གཙོ་སྐྱོང་མི་སྣ།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-31

ཁམས་པའི་བརྙན་འཕྲིན་ཁང་གི་བཅར་འདྲི།

དབོན་སྤྲུལ་ཚེ་རིང་རྡོ་རྗེ་ལགས་ལ་བཅར་འདྲི་བྱས་པ།

       ཁམས་པའི་བརྙན་འཕྲིན་ཁང་གི་གསར་འགོད་པ་དག་དངོས་སུ་ཕེབས་ཏེ་མཆོག་སྤྲུལ་ཚེ་རིང་རྡོ་རྗེ་ལགས་བཅལ་འདྲི་གནང་བ། སྤྱི་ལོ ༢༠༡༥ ལོའི་ཟླ ༤ བའི་ཚེས ༡༥ ཉིན་ཁམས་པའི་བརྙན་འཕྲིན་ཁང་གི་དབུ་ཁྲིད་རྒན་ཡེ་ཤེས་རྡོ་རྗེ་སོགས་ཀྱིས་ཐུགས་ཁུར་དང་གདེང་འཇོག་བླ་མེད་གནང་འོག ཁ་བརྡ་ལེ་ཚན་གྱི་གཙོ་སྐྱོང་བ་རྒན་བྱམས་པ་རྡོ་རྗེ་ལགས་དང་གསར་འགོད་པ་ཁག་ཅིག་ཆེད་དུ་ཕེབས་ཏེ། ཧི་མ་ལའི་རིག་མཛོད་ཁང་ཆེན་མོ་དང་། ཧི་མ་ལའི་དགེ་ལས་ཐེབས་རྩ། གུ་རུ་སྟོང་ཐང་ཆེན་མོ་སོགས་ཀྱི་ལས་གཞི་སྤྱིའི་གཙོ་འཛིན་པ་རྫ་ཀིཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ་ལགས་ལ། ཁོང་གི་གཞི་རྒྱ་ཆེ་བའི་ཕྱག་ལས་དང་འབྲེལ་དེ་མི་ཚེའི་ལོ་རྒྱུས་དང་བརྒྱུད་རིམ་ལ་རྒྱུས་ལོན་དང་ཞིབ་འཇུག་གནང་བ།