ཡར་ཀླུང་གཙང་བོ།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-27

ངོ་སྤྲོད་ཉིང་བསྡུས།

        ཡར་ཀླུང་གཙང་བོ་ནི་ཁ་འབབ་ཆུ་བོ་བཞིའི་ཡ་གྱལ་ཞིག་ཡིན་པ་དང་། འཛམ་གླིང་གི་ཆུ་ཆེན་ཨང་བཞི་བ་རེད།  སྟོད་མངའ་རིས་གངས་མཚོའི་ཤར་ཕྱོགས་བྱེ་མ་གཡུང་དྲུང་གི་ཕུ་ཨབ་སྲིའི་རྒྱབ་ཀྱི་བྲག་རྟ་མཆོག་འདྲ་བའི་ཁ་ནས་འབབ་ཅིང་། བོད་ལྗོངས་གཞིས་རྩེ་ས་ཁུལ་འབྲོང་བ་རྫོང་དང་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་བར་དུ་གནས་ཡོད་པ་རེད། སྤྱིའི་རིང་ཚད་ལ་སྤྱི་ལེ ༣༣༥༠ ཡོད་ཅིང་རྒྱ་གར་སོགས་ཡུལ་གྲུ་མང་དུ་བརྒྱུད་མཐར་བྷང་ག་ལ་མཚོ་ཁུག་ཏུ་འབབ་ཀྱིན་ཡོད།



ཡར་ཀླུང་གཙང་བོ། ༼雅鲁藏布江༽


      འདི་ནི་བོད་ལྗོངས་སུ་ཡོད་དེ། ཧི་མ་ལ་ཡའི་བྱང་རྒྱུད་འབྲོང་བ་རྫོང་ཁོངས་བྱེ་མ་གཡུང་དྲུང་ཞེས་པའི་གངས་རི་ལས་འབབ་ལ། རྒྱ་གར་བརྒྱུད་དེ་ཆུ་བོ་གངྒར་འདྲེས། སྤྱིའི་རིང་ཚད་ལ་སྤྱི་ལེ ༣༣༥༠ ཡོད་ལ། བོད་ཡུལ་དུ་སྤྱི་ལེ ༢༠༩༡ ཡོད། ལོ་རྒྱུས་ཡིག་ཚང་དུ་ཡར་ཆབ་གཙང་བོ་ཞེས་འཁོད་ལ། ལེགས་རྩེའི་རྒྱུད་དུ་རྟ་མཆོག་ཁ་འབབ་དང་ལྷོ་ཁུལ་དུ་མྱང་ཆུ། ལྷ་རྩེ་ནུབ་རྒྱུད་དུ་ཡང་བསྐྱར་རྟ་མཆོག་ཁ་འབབ། ཆུ་ཤུལ་ཁུལ་ནས་བཟུང་ཡར་ཀླུང་གཙང་བོ་རུ་འབོད། རྒྱ་གར་དུ་པི་ལ་མ་ཕུ་ཐ་ཆུ་བོ(布拉马普特拉河)ཟེར་ལ། འཛམ་གླིང་གི་ཆུ་ཆེན་ཨང་བཞི་བ་རེད།༼བོད་སྤྱི་བཤད་ལས་བཏུས།༽


ལྷོ་ཁུལ་མྱང་ཆུ། 

      ཡར་ཀླུང་གཙང་བོ་ནི་ཧི་མ་ལ་ཡའི་བྱང་རྒྱུད་འབྲོང་བ་རྫོང་ཁོངས་ཀྱི་བྱེ་མ་གཡུང་དྲུང་ཞེས་པའི་གངས་རི་ལས་བབས་ཏེ་བོད་ཀྱི་ལྷོ་ཕྱོགས་བརྒྱུད་ནས་ཤར་དུ་བབས་རྗེས་སྨན་གླིང་ཕད་ཆུས་ཁུལ་ནས་ཁ་བྱང་ཤར་ངོས་སུ་ཕྱོགས་ཏེ་བཞུར་ཞིང་རི་བོ་གནམ་ལྕགས་འབར་བར་སྐོར་བ་རྟ་རྨིག་འདྲ་བ་ཞིག་བརྒྱབ་རྗེས་སླར་ཡང་ལྷོ་ནུབ་ཁུལ་གྱི་གཅོང་རོང་ཟབ་མོ་འགྲིམས་ནས་མཐར་རྒྱ་གར་དང་བྷང་ག་ལ་སོགས་བརྒྱུད་ནས་བྷང་ག་ལ་མཚོ་ཁུག་ཏུ་འབབ་ཀྱིན་ཡོད། ཡར་ཀླུང་གཙང་བོ་བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་བཞུར་རྒྱུན་རིང་ཚད་ལ་སྤྱི་ལེ ༡༩༤༠ དང་འབབ་ཡུལ་གྱི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི ༢༤.༦ དང་། སྤྱིའི་བཞུར་རྒྱུན་ལ་སྤྱི་ལེ ༢༨༤༠ དང་སྤྱིའི་འབབ་ཡུལ་གྱི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི ༩༣.༥ ལྷག་ཡོད་པ་ཡིན།༼བོད་ཀྱི་སློབ་འབྲིང་དྲ་བ་ལས་བཏུས།༽

 

ཁ་འབབ་ཆུ་བོ་བཞི།

      ཁ་འབབ་བཞི་ནི་སེང་གེ་ཁ་འབབ། གླང་ཆེན་ཁ་འབབ། རྨ་བྱ་ཁ་འབབ། རྟ་མཆོག་ཁ་འབབ། དུང་དཀར་ཚིག་མཛོད་ལས། ཡར་ཀླུང་གཙང་བོའི་ཆུ་མགོ་རྟ་མཆོག་ཁ་འབབ། ཆུ་བོ་གངྒ་གཱའི་ཆུ་མགོ་རྨ་བྱ་ཁ་འབབ། ཆུ་བོ་སིན་དྷུའི་ཆུ་མགོ་གླང་ཆེན་ཁ་འབབ། ཆུ་བོ་སི་ཏའི་ཆུ་མགོ་སེང་གེ་ཁ་འབབ་བོ། འདི་ལ་བོད་ཡིག་གི་ལོ་རྒྱུས་ཡིག་ཆ་མང་པོ་ཞིག་ཏུ་གངས་རི་ཏི་སེའི་ཕྱོགས་བཞི་ནས་འབབ་པའི་ཆུ་བོ་བཞི་ཞེས་དང༌། འགའ་ཞིག་མཚོ་མ་དྲོས་པའམ་མཚོ་མ་ཕམ་གྱི་ཕྱོགས་བའི་ནས་འབབ་པའི་ཆུ་བོ་བཞི་ཞེས་གསུང་ཚུལ་མི་འདྲ་བ་ཡོད་ཀྱང༌། དོན་སྙིང་ཆུ་བོ་དེ་རྣམས་ཀྱི་ཆུ་མགོའི་རི་དེ་དག་སྲོག་ཆགས་བཞིའི་ཁ་འདྲ་བ་ནས་འབབས་ཚུལ་སྐོར་གཤམ་དུ་ཆུ་བོ་བཞི་སོ་སོའི་མིང་གི་ཐད་ཀར་འགྲེལ་བཤད་བྲིས་ཡོད་པ་དེར་གཟིགས། དྲི་བ་དྲིས་ལན་ལས་བཏུས། ༡ སེང་གེ་ཁ་འབབ། སི་ཏ། འདི་ལ་ལེགས་སྦྱར་སྐད་དུ༼སི་ཏ༽ཟེར་ལ། བོད་ལྗོངས་མངའ་རིས་ཁུལ་དུ་ཡོད། ཆུ་བོ་འདི་ནི་གངས་ཏེ་སི་དང་མཚོ་མ་ཕམ་གཉིས་ཀྱི་བྱང་ནས་ཀ་ཤི་སྨར་དང་པ་ཀི་སི་ཐན་བརྒྱུད་དེ་ཧིན་རྡུ་རྒྱ་མཚོར་འབབ་ལ། སྤྱིའི་རིང་ཚད་ལ་སྤྱི་ལེ ༢༩༠༠ ནས ༣༢༠༠ ཙམ་ཡོད། བོད་ཡུལ་གྱི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ ༤༡༩ ཡོད་ལ། རྒྱ་གར་དུ་སླེབས་པ་ན༼རྒྱ་གར་ཆུ་བོ﹙印度河 Indus River﹚༽རུ་འབོད།
      ༢  གླང་ཆེན་ཁ་འབབ། (信度河)༣ རྨ་བྱ་ཁ་འབབ། གངྒཱ། (恒河)༤ རྟ་མཆོག་ཁ་འབབ། ཡར་ཀླུང་གཙང་བོ། འདི་ནི་བོད་ལྗོངས་སུ་ཡོད་དེ། ཧི་མ་ལ་ཡའི་བྱང་རྒྱུད་འབྲོང་བ་རྫོང་ཁོངས་བྱེ་མ་གཡུང་དྲུང་ཞེས་པའི་གངས་རི་ལས་འབབ་ལ། རྒྱ་གར་བརྒྱུད་དེ་ཆུ་བོ་གངྒར་འདྲེས། སྤྱིའི་རིང་ཚད་ལ་སྤྱི་ལེ ༣༣༥༠ ཡོད་ལ། བོད་ཡུལ་དུ་སྤྱི་ལེ ༢༠༩༡ ཡོད། ལོ་རྒྱུས་ཡིག་ཚང་དུ༼ཡར་ཆབ་གཙང་བོ༽ཞེས་འཁོད་ལ། ལེགས་རྩེའི་རྒྱུད་དུ༼རྟ་མཆོག་ཁ་འབབ༽དང་ལྷོ་ཁུལ་དུ༼མྱང་ཆུ།༽ལྷ་རྩེ་ནུབ་རྒྱུད་དུ་ཡང་བསྐྱར༼རྟ་མཆོག་ཁ་འབབ།༽ ཆུ་ཤུལ་ཁུལ་ནས་བཟུང༼ཡར་ཀླུང་གཙང་བོ༽རུ་འབོད། རྒྱ་གར་དུ༼པི་ལ་མ་ཕུ་ཐ་ཆུ་བོ﹙布拉马普得拉河Brahmaputra River﹚༽ཟེར་ལ། འཛམ་གླིང་གི་ཆུ་ཆེན་ཨང་བཞི་བ་རེད། ༼དྲ་རྒྱ་ལས་བཏུས།༽


ཡར་ཀླུངས་གཙང་བོ།

      དེའི་སྟོད་རྒྱུད་ལ་རྟ་མཆོག་ཁ་འབབ་ཟེར། དེ་ནས་གཙང་གི་ས་ཆ་བརྒྱུད་ལྷོ་ཁ་ས་ཁུལ་ཁོངས་སྣེ་གདོང་རྫོང་གི་ཡར་ཀླུངས་ཡུལ་དུ་འབབ་སྐབས་ཡར་ཀླུངས་གཙང་བོ་ཟེར། དེ་ནས་མུ་མཐུད་ཀྱིས་ཤར་ཕྱོགས་སུ་བབས་ཏེ་ཀོང་པོ་ཉིང་ཁྲི་ས་ཁུལ་ཁོངས་མེ་ཏོག་རྫོང་གི་ཉེ་འདབས་ནས་ཁ་ལྷོ་ཕྱོགས་ལ་གཏད་ནས་ཧིན་རྡུ་དང༌། བྷང་ག་ལ་བརྒྱུད་ཧིན་རྡུ་རྒྱ་མཚོར་འབབ་གྱིན་ཡོད། གཙང་བོ་འདིའི་རྒྱུད་ཀྱི་བོད་ཡུལ་ས་ཁུལ་ཁག་ལ་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་གནམ་གཤིས་ཡག་པོ་ཡོད་པས། བོད་ཀྱི་མི་རིགས་ཐོག་མར་ས་ཁུལ་དེ་ནས་འཕེལ་རྒྱས་བྱུང་བ་དང༌། གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོའི་བར་གྱི་སྲིད་དོན་ལྟེ་གནས་ཤིག་རེད།༼བོད་རྒྱ་ཚིག་མཛོད་ལས་བཏུས།༽


རྟ་མཆོག་ཁ་འབབ།

      ཆུ་བོ་འདི་ནི་ཧི་མ་ལའི་བྱང་རྒྱུད་འབྲོང་བ་རྫོང་ཁོངས་བྱེ་མ་གཡུང་དྲུང་ཞེས་པའི་གངས་རི་ལས་འབབ་ཅིང་ལོ་རྒྱུས་ཡིག་ཆའི་ནང་སྤྱིར་ཡར་ཆབ་གཅང་བོ་ཞེས་འཁོད་ལ་སྒོས་སུ་ལེགས་རྩེའི་རྒྱུད་དུ་རྟ་མཆོག་ཁ་འབབ་གཙང་བོ་ཞེས་འབོད་པ་དང་། ལྷ་རྩེ་ཁུལ་དུ་མྱང་ཆུ། ལྷ་རྩེའི་ནུབ་རྒྱུད་དུ་ཡང་རྟ་མཆོག་ཁ་འབབ་ཅེས་རྟ་ཕོའི་ཁ་འདྲ་བའི་རི་ཁོག་ནས་འབབ་པ་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་མིང་འབོད་བྱེད་པ། ཆུ་ཤུལ་ཁུལ་ནས་བཟུང་ཡར་ཀླུང་གཙང་བོ་ཞེས་འབོད་པ་ཡུལ་མིང་ཆུ་རུ་ཐོགས་པ་བཅས་ཕྱིས་སུ་ཡོངས་ཁྱབ་ལ་ཡར་ཀླུང་གཙང་བོ་ཞེས་འབོད། ཡར་ཀླུང་གཙང་བོ་ནི་གཡུ་འབྲུག་སྔོན་མོ་འཕྱོ་བ་བཞིན་བོད་ཀྱི་ལྷོ་ཕྱོགས་བརྒྱུད་ནས་ཤར་ལ་བརྒྱུགས་ཐོག་སྨན་གླིང་ཕད་ཆུས་ཁུལ་ནས་ཁ་བྱང་ཤར་ངོས་སུ་ཕྱོགས་ཏེ་བཞུར་ཞིང་རི་བོ་གནམ་ལྕགས་འབར་བར་སྐོར་བ་རྟ་རྨིག་གཟུགས་ཤིག་བརྒྱབ་རྗེས་སླར་ཡང་ལྷོ་ནུབ་ཁུལ་གྱི་གཅོང་རོང་ཟབ་མོ་འགྲིམས་ནས་མཐར་གློ་ཡུལ་བརྒྱུད་རྒྱ་གར་དུ་འབབ་པས་གཙང་བོ་ཕུ་ལ་མ་བོ་ཐེ་ལ(布拉马普特拉河)ཟེར། དེ་ནས་བྷང་ལ་བརྒྱུད་བྷང་ལ་མཚོ་ཁུག་ཏུ་འགྲིལ། ཡར་ཀླུང་གཙང་བོའི་ཁྱོན་ཡོངས་ཀྱི་རིང་ཚད་སྤྱི་ལེ ༢༩༠༠ ཡོད་པ་ནས་རང་རྒྱལ་གྱི་མངའ་ཁོངས་ནང་ཚད་དུ་སྤྱི་ལེ ༡༧༨༧ ཡོད་པ་དང་། བཞུར་ཡུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི ༩༣.༥ ཡོད་པ་ནས་རང་རྒྱལ་མངའ་ཁོངས་སུ་སྤྱི་ལེ་གྲུ་བཞི་མ་ཁྲི ༢༤.༡༦ ཟིན་པ། གཙང་བོའི་རྒྱུད་ཀྱི་སའི་ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ལས་བརྩིས་སྤྱི་ཁྲེ་སུམ་སྟོང་ཡན་ཟིན་ཡོད། ཡར་ཀླུང་གཙང་བོ་ནི་རང་རྒྱལ་གྱི་གཙང་ཆེན་ཁག་གི་ཁྲོད་ནས་རིང་ཚད་ཨང་རིམ་ལྔ་བར་སླེབས་ཤིང་གཙང་རྒྱུད་ཀྱི་ས་རྒྱ་ཆེ་ཆ