པའི་ཤིང་བརྐོས་ལག་རྩལ་མཁས་པ་ཐུབ་བསྟན།

     སྤྱི་ཟླ ༧ པའི་ཚེས ༡༥ ཉིན། སྐབས་དང་པོའི་བོད་ཀྱི་འབུར་བརྙན་སྒྱུ་རྩལ་གྱི་འགྲེམ་ཚོགས་ལྷ་སར་སྤེལ་བ་དང་། དེའི་ནང་ལྷ་ས་དང་གཞིས་རྩེ། ཆབ་མདོ། ལྷོ་ཁ། མངའ་རིས་སོགས་ས་ཁུལ(གྲོང་ཁྱེར)ཁག་གི་སྒྱུ་རྩལ་པའི་ཕུལ་བྱུང་བརྩམས་ཆོས ༡༢༠ དང་འགྲན་བསྡུར་ནང་ཞུགས་པའི་བརྩམས་ཆོས55བཅས་གཅིག་བསྡུས་ཐོག་འགྲེམ་སྟོན་གནང་བ་རེད།
     འགྲེམས་ཚོགས་ཐོག་གི་བརྩམས་ཆོས་ནང་སངས་རྒྱས་ལྷ་སྐུ་དང་ལོ་རྒྱུས་ཀྱི་གྲགས་ཅན་མི་སྣ། དམངས་སྲོལ་རིག་གནས་སོགས་ཀྱི་བརྗོད་གཞི་གཙོ་བོར་བཞག་ཡོད། ད་ཐེངས་ཀྱི་འགྲེམས་ཚོགས་དུས་ཡུན་ཉིན་ལྔར་སྤེལ་རྒྱུ་རེད།

                                                                                                                                                     རྩོམ་ཁུངས། བོད་ལྗོངས་འཕྲིན་དྲ།