བསང་།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-21
ངོ་སྤྲོད་རགས་རིམ།

      བོད་མི་རིགས་ནི་ཆོས་ལུགས་ལ་དད་འདུན་ཧ་ཅང་ཆེ་བས་དོན་དག་ཆེ་ཕྲ་མཐའ་དག་ཆོས་ལུགས་ལ་སྐྱབས་བཅའ་ཞིང་ཆོས་ཀྱིས་ཐག་གཅོད་པར་བྱེད། དེ་བས་ཁོ་ཚོའི་འཚོ་བ་དང་ཆོས་ལུགས་ཁ་འབྲལ་ཐབས་མེད་པ་ཞིག་ཏུ་ཆགས་ནས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ནང་དུའང་ཆོས་ལུགས་སམ་ཆོས་ཀྱི་བྱེད་སྒོ་མང་བོ་འདྲེས་ཡོད།  སྐབས་སུ་བབ་པ༼བསང༽ནི་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡིན། དེ་ཡང་བསང་རྫས་གཙོ་བོ་ཤུག་པ་དང་སྤ་མ། བ་ལུ། ཁམ་པ། ཙན་དན་དཀར་དམར། ཨ་ག་རུ། གུར་ཀུམ། སྤང་སྤོས་སོགས་བསང་རྩམ་དཀར་གསུམ་མངར་གསུམ་སྨན་ཕྱེ་བཅས་བསྲེས་ནས་བསང་མེའི་ཐོག་ཏུ་འདེབས་ཤིང་། ཆུ་གཙང་གིས་ཆབ་བྲན་ནས་གང་ཟག་ནུས་ལྡན་དང་ཟུངས་སྔགས་ཁྱད་པར་ཅན་གྱིས་བྱིན་གྱིས་རླབས་ཏེ་བསང་སྦྱངས་སྤེལ་གསུམ་བྱས། དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་རྫས་བསམ་གྱིས་མི་ཁྱབ་པ་དཀོན་མཆོག་སྲིད་ཞིའི་མགྲོན་རྣམས་ལ་མཆོད་སྦྱིན་རྒྱ་ཆེན་པོ་བྱས་ནས་ཚེ་འདི་ཕྱིའི་ལམ་སྟོན་དང་ཁ་མགོན་གདོང་གྲོགས་ཀྱི་འཕྲིན་བཅོལ་བྱེད། བསང་དུད་ཀྱིས་གར་ཁྱབ་ཀྱིས་དམེ་མུག་མནོལ་གྲུབ་བྱུར་ཉེས་སོགས་མི་གཙང་བ་ཐམས་ཅད་བསལ་བར་བྱས་ནས་དག་གཙང་ཤེལ་སྒོང་བཞིན་དུ་གསལ་བར་གྲགས། དམིགས་གསལ་འཛམ་གླིང་སྤྱི་བསང་སོགས་ཀྱི་སྐབས་སུ་རྒྱས་སྤྲོས་ཀྱི་སྒོ་ནས་བསང་ཕུད་པར་བྱེད། རུ་སྡེ་དེའི་སྐྱེས་ཕོ་ལུས་ལོན་ཚད་ཀྱིས་རྒྱན་ཆ་དང་གོ་མཚོན་སྤྲས་ཏེ་བུ་རྟའི་འདུ་ར་འཛོམས་ནས་རང་རང་གི་ཕ་མེས་རྒྱུད་ཀྱི་སྲུང་མ་དང་ཡུལ་ལྷ་གཞི་བདག་རྣམས་ལ། བསང་དུད་དང་རླུང་རྟ་ལྷ་རྒྱལ་ཀྭི་གསོའི་ཁྲོད་ནས་ལྷ་གསོལ་མཆོད་འབུལ་རྒྱ་ཆེན་པོ་བཤམས་ཏེ། རང་རང་གི་འདོད་དོན་འཕྲིན་ལས་སུ་བཅོལ། རླུང་རྟ་བསྒྲོན། དགྲ་བླའི་དཔུང་བསྟོད་སོགས་ཀྱིས་གཉུག་མར་གནས་ཤིང་བློ་བུར་ལྷགས་པའི་ཡུལ་སྐྱོང་ཟོ་དོར་ཡོངས་ལ་ཁ་མགོན་དཔུང་རོགས་བྱ་བར་བསྐུལ་མ་བྱ་སྲོལ་ཡོད།



བསང་གཏོང་གི་ཆོ་ག་ངོ་སྤྲོད།

      བསང་མཆོད་ནི་བོད་ཀྱི་ལྷ་གསོལ་ཆོ་གའི་ནང་གོ་གནས་གལ་ཆེན་ཟིན་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡིན་ལ། དེ་ཡང་མི་ཡུལ་གྱི་བཙོག་གྲིབ་མཐའ་དག་ལ་བསང་དུད་བདུགས་ཤིང་བསལ་ནས་ལྷ་སྤྱན་འདྲེན་པའི་སྔོན་འགྲོའི་ཆོ་ག་སྟེ། ཐོག་མར་བོན་ལུགས་ནས་བྱུང་ཞིང་རིམ་བཞིན་བོད་ཁུལ་གྱི་གྲུབ་མཐའ་རིས་མེད་ལ་ཁྱབ་ཅིང་སིམ་སྟེ་མི་རིགས་ཀྱི་རྒྱུན་སྲོལ་ཞིག་ཏུ་གྱུར་འདུག་པ་ནི་ཀུན་ལ་གསལ་ཞིང་། དེའི་རྫས་གཙོ་བོ་ཤུག་པ་དང་སྤ་མ། བ་ལུ། མཁན་པ་སོགས་དྲི་མ་རྩི་ཤིང་གི་རིགས་ཡིན་ལ། རབ་ཡིན་ན་ཙན་དན་དཀར་དམར་དང་། ཨ་ག་རུ། གུར་གུམ། སྤང་སྤོས་སོགས་ཀྱང་བསྲེ། བསང་རྩམ་ལ་གཙོ་བོ་རྩམ་ཕྱེ་དང་མར། ཤེད་རྩི་སོགས་བསྲེས་ཏེ་སྤྱོད་ཅིང་། རབ་ཡིན་ན་དཀར་གསུམ་མངར་གསུམ་དང་། སྨན་ཕྱེ་སོགས་བསྡེབས་ཏེ་བསང་མེ་རུ་འདེབས་ལ། ད་དུང་ཇ་ཕུད་ཆང་ཕུད་དང་། གྲིབ་སེལ་གྱི་ཆབ་ཀྱང་འདེབས་པར་བྱེད། དེ་ལྟ་བུའི་གསང་གཏོང་གི་ཆོ་ག་སྤྱི་ལ་བསང་མཆོད་ཟེར་མོད། ཡང་སྐབས་རེར་བསང་གཏོང་བའི་དུས་སུ་རྒན་གཞོན་བར་མའི་སྐྱེ་བོ་སུ་ཡིན་ཡང་། མགོ་བླ་མ་སངས་རྒྱས་བྱང་སེམས་ནས། མཇུག་ས་བདག་གནས་བདག་བར་གྱི་ལྷ་ཚོགས་ཀུན་ལ་བསྟོད་པའི་ངག་གིས་མཆོད་ཅིང་། མི་ལ་ན་ཚ་དང་། ཕྱུག་ལ་གོད་ཁ། ཚེ་ལ་བར་ཆད་སོགས་འབྱུང་བའི་རྐྱེན་དང་ངན་གྱི་རིགས་ཐམས་ཅད་བཟློག་པར་སྐུལ་བའི་ངག་གི་ཕྲེང་བ་དེ་ལ་ཕལ་སྐད་དུ་སྐོའུ་བ་སྟེ་ཡིག་སྐད་དུ་སྐུལ་བའམ་བསང་མཆོད་ཟེར་བ་ཡིན། བོད་མིས་བསང་གཏོང་རྒྱུར་དང་དོད་ཆེན་པོ་བྱེད་ཀྱིན་ཡོད་པ་རེད། བོད་མིའི་ཁང་བ་མང་ཆེ་བའི་ཐོག་ཏུ་བསང་བུམ་ཡོད་པ་དང་། སྐོར་ལམ་དང་ལྷ་ཁང་སོགས་སྒོ་འགྲམ་གང་སར་བསང་བུམ་མཐོང་རྒྱུ་ཡོད་པ་རེད། དུས་རྒྱུན་དུ་རི་བསང་དང་ཀླུ་བསང་སོགས་དར་སྲོལ་ཡོད་ཅིང་། ད་རུང་བོད་མིའི་གོམས་གཤིས་སུ་བླ་སྤྲུལ་དང་། དཔོན་ཆེན་ཁག་ཕེབས་དུས་བསང་བཏང་ནས་བསུ་མ་བྱེད་སྲོལ་ཡང་ཡོད་པ་རེད། མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་ནས། བསང་ནི་བོད་རིགས་ཀྱི་ལྷ་གསོལ་བའི་བྱེད་སྒོའི་ནང་མེད་དུ་མི་རུང་བའི་ཆ་ལག་ཅིག་ཡིན། ལོ་རྒྱུས་ཀྱི་ཐོག་ནས་བཤད་ན། གཙོ་བོ་མི་ཡུལ་གྱི་བཙོག་གྲིབ་མཐའ་དག་བསལ་ནས་ལྷ་སྤྱན་འདྲེན་པའི་སྔོན་འགྲོའི་ཆོ་ག་ཞིག་ཡིན་པར་གསུངས་ཤིང་། བོན་གྱི་ཡོངས་རྩེའི་འགྲེལ་བ་ཞེས་པ་ལས། གཉའ་ཁྲི་བཙན་པོ་ལྷ་ཡུལ་ནས་བྱོན་ཚུལ་གླེང་སྐབས་བོན་ཡང་ངལ་དང་། མཚེ་མི། ཙོ་མི་གསུམ་ཡང་མཉམ་དུ་མངགས་པར་ཡབ་ཀྱི་ཞལ་ནས། ༼གནམ་དོ་ལ་གཤེགས་པ་ན། མི་ཡུལ་བཙོག་དང་ནལ་ཆེ་བས། ཡ་ངལ་གྱིས་སྣ་དྲོངས་ཤིག མཚེ་མིས་སྐུ་གཡས་རྟེན་ཅིག ཙོ་མིས་སྐུ་ཡི་གཡན་རྟེན། ཡ་ངལ་གྱིས་སེལ་བསང་གྱིས༽ཞེས་བསྟན་ཡོད། དེ་ལྟར་ན། ལྷ་ཡི་རིགས་སྤྱན་འདྲེན་ཞུ་བའི་དུས་སུ། ཐོག་མར་བསང་དུད་བདུགས་ནས་ཡུལ་ཁམས་ཀྱི་བཙོག་གྲིབ་རྣམས་བསལ་དགོས་པ་རང་ཤུགས་སུ་མཁྱེན་ཐུབ་པར་མ་ཟད། བོད་མིའི་ཁྲོད་དུ། བསང་གཏོང་བའི་གོམས་སྲོལ་དེ་དར་ནས་ད་བར་ལོ་ཉིས་སྟོང་ལྷག་གི་དུས་ཡུན་ཡོད་པ་དང་། བསང་གཏོང་བའི་སྲོལ་དེ་བོན་ཆོས་ཀྱི་ཤུགས་རྐྱེན་ཡིན་ཅིང་། དེའི་བསམ་པའི་སྐུལ་སློང་བཙོག་གྲིབ་བསལ་རྒྱུའི་ཆེད་དུ་ཡིན་པ་བཅས་གསལ་བོ་རྟོགས་ཐུབ། ༼ཡོང་ཁུངས། མཚོ་སྔོན་པོ་དྲ་བ།༽

     
བོད་ཀྱི་དམར་བསང་གི་འབྱུང་ཁུངས་སྐོར་གླེང་བ།
      གླེང་གཞི།  བོད་ཀྱི་དམར་བསང་གཏོང་བའི་ཡུལ་གོམས་གཤིས་ལུགས་འདིའི་ཁུངས་ལོ་ངོ་སྟོང་ཕྲག་གཅིག་གི་ཡར་སྔོན་ཏེ། བོད་རྒྱལ་ཐོག་མ་གཉའ་ཁྲི་མ་བྱོན་པའི་སྔོན་ནས་བྱུང་ཞིང་འཕེལ་བའི་གདོད་མའི་དམར་མཆོད་ཀྱི་ཆོ་ག་བྱེད་སྲོལ་དང་འབྲེལ་བ་དམ་པོ་ལྡན་ཡོད། ཕྱིས་སུ་ད་ལྟའི་བསང་གི་རིགས་ཐམས་ཅད་ཀྱི་མེས་པོ་ལྟ་བུ་གདོད་མའི་དམར་མཆོད་ཀྱི་རིགས་དེ་དག་ལོ་རྒྱུས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་རིག་གནས་གཞན་གྱི་རྒྱུན་དང་ཉམས་འདྲེས་བྱུང་ཞིང་། སྔོན་གྱི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་ཀྱི་རྣམ་པའམ་བྲོ་བ་ལ་སྒྱུར་བཅོས་དང་བླང་དོར་སྣ་ཚོགས་བྱས་པས་དམར་བསང་གཏོང་བའི་སྲོལ་འདི་བྱུང་བ་ཡིན་པར་ངེས་སོ། །དེ་ལ་འདིར་གདོད་མའི་དམར་མཆོད་ལས་རིམ་འགྱུར་བྱུང་བའི་དམར་བསང་གི་འབྱུང་ཁུངས་སྐོར་མདོ་ཙམ་བརྗོད་པ་ལ།
 
དང་བོ། བསང་གི་གོ་དོན།
      བསང་ཞེས་པའི་ཐ་སྙད་འདི་བསང་གི་རིགས་སུ་གྱུར་པ་ཐམས་ཅད་ཀྱི་སྤྱི་མིང་ཞིག་རེད།   བསང་ཞེས་པའི་མིང་འདི་བྱེད་ནུས་ཀྱི་ཆ་ནས་བཏགས་པའི་རྗེས་གྲུབ་ཀྱི་མིང་ལ་གོ་ན་མི་འགྲིག་པ་མེད་དེ།  འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས་མཛད་པའི༼ནོལ་བསང་ཉམས་གྲིབ་ཀུན་སེལ༽ལས། རང་བཞིན་དག་པའི་བསང་མཆོད་འདིས། །མི་བསང་བ་ནི་གང་ཡང་མེད། ། གདུག་པའི་དུག་དང་བཙོག་པའི་གྲིབ། །ཐམས་ཅད་མ་ལུས་སངས་གྱུར་ཅིག །ཅེས་པའི་སྐབས་སུ་བསང་ནི་མི་གཙང་བ་ཐམས་ཅད་གཙང་བར་བྱེད་པའི་ནུས་པ་ཅན་ཞིག་ཡིན་པ་ཤེས་ཐུབ་པ་དང་། སློབ་དཔོན་པདྨས་མཛད་པའི༼རྒྱགས་བརྔན་ལྷ་བསང༽ནང་དུད་པ་གནམ་དུ་སོང་བ་ཡིས་བར་སྣང་གང་བའི་ལྷ་ཚོགས་བསང་མེ་གཞི་ས་གཞིའི་སྟེང་དུ་སྦར་ས་གཞི་གང་བའི་ལྷ་ཚོགས་བསང་སོགས་ཀྱི་སྐབས་སུ། བསང་གི་དག་གཙང་གི་ནུས་པས་ལྷ་ཚོགས་མཉེས་པར་བྱེད་པའམ་ཡང་ན་སྤྱན་འདྲེན་པའི་དོན་ཞིག་ཀྱང་གོ་རྒྱུ་ཡོད་པའི་ཞོར་དུ་རང་ཅག་གིས་དད་མོས་བྱེད་ཀྱིན་པའི་ལྷ་རྣམས་ནི་གཙང་སྦྲ་ལ་དང་དོད་ཆེ་བ་དང་བཙོག་གྲིབ་ཀྱི་རིགས་ལ་འཛེམ་དོགས་བྱེད་མཁན་གྱི་རིགས་ཤིག་ཡིན་པའང་ཤེས་ནུས། རིག་གནས་ཀྱི་རྒྱབ་ལྗོངས་འདི་འདྲ་ཞིག་ལ་བརྟེན་ནས་ང་ཚོའི་མེས་པོ་རྣམས་ཀྱིས་རི་མགོ་མཐོ་ལ་གཙང་བའི་ས་གནས་ཤིང་སྣ་སྨན་སྣ་མང་བོ་བསགས་ཏེ་མེ་ལ་སྦར་བའི་བསང་སྤྲིན་གྱིས་ལྷ་ལ་མཆོད་པ་དང་མཉམ་དུ་མཁའ་དབུགས་དག་གཙང་བྱེད་ཅིང་དེ་ལ་འབྱུང་གཞི་བདེ་ཐང་གི་ནུས་པའང་ཞོར་ལ་ཐོན་གྱི་ཡོད་པས་གནའ་རབས་བོད་མིའི་འཕྲོད་བསྟེན་གྱི་རིག་ཚན་ཞིག་ཏུའང་བརྩི་ཆོག་ན། བསང་ནི་མི་ཡུལ་གྱི་བཙོག་གྲིབ་སེལ་ནས་དད་ཡུལ་གྱི་ལྷ་སྤྱན་འདྲེན་པའི་གནའ་དུས་ནས་བྱུང་བའི་གོམས་སྲོལ་ཞིག་རེད་ཟེར་ན་མི་ཆོག་པ་མི་འདུག་སྙམ། ཡིན་ནའང་བདག་ཅག་གི་སྤྱོད་ཡུལ་དུ་གྱུར་བའི་བསང་ངམ་ལྷ་བསང་གི་རིགས་དག་ནི་བན་བོན་གཉིས་གཅིག་ཏུ་འདྲེས་རྗེས་སུ་བྱུང་བའི་འཇིག་རྟེན་མི་ཆོས་ཀྱི་ལྟ་སྟངས་ཤིག་ཡིན་པས། ད་ལྟའི་བསང་ཞེས་པའི་གོ་དོན་འདིས་བསང་གི་བྱེ་བྲག་དཀར་བསང་གི་གོ་དོན་ཆ་ཚང་ཞིག་མཚོན་ནུས་པའི་དབང་དུ་བཏང་ནའང་དམར་བསང་གི་གོ་དོན་ཆ་ཚང་ཞིག་སྟོན་མི་ཐུབ་པའི་ཕྱིར། དམར་བསང་ཞེས་པའི་ཁུངས་ངེས་པ་ལ་གཤེན་བོན་མ་དར་གོང་གི་དམར་མཆོད་ཤིན་ཏུ་དར་བའི་གདོད་མའི་བོན་ཆོས་དག་དང་འབྲེལ་ནས་གླེང་དགོས་སོ། །

གཉིས་པ། གདོད་མའི་དམར་མཆོད་ཀྱི་ཤན་ཤུགས།
     དམར་མཆོད་ཀྱི་རིགས་ནི་འཛམ་གླིང་ཐོག་གི་མི་རིགས་ཕལ་ཆེར་ལ་བྱུང་མྱོང་ཡོད་པ་དང་། དེ་ནི་ཆེས་གདོད་མའི་ཆོས་ལུགས་ཀྱི་རྣམ་པ་ཞིག་རེད། བོད་དུ་དམར་མཆོད་རྒྱ་ཆེན་བྱེད་པའི་སྐབས་དེར་ལྷ་ཞེས་པའི་སྣང་བརྙན་དེ་ད་དུང་གཞི་གྲུབ་མི་འདུག་མོད། ད་ལྟ་བདག་ཅག་གིས་ཡུལ་ལྷ་གཞི་བདག་གི་རིགས་སོགས་ལ་དམར་བསང་གིས་བརྔན་པ་ནི་སྔོན་གྱི་དམར་མཆོད་ཀྱི་ཤན་ཤུགས་ཐེབས་པ་དང་དེའི་རྒྱུན་མ་ཉམས་པ་ཞིག་རེད། བོད་རིག་པ་མཁས་ཅན་མཁར་རྨེའུ་བསམ་གཏན་ལགས་ཀྱིས་ཀོང་བོའི་བྲག་བརྐོས་ཡི་གེའི་ཐོག་ཏུ་གྲི་གུམ་བཙན་པོའི་སྲས་གཉིས་ཀྱིས་སྐུ་བླ་གཉན་པོ་ལ་གསོལ་མཆོད་བྱས་ཚུལ་འཁོད་ཡོད། ཁོ་བོས་ལྟར་ན་དེ་ནི་ཡུལ་ལྷ་ལ་དད་མོས་བྱེད་པའི་སྲོལ་གྱི་འབྱུང་ཁུངས་ལྟ་བུ་ཞིག་ཡིན་པར་སེམས་ཞེས་གསུངས་པ་ལ་གཞིགས་ན། བོད་དུ་ལྷར་མཆོད་པ་དང་ལྷའི་སྣང་བརྙན་གཞི་གྲུབ་པའི་དུས་ནི་སྐབས་འདི་ཙམ་ནས་བྱུང་ཡོད་ཚོད་རེད། ཡིན་ནའང་སྐབས་འདིར་བོད་དུ་དར་བའི་བོན་ནི་གཤེན་བོན་ནམ་གཡུང་དྲུང་བོན་ཡིན་པས་ཆོས་ལུགས་འདི་བོད་ཀྱི་ལོ་རྒྱུས་སྟེང་དམར་མཆོད་རྒྱ་ཆེན་བྱས་མྱོང་བའི་ཆོས་ལུགས་སྔ་མ་དག་དང་བསྡུར་ན་ལོ་བརྒྱ་ཕྲག་དུ་མའི་རྗེས་སུ་བྱུང་བ་རེད། དེ་ཡང་ཐོག་མའི་དུས་སུ་དམར་བསང་དང་དམར་མཆོད་ཅེས་པའི་ཐ་སྙད་ཀྱི་འཇུག་ཡུལ་ལ་ཁྱད་པར་ཡོད་དེ། བོད་དུ་སངས་རྒྱས་ཆོས་ལུགས་མ་བྱུང་བའི་གོང་དུ། ཆོ་ག་འདྲ་མི་འདྲ་གཏོང་མཁན་དང་། སྔགས་འདྲ་མི་འདྲ་རྒྱག་མཁན་སོགས་མཐུ་དང་ནུས་པའི་ལས་སྤྱོད་པ་བྱེད་མཁན་ཐམས་ཅད་ལ་བོན་པོ་དང་། དེ་དག་གི་བྱ་བ་དེ་ལ་བོན་ཟེར་གྱི་ཡོད་ཅིང་ཁུངས་གཅིག་ཏུ་གཏུག་ཡག་ཡོག་མ་རེད། བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་འཇིག་རྟེན་དུ་བྱོན་དུས། བདུད་ལ་རྟེན་མཁན་གྱི་མདུད་བོན་ཟེར་བ་དང་། བཙན་ལ་རྟེན་མཁན་གྱི་བཙན་བོན་ཟེར་བའི་བོན་པོའི་རིགས་མི་འདྲ་བ་འགའ་ཞིག་ནི་དེ་དུས་ནས་ཡོད་པ་དང་། དེ་ཚོས་སེམས་ཅན་གཞན་དག་གི་ལུས་སྲོག་ལ་འཚེ་བའི་དམར་མཆོད་བྱེད་སྲོལ་ཡོད་པ་ལ། སྟོན་པ་གཤེན་རབ་མི་བོ་ཆེས་དགག་པ་མཛད་ཅིང་། དམར་མཆོད་ཀྱི་དོད་དུ་སེམས་ཅན་གྱི་གཟུགས་བརྙན་སོགས་ཀྱིས་འཐུས་པར་གནང་བའི་མདོས་དང་ཡས་སོགས་ཀྱི་སྲོལ་གསར་དུ་བཏོད་ཅེས་པ་ལས། དམར་མཆོད་བྱེད་པ་ནི་གཤེན་བོན་མ་དར་གོང་ནས་བྱུང་བའི་གདོད་མའི་ཆོས་ལུགས་ཤིག་ཡིན་ཚུལ་རྟོགས་ཐུབ་པ་མ་ཟད་ངོ་བོའི་ཐད་ནས་དམར་བསང་དང་ཁྱད་པར་ཡོད་པའང་ཤེས་ཐུབ། དེས་ན་བདུད་བོན་དང་བཙན་བོན་གྱི་རིགས་དེ་ཚོ་སྟོན་པ་གཤེན་རབ་མ་བྱོན་གོང་གི་ལོ་བརྒྱ་ཕྲག་གི་དུས་ནས་བྱུང་ཡོད་པ་ཞིག་རེད་ལ། དེ་ཚོས་དམར་མཆོད་བྱེད་པའི་ཤན་ཤུགས་ཀྱིས་དམར་བསང་ཞེས་ཁུངས་གཤེན་བོན་ལ་ཐུག་པའི་ཆོ་གའི་རིགས་འདི་བྱུང་བ་རེད། ཡིན་ནའང་དམར་མཆོད་དང་དམར་བསང་གཉིས་སེམས་ཅན་གཞན་གྱི་ཤ་ཁྲག་མཆོད་པ་འདྲ་ནའང་ཤུགས་ཆེ་ཆུང་དང་གྲངས་འབོར་མང་ཉུང་། སྐབས་ཐོག་གི་དམིགས་ཡུལ་མི་འདྲ་བ་མ་ཟད། དམར་མཆོད་ནི་གཙོ་བོ་གཞན་གྱི་སྲོག་བཅད་པའི་ཤ་ཁྲག་རློན་པ་འབུལ་ལ། ད་ལྟའི་དམར་བསང་སྔོན་གྱི་དམར་མཆོད་ལས་འཕེལ་རྒྱས་བྱུང་བའི་མཚོན་རྟགས་གཙོ་བོ་ཞིག་ནི་དམར་གྱི་རིགས་མེ་ལ་དྲངས་ནས་དྲི་ལ་བརྟེན་པའི་དྲི་ཟའི་རིགས་སུ་གྱུར་པའི་ལྷ་ཚིམ་པར་བྱེད་པ་བཅས་ཤེས་ཐུབ། དམར་བསང་ཕུལ་བའི་ཁུངས་བོན་ལ་ཐུག་ཡོད་ཀྱང་དེ་ནི་སྟོན་པ་གཤེན་རབ་ཀྱིས་གསར་གཏོད་གནང་བའི་གཡུང་དྲུང་བོན་ཆོས་ནས་གསར་དུ་བྱུང་བ་ཞིག་ལ་གོ་མི་རུང་བར། དེའི་ཡར་སྔོན་དུ་བོད་ལ་དར་བའི་གདོད་མའི་བདུད་བོན་དང་བཙན་བོན་གྱིས་དམར་མཆོད་བྱེད་པའི་ཆོས་ལུགས་དེའི་ཁྲག་རྒྱུན་ལྟ་བུ་ཞིག་ལ་གོ་དགོས། གཞན་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་དུའང་གནའ་རབས་ཀྱི་བཙན་གསོལ་བའི་དམར་མཆོད་ཀྱི་ཡུལ་སྲོལ་དེ་རིགས་རྩ་བའི་ཆ་ནས་མེད་པར་གྱུར་ཟིན་རུང་། ཀོང་བོ་རྒྱ་ལ་གྲོང་ཚོ་དང་སྤོ་བོ་ཐང་སྨད་ཁུལ་སོགས་སུ་བཅིངས་འགྲོལ་མ་ཐོབ་གོང་སྲོལ་རྙིང་དེ་ད་དུང་གནས་ཡོད་འདུག་ཅེས་པ་ལས་གཅིག་ནས་དམར་མཆོད་ཀྱི་ལུགས་དེ་བོད་ཀྱི་ས་ཆ་ཁ་ཤས་སུ་ད་དུང་གནས་ཡོད་པ་དང་། གཉིས་ནས་དམར་མཆོད་ཀྱི་ཡུལ་གཙོ་བོ་བཙན་ཡིན་པས་ལྷར་མཆོད་པའི་དཀར་བསང་དང་ད་ལྟའི་དམར་བསང་སོགས་དང་ཁྱད་པར་ཡོད་ངེས་པའང་རྟོགས་ཐུབ་པ་བཞིན་བདུད་བོན་ཡིན་ན་བདུད་ལ་མཆོད་པ་དང་། བཙན་བོན་ཡིན་ན་བཙན་ལ་མཆོད་པ། གཤེན་བོན་གྱིས་སྐུ་བླ་གཉན་པོ་ལ་གསོལ་མཆོད་བྱེད་པ༼གྲི་གུམ་གྱི་སྲས་གཉིས་ཀྱིས་གསོལ་མཆོད་བྱས་པ་ལས་ཤེས་ཐུབ༽གང་ཡིན་རུང་ཕྱིས་སུ་ཆབ་སྲིད་སོགས་ཀྱི་དགོས་མཁོ་དང་རིག་གནས་མང་བོ་མཉམ་འདྲེས་བྱུང་བའི་ཤན་ཤུགས་ལ་བརྟེན་ནས་དམར་མཆོད་ཀྱི་ཡུལ་གཙོ་བོ་ཉི་ཟླ་སྐར་གསུམ་དང་ལྷ་ཡི་ངོ་བོའི་སྟེང་འཕེལ་འགྱུར་བྱུང་འདུག་པ་རྟོགས་ཐུབ། ༼ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ། ༽   
     
བོད་ཀྱི་བསང་མཆོད་སྐོར་ལ་རགས་ཙམ་དཔྱད་པ།
       བསང་གཏོང་ལུགས་ནི་ཆེས་གདོད་མའི་བོད་མི་རྣམས་ཀྱི་རང་བྱུང་ཁམས་དང་འཇིག་རྟེན་ཆགས་ཚུལ་ངོ་མཚར་བ་སྣ་ཚོགས་ཤིག་དང་། ལོ་རྒྱུས་དང་དུས་རབས་ཧ་ཅང་རིང་མོའི་ཁྲོད་ཉམས་དམས་སུ་མ་སོང་བའི་རིག་གནས་རིན་ཐང་བྲལ་བ་ཞིག་རེད། ལྷག་པར་ཁམས་དང་མདོ་དབུས་བཅས་ཡུལ་གྲུ་དང་། བན་བོན་སོགས་གྲུབ་མཐའ་སྨྲ་བ་ཡོངས་ཀྱིས་ཐུན་མོང་དུ་ཆོ་ག་འདི་ཁས་ལེན་པ་ཡིན། འོན་ཀྱང་ལྷ་གསོལ་མཆོད་འབུལ་གྱི་སྲོལ་འདི་བོད་མི་རང་གི་རྒྱུན་འཛིན་དང་བརྩི་མཐོང་ཆེ་བར་བྱེད་པ་ཙམ་ལས་དང་ཐོག་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དང་གནས་བབ་ཇི་འདྲ་ཞིག་གི་རྐྱེན་ལ་བརྟེན་བྱུང་མིན་གྱི་ལོ་རྒྱུས་ལ་བརྟག་དཔྱད་མཁན་ཉུང་། རྒྱའི་ཐང་ཡིག་གསར་རྙིང་སོགས་སུ་རྗེ་བློན་རྣམས་ཀྱིས་ལོ་རེར་འདུན་མ་ཆུང་ངུ་རེ་བསྡུས་ཏེ། ལུག་ཁྱི་སྤྲེལ་གསུམ་དམར་མཆོད་བྱེད། ཐོག་མར་སྲོག་ཆགས་དེ་དག་གི་རྐང་ལག་བྲེགས་དོན་སྣོད་མདུན་དུ་སྤུངས་ནས། བརྙེ་ཞིག་གིས་གནས་ས་རི་ལུང་ཉི་ཟླ་གཟའ་སྐར་ལ་སོགས་དཔང་དུ་གསོལ་ཏེ། གལ་ཏེ་འདུན་མ་དང་འགལ་ཏེ་བསམ་ངན་བྱེད་ན། ལྷ་ལ་མངོན་མཁྱེན་ཡོད་པས། ཁྱོད་ཚོ་ཡང་ལུག་ཁྱི་འདི་རྣམས་བཞིན་དུ་མི་བགྱིད་རི་ཞེས་མནའ་འདོར་རོ་ཞེས་པ་སོགས་ལ་དེང་དུས་འབྲོག་ཁུལ་གྱི་ས་ཆ་མང་བོར་དེའི་ཚབ་ཏུ་བསང་ཕུད་དེ་མནའ་སྐྱེལ་བ་སོགས་སྣང་ཚུལ་ཁྱད་པར་བ་མང་དུ་ཡོད་པ་དང་། ད་དུང་དམག་ལ་འགྲོ་བ། བླ་དཔོན་ཁྲི་འདོན། གསོལ་སྟོན་མཛད་སྒོ་སོགས་འཇིག་རྟེན་གྱི་བྱ་གཞག་ལེགས་གང་བགྱི་བའི་སྔོན་འགྲོ་དང་རིམ་གྲོ་ལ་བོད་མི་རྒན་གཞོན་ཡོངས་ཀྱིས་བསང་གཏོང་བ་འདི་ཧ་ཅང་རྒྱུགས་ཆེ།

དང་བོ། བསང་གི་ངོ་བོ་དང་དེའི་ཐོག་མའི་བྱུང་བ།
      རྒྱལ་དབང་ལྔ་བས་ཕུན་ཚོགས་དྲི་ལྡན་བསང་མཆོད་གའི་རྒྱུན། མི་གཙང་ཉེས་ཚོགས་འཁྲུད་པའི་ཆོ་ག་མཁན། །ཞེས་གསུངས་པས་བསང་ཞེས་པའི་ཐོག་མའི་རང་བཞིན་ནི་མི་གཙང་བའམ་བཙོག་གྲིབ་སེལ་བར་བྱེད་པ་གཅིག་པུ་ལ་གོ་བ་ཤུགས་ཆེ་མོད། འོན་ཀྱང་དེང་དུས་བསང་ཞེས་བརྗོད་ཚེ་ངེས་པར་ལྷ་གསོལ་ཀླུ་མཆོད་ཀྱི་ཆོ་ག་སྒྲུབ་ལུགས་འབའ་ཞིག་ཏུ་ངོས་འཛིན་པ་ལས་གདོད་མའི་བསང་ཞེས་པའི་བརྡ་རང་སྟེང་གི་གོ་དོན་དང་ཁྱད་པར་ཆེ་བར་སོང་བ་འདི་ལ་སུས་ཀྱང་གསལ་ཁ་ཆེ་བ་ཞིག་མཛད་མེད་ཅིང་། ལྷག་པར་བསང་ཡིག་འདོན་གསོལ་གྱི་ནང་དུ་སྣང་ཚུལ་འདི་གཉིས་དབྱེ་བ་སོ་སོར་མ་ཕྱེ་བར་འདྲེས་པ་དང་། ཡང་འགའ་ཞིག་གིས་དུ་བ་ལ་བརྟེན་ནས་གྲིབ་དག་པར་བཤད་པ་སོགས་བཞེད་ཚུལ་སྣ་ཚོགས་འདུག་པ་སོགས་འདིར་གཅིག་ཆོས་ཀྱི་ཁ་ཚོན་གཅོད་དཀའ་ཡང་། དེང་སང་མཚོ་ལྷོའི་ས་ཆ་ཁ་ཤས་སུ་གཤིན་པོ་དུར་འཇུག་བྱེད་ཚེ་ཁང་ཁྱིམ་གྱི་སྒོའི་ཕྱི་རུ་མེ་འཇོག་པ་དང་། ཡང་སྦྲུམ་མར་བུ་བཙས་པའི་དུས་སྒོ་མདུན་མེ་བཞག་སྟེ་ཕྱི་ནས་ཁྱིམ་དུ་ཡོང་བའི་མི་སུ་ཡིན་རུང་མེའི་སྟེང་དུ་འགོམ་ནས་ནང་ལ་ཡོང་བ། དེ་བཞིན་ཁང་ཁྱིམ་གང་ཞིག་གི་སྒོའི་ཕྱི་ན་དུ་བ་ལྷོག་ལྷོག་འཕྱུར་བ་ཞིག་ཡོད་ཚེ་དུད་ཚང་དེའི་ཁྱིམ་དུ་ཉེན་ཚབས་ཆེ་བའི་ནད་པ་སོགས་ཡོད་པར་བསྟན་པས་གང་བྱུང་གིས་ཁྱིམ་ལ་མ་ཡོང་ཞེས་པའི་བརྡ་ཙམ་ལས་དོན་ཅི་ཡང་མེད་པ་འདིས་གདོད་མའི་དུས་ཀྱི་བསང་བྱ་བ་མེ་ལ་མ་གཏོགས་དུ་བ་ལ་ཚུལ་མེད་པ་འདྲ། སྤྱིར་དེང་དུས་གོས་སོགས་རླུང་ལ་གཡེང་བ། ཆུ་ལ་བཀྲུ་བ་ཡོད་ཀྱང་། དེ་ལྟར་མ་བྱུང་ཚེ་མེ་ལ་བདུག་ནས་ཆོག་པར་བྱེད་པ་སོགས་ལ་བསམས་ན་གདོད་མའི་བོད་མི་རྣམས་ཀྱིས་ས་ཆུ་མེ་རླུང་འབྱུང་བ་བཞི་ལ་དད་མོས་བྱེད་པ་ལས་སྲོལ་འདི་མཆེད་པར་མངོན་ཏེ། གདོད་མའི་བོན་གྱི་ལུགས་སུ་འབྱུང་བ་བཞི་ལ་གནས་པའི་ལྷ་ཡོད་པར་སྨྲ་བ་དང་། སྣོད་བཅུད་ཀྱི་སྐྱེ་དངོས་ཡོད་དོ་ཅོག་འབྱུང་བ་བཞི་ལས་སྐྱེས་ཞིང་མཐར་འབྱུང་བ་བཞི་རང་སར་ཐིམ་པར་བྱ་དགོས་པར་འདོད་པ་འདིས་མྰར་གཞུང་ནས་བཤད་པའི་ཆེས་གདོད་མའི་དུས་ཀྱི་རང་བྱུང་ཁམས་དང་། མིའི་རིགས་ཀྱི་ཐུན་མོང་གི་གདོད་མའི་འདུ་ཤེས་གཉིས་བར་གྱི་འགལ་འདུའི་རང་བཞིན་གསལ་བར་མངོན་ཐུབ་པ་མ་ཟད། འདི་ནི་བོད་མི་རང་གི་ཐུན་མོང་མ་ཡིན་པའི་བསམ་བློའི་འདུ་ཤེས་ཤིག་ཀྱང་རེད། དེར་བརྟེན་སྨན་རྒྱུད་སོགས་ལས་རླུང་མཁྲིས་བད་ཀན་གསུམ་ག་ས་ཆུ་མེ་རླུང་འབྱུང་བ་བཞིའི་རང་བཞིན་དང་འབྲེལ་ཏེ་བརྟག་པ་ལ་འཕེལ་འགྲིབ་ནད་དང་སྦྱོར་བ་སྨན་གྱི་ལུགས་སོགས་མང་དུ་དབྱེ་བའི་སྲོལ་འདི་ཡང་དོན་དམ་པར་འབྱུང་བ་བཞི་དང་མིའི་སྐྱེ་ཕུང་གཉིས་རྟེན་འབྲེལ་ལུགས་འབྱུང་གི་རྒྱུ་མཚན་གྱིས་གཅིག་ཏུ་བསྡུས་པ་དང་། དེ་བཞིན་གཤིན་པོ་དུར་འཇུག་བྱེད་ཚེ་མེ་ལ་སྲེག་པ། ཆུ་ལ་སྐུར་བ། ས་འོག་ཏུ་འཇུག་པ། རླུང་སྟེ་བྱ་རྒོད་ལ་གཏོར་བ་བཅས་བེམ་པོ་དེ་ངེས་པར་འབྱུང་བ་བཞི་གང་རུང་ལ་ཐིམ་པར་བྱེད་པའང་གནད་འདི་ལ་ཐུག་པར་སྙམ། དེ་ན་གོང་ནས་དྲངས་པ་བཞིག་འབྱུང་བ་བཞི་ལ་ཁྱད་མེད་དུ་དུར་འཇུག་བྱེད་ནའང་། འདི་དག་ལས་ཀྱང་ཆེས་སྔ་བ་ནི་མེ་ལ་སྲེག་པའི་ལུགས་འདི་ཅུང་མངོན་ཆེ་བ་དེབ་ཐེར་ལས་ཁྲི་བདུན་བང་སོ་གནམ་ལ་བཏབ།  ལྷ་ལུས་རོ་མེད་འཇའ་ལྟར་ཡལ་ཅེས་བོད་བཙན་པོའི་ཐོག་མ་རྣམས་ཀྱི་བེམ་པོ་མེ་ལ་སྲེག་པའི་སྲོལ་བྱུང་བ་སུ་ལའང་རྩོད་མེད་དང་། དེ་བཞིན་ཆེས་སྔ་བའི་གནས་ཤུལ་བང་སོ་དག་ན་བེམ་པོ་མེ་ལ་སྲེག་པའི་སོལ་བ་སོགས་མཐོང་ཡུལ་དུ་ཡོད་པ་སོགས་ལ་བསམས་ན་མེ་ནི་ཆེས་གདོད་མ་ནས་ཧ་ཅང་གཙིགས་ཆེན་བྱེད་པ་མཐོང་ཐུབ་ལ། གནའ་བོའི་ཞི་ལའི་ལྷ་སྒྲུང་དུ་ཕོ་ལོ་མེ་ཞི་སི(普罗米修斯)འབོད་པས་མེ་ཐོག་མར་ལྷ་ཡུལ་ནས་བརྐུས་འོང་བར་བཤད་པ་དང་། རང་རྒྱལ་མན་ཇུ་རིགས་ཀྱི་ལྷ་སྒྲུང་དུའང་ཨ་ཐོ་(阿托)ཞེས་པའི་དཔའ་རྒོད་ཞིག་གིས་ལྷ་ཡུལ་ནས་མེ་ཁྱེར་འོང་བའི་བཤད་རྒྱུན་ཡོད། གཞན་ཡང་བོད་ཀྱི་དམངས་ཁྲོད་དུ་བྱ་དེ་ཕོ་ལྷ་ཡུལ་ལ་མེ་སློང་དུ་སོང་ཚུལ་སོགས་མང་། སྤྱིར་བེམ་པོ་མེ་ལ་སྲེག་པ་དེ་བསང་བྱ་བའི་གོ་དོན་དང་འབྲེལ་དཀའ་ཡང་། དེང་དུས་དུར་ས་གསར་དུ་འཚོལ་བ་ལ་ངག་རྒྱུན་དུ་རི་ཡག་ས། ས་གཙང་ས་སོགས་གཙང་བྱ་བའི་ཐ་སྙད་འདི་དང་མ་བྲལ་བ་ལ་བསམས་ན་མེ་སོགས་འབྱུང་བ་བཞིའི་རང་སྟེང་ན་བསང་ངམ་གཙང་བྱ་བའི་རང་བཞིན་འདི་ཤུགས་ནས་ཡོད་པར་འདོད་པ་གོ་ནུས་པ་དང་། དེ་བཞིན་དབྱིན་ཇིའི་མཁས་པ་ཧྥེ་ལེ་ཙིས(费雷泽)མེ་ཕུང(篝火)གིས་ནད་དང་འཆི་བ། སྣོད་བཅུད་མཐའ་དག་ལ་འཚེ་བའི་གནོད་པ་སྲེག་ཅིང་ཞི་བར་བྱས་ཏེ། མི་དང་དུད་འགྲོ་ལོ་ཏོག་བཅས་གཙང་བར་བྱེད་པ་ཡིན་ཞེས་པས་འཐུས། དེ་ན་བེམ་པོ་དེ་མེ་ལ་སྲེག་པས་རོའི་སྟེང་གི་བཙོག་གྲིབ་དང་དྲི་མ་ཡོད་ཚད་བསང་བར་བྱས་པ་རིགས་པས་གྲུབ་ཅིང་། ལྷ་གསོལ་བསང་མཆོད་བྱེད་པའི་སྲོལ་འདི་ཡང་མེའི་རང་བཞིན་གཙང་མ་ཡིན་པའི་རྒྱུ་མཚན་གྱི་རྨང་གཞིའི་སྟེང་རིམ་གྱིས་ཁྱབ་རྒྱ་ཆེ་བ་དང་འཕེལ་རྒྱས་ཆེས་ཆེར་བྱུང་བར་སྙམ། མཆོད་པའི་རིགས་ལ་ཆོ་ག་སྣ་ཚོགས་པ་འདུག་ཀྱང་དོན་དངོས་སུ་མཆོད་རྫས་རྗེན་པར་བཤམས་ནས་མཆོད་པ་དང་། ཡང་ན་མེ་ལ་སྦྱིན་སྲེག་ཏུ་བྱས་ནས་མཆོད་པའི་ལུགས་གཉིས་ལས་མ་འདས། རྒྱ་ནག་གིས་རང་གི་ཡང་མེས་ཀྱི་བང་སོའི་མདུན་དུ་འབུལ་བྱའི་དངོས་པོ་རྣམས་རྗེན་པར་བཤམས་པ་དང་། བོད་ཀྱིས་འདི་ལ་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱི་གསུང་ལས། གཙོ་བོ་ཚན་དན་ག་བུར་གུར་གུར་ཨ་ག་རུ་ཏི་སྟེ་དྲི་ལྔ། གཞན་གསེར་དངུལ་སོགས་རིན་པོ་ཆེའི་རིགས་དང་།གྲོ་ནས་སོགས་འབྲུའི་རིགས་དང་། གོས་དར་སོགས་ཟ་འོག་གི་རིགས་དང་། པདྨ་ཨུ་ལ་ཀུ་མུད་སོགས་མེ་ཏོག་གི་རིགས་དང་། བདུག་སྤོས་རྒྱ་སྤོས་སོགས་སྤོས་ཀྱི་རིགས་དང་། ཤུག་པ་བ་ལུ་སོགས་བསང་རྫས་ཀྱི་རིགས་དང་། ཡང་དཀར་གསུམ་མཁོ་དགུའི་དཔལ་འབྱོར་ཞེས་མི་རང་གིས་འབྱོར་ཚད་ཀྱི་དངོས་པོ་གང་ཡོད་མེ་ལ་སྲེག་ནས་མཆོད་པ་ཡིན། སྲོལ་འདི་དུས་ནམ་ཞིག་བོད་དུ་དར་བ་ལ་ལྔ་བ་ཆེན་པོས་མེ་ལ་རྫས་བཏབ་པའི་བསུར་འདི་བསྟན་ཕྱི་དར་གྱི་མདོ་རྒྱུད་མན་ངག་ཏུ་གསལ་བ་ཡོད་མེད་རང་གི་བརྟག་ཤིང་མང་དུ་ཐོས་པའི་རིགས་དུ་མར་དྲིས་ཀྱང་ཁུངས་རྙེད་པ་མེད་པ་འདྲ། གསང་སྔགས་རྙིང་མའི་ཕྱོགས་ལ་ཡོད་དོ་ཞེས་ཐམས་ཅད་མགྲིན་པ་བཏེགས་ནས་སྨྲ་ནའང་། རྙིང་མ་རྒྱུད་འབུམ་དུ་ངོ་སྤྲོད་པ་མ་བྱུང་། བླ་མ་དགོངས་འདུས་སུ་ཡོད་ཟེར་ཡང་གླེགས་བམ་དང་ཐོ་ཡིག་བསྡུར་ནས་བཙལ་ཀྱང་མ་རྙེད། གཏེར་ཁ་གོང་འོག་གི་ཡིན་ཟེར་དཔེ་འཁྱར་འདྲ་མཐོང་ཡང་གཏེར་གཞུང་ཚད་མ་ཡིད་ཆེས་ཀྱི་ཡི་གེར་མི་འདུག ཅེས་གསུངས་པ་ལ་བསམས་ན་སྐབས་འདིའི་བསང་ཞེས་བྱ་བའང་བསུར་དང་འདྲ་བར་ནང་བསྟན་གྱི་ཆོས་གཞུང་དུ་མགོ་ཁུངས་ཅུང་རྙེད་དཀའ་བས་མ་མཐར་ཡང་ལོ་ངོ་གཉིས་སྟོང་ལྔ་བརྒྱའི་གོང་གི་བོན་གཞུང་གི་ནང་དུ་འཚོལ་དགོས་པར་སེམས། ༼ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ། ༽
     
བོད་ཀྱི་དམངས་སྲོལ་བསང་མཆོད་ལ་ཅུང་ཙམ་གླེང་བ། 
      འཇིག་རྟེན་དུ་འགྲོ་བ་མིའི་རིགས་བྱུང་བ་ནས་འཕེལ་རྒྱས་སོན་པའི་བར་དུ་རང་བྱུང་ཁམས་ཀྱི་སྣང་ཚུལ་ལ་འདུ་ཤེས་འཛིན་སྟངས་འདྲ་མིན་སྣ་ཚོགས་བྱུང་ཡོད་པ་ནི་ང་ཚོའི་བོད་མི་རིགས་ཙམ་དུ་མ་ཟད།  མི་རིགས་གཞན་ལའང་ཡོད་པའི་ཁྱད་ཆོས་ཤིག་ཡིན་ལ། ང་ཚོའི་བོད་མི་རིགས་འདི་ཡང་མདོ་དབུས་མཐོ་སྒང་འདིར་ཐོག་མ་ནས་བྱུང་བ་ནས་ད་ལྟ་ལ་ཐུག་གི་བར་དུ་་་་་ཡུལ་སྲོལ།  གོམས་གཤིས། འདུ་ཤེས་འཛིན་སྟངས་སོགས་ཀྱི་ཐད་ལ་མེད་པ་ནས་ཡོད་པ། ཡོད་པ་ནས་འཕེལ་རྒྱས་སོང་བའི་བརྒྱུད་རིམ་ཞིག་བརྒྱུད་ཡོད་པ་སྨོས་མ་དགོས་པ་ཡིན། དེ་ཡང་བསང་མཆོད་ནི་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་རྒྱ་ཆེ་བ་ཞིག་ཡིན་ལ། བསང་གཏོང་བའི་བསང་རྩིའི་གཙོ་བོ་ནི་ཤུག་པ་དང་སྤ་མ། བ་ལུ། ཁམ་པ་སོགས་དྲི་བཟང་ལྡན་པའི་རྩི་ཤིང་གི་རིགས་ཡིན། དང་དོད་ཆེ་བ་ཙན་དན་དཀར་དམར་དང་ཨ་ག་རུ། གུར་ཀུམ། སྤང་སྤོས་སོགས་ཀྱང་སྲེ་མཁན་ཡོད། བསང་རྩམ་ནི་གཙོ་བོ་མར་བསྲེས་བའི་རྩམ་པ་དང་ཆེ་བ་དཀར་གསུམ་དང་མངར་གསུམ་དང་སྨན་ཕྱེ་བཅས་བསྲེས་ནས་བསང་མེའི་ཐོག་ཏུ་འདེབས་ཤིང་། ད་དུང་ཆང་ཕུད་དང་ཇ་ཕུད་དང་གྲིབ་སེལ་གྱི་ཆབ་འདེབས་པ་སོགས་ཀྱི་ཁྱད་ཆོས་ཡོད། ང་ཚོ་བོད་དུ་བོན་ལུགས་ལས་བརྒྱུད་པའི་ལྷ་གསོལ་བསང་གཏོང་གི་ཡུལ་སྲོལ་གོམས་གཤིས་མ་ཉམས་པར་ཡོད། ༼རྦ་བཞེད༽དང༼བཀའ་ཐང༽སོགས་སུ་བོད་ཀྱི་ལྷ་གསོལ་བསང་གཏོང་གི་དར་སྲོལ་ཇེ་ཆེར་གྱུར་ཚུལ་དཔེར་ན། བསམ་ཡས་ལྷ་ཁང་བཞེང་སྐབས་རྒྱལ་བོ་ཆེན་པོ་བཞི་སོགས་མིའི་ཁོག་ཏུ་བརླམས་ཏེ་ལུང་བསྟན་བྱེད་དུ་བཅུག་ཚུལ་ཡོད་པ་དང་། ཁྲི་སྲོང་ལྡེ་བཙན་གྱིས་ཀྱང་ཕྱག་བསྟར་གནང་བའི་རྗེས་ཤུལ་ཡང་ཡོད་ཟེར། དཔེར་ན། ལྷ་ས་གྲོང་ཁྱེར་དུ་ལོ་ལྟར་བོད་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་གཞིས་དམངས་ཐམས་ཅད་མཉམ་དུ་གཙུག་ལག་ཁང་གི་ཡང་སྟེང་སོགས་ལྷ་ཁང་ཁག་དང་སྐྱེད་ཚལ་སོགས་བསང་གཏོང་གི་བྱེད་སྒོ་གཟབ་རྒྱས་ཤིག་སྤེལ་བའི་དུས་ཆེན་མཆོད་པ་ཆེན་པོ་བཞིའི་ཡ་གྱལ༼འཛམ་གླིང་སྤྱི་བསང༽ཞེས་ཡོངས་གྲགས་དེའང་རྒན་རབས་ཀྱི་ངག་རྒྱུན་ལྟར་ན། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་བྱུང་བའི་གཏང་རག་ཏུ་ལོ་དེའི་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་བོད་ཀྱི་རི་ཆེན་བཞིའི་ཡ་གྱལ་ལྷོ་ཁ་བསམ་ཡས་སུ་ཡོད་པའི་ཧས་པོ་རིའི་རྩེ་མོར་བསང་ཆེན་ཞིག་བརྩིགས་ནས་ལྷ་གསོལ་བསང་མཆོད་གནང་བའི་དྲི་བཟང་བར་སྣང་ཁམས་སུ་འཁྱིལ་བས་དུས་སྟོན་དེར་འཛམ་གླིང་སྤྱི་བསང་དུ་གྲགས་ཡང༼རྒྱལ་བོ་བཀའ་ཐང༽ལས་བསམ་ཡས་བཞེངས་པའི་དགའ་སྟོན་བཤད་པའི་ནང་དུ་སྤོས་དཀར་སྨན་གྱི་དུ་བས་ལུང་བ་ཁེབས་ཞེས་བཀོད་ཡོད། འདིར་བལྟས་ན་ལྷ་གསོལ་བསང་མཆོད་ཀྱི་ཡུལ་སྲོལ་གོམས་འདྲིས་དར་ཡོད་པ་མ་ཟད། དམར་མཆོད་ཀྱི་སྲོལ་དེའང་ད་དུང་གནས་ཡོད་པ་ཤེས།  གང་ལྟར་ཡང་དམར་མཆོད་ནི་གནའ་རབས་ཀྱི་མི་རྣམས་ཀྱིས་ལྷ་སྲུང་དཔང་དུ་བཙུགས་ཏེ་མནའ་བོར་བའི་སྐབས་ཀྱི་ལྷ་གསོལ་ཡུལ་གོམས་གཤིས་ཤིག་ལགས། དགེ་འདུན་ཆོས་འཕེལ་ལགས་ཀྱི༼དེབ་ཐེར་དཀར་བོ༽འི་ནང་རྒྱའི་ཡིག་རྙིང་ལས་བཙན་པོ་རྗེ་བློན་རྣམས་ལོ་ལྟར་མནའ་བསྐྱལ་ཞིང་ཞེས་སོགས་སོ། །༼ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ། ༽
     
བོད་ཀྱི་ཡུལ་ལྷ་གསོལ་བ་དང་བསང་གཏོང་སྲོལ་སྐོར་གླེང་བ།
      དེ་ཡང་བོད་དུ་དར་བའི་ཆོས་ལུགས་ཆོ་གའི་ནང་ལས། ལྷ་བསང་གཏོང་བའི་སྲོལ་དེ་ནི་དར་ཁྱབ་ཆེ་ཤོས་ཀྱི་ཆོ་ག་ཞིག་ཡིན་ལ། ཆོ་ག་དེ་ནི་བོད་ཀྱི་ཡུལ་གྲུ་ཀུན་ཏུ་མ་ཟད། བོད་ཀྱི་རིག་གནས་དང་ཆོས་ལུགས་དར་བའི་རྒྱལ་ཁབ་དང་མི་རིགས་ནང་དུའང་རྒྱ་ཁྱབ་ཏུ་དར་ཡོད། ལྷ་བསང་གཏོང་བའི་ཆོ་ག་དེ་ནི་སྤྱི་ཚོགས་ཀྱི་གནས་བབ་མི་གཅིག་པའི་སྐྱེ་བོ་མཐོ་དམན་ཅི་རིགས་ཀྱིས་སྤེལ་བའི་ཆོ་ག་ཞིག་ཡིན། བསང་ཆོག་དེ་ནི་སོ་སོའི་ཁྱིམ་དུ་ཉིན་རེར་གཏོང་བ་དང་འདུ་ཚོགས་བྱེད་ཁུལ་དང་རི་རྩེ་ལ་ཡང་གཏོང་གི་ཡོད། ཡུལ་འགའ་ཞིག་ཏུ་དཔེར་ན་ཨ་མདོའི་ས་ཁུལ་དུ་ཆོ་ག་དེ་ཕོ་ཁོ་ནའི་བྱ་སྤྱོད་ཡིན་པ་དང་དབུས་གཙང་དུ་བུད་མེད་ཀྱིས་ལྷ་བསང་གཏོང་བའི་སྲོལ་ཡང་ཡོད། ཆོ་ག་འདི་ལ་སྤྱི་ཚོགས་ཐོག་ཏུ་རྣམ་པ་ངེས་ཅན་ཞིག་ཡོད་པར་བརྟེན་ཆོས་ཀྱི་དུས་མཆོད་དང་མི་སྐྱའི་དུས་ཆེན་ཁག་ཏུ་གཏོང་གི་ཡོད་པ་མ་ཟད། བླ་ཆེན་དང་མི་དྲག་ལ་ཕེབས་བསུ་ཞུ་བའི་སྐབས་སུ་ཡང་གཏོང་སྲོལ་ཡོད་པ་རེད། ལྟ་བའི་ཐོག་ནས་དཔྱད་ན་ཆོ་ག་འདིའི་ནུས་པ་གཙོ་བོ་ནི་གཙང་འཁྲུད་ཡིན་ནའང་། འདས་ཟིན་པའི་དུས་རབས་ནང་དེ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས་ད་ལྟའི་དུས་སུ་ཆོ་ག་དེའི་འབྱུང་ཚུལ་སོགས་སྐོར་ཤོད་སྲོལ་མི་འདྲ་བ་འགའ་ཞིག་ཡོད། ཤིན་ཏུ་དར་ཁྱབ་ཆེ་བའི་ལྷ་བསང་གཏོང་བའི་ཆོ་ག་དེའི་ཐོག་ད་དུང་གེ་ཁོད་ཀྱི་གཙང་འཁྲུད་ཅེས་པའི་ཆོ་ག་ཞིག་ཀྱང་སྤེལ་སྲོལ་ཡོད། ཆོ་ག་དེ་ནི་རྒྱུན་སྤེལ་གྱི་ཆོ་གའི་རིགས་སུ་གཏོགས་ཤིང་ཆོས་ལུགས་ཀྱི་ཁྱད་ཆོས་མངོན་པར་འཕགས་པའི་ཆོ་ག་ཞིག་ཡིན་ལ། དེ་ནི་ཚད་ལྡན་གྱི་མཆོད་གནས་ཤིག་གིས་ལག་བསྟར་བྱེད་པ་ཡིན། བོན་གྱི་གཞུང་དང་དཔེ་ཆའི་དབྱེ་སྲོལ་ལྟར་ན། གོང་གསལ་གྱི་གཙང་འཁྲུད་ཀྱི་ཆོ་ག་དེ་རིགས་སྤྱིར་བཏང་ཆབ་ནག་གི་ཁོངས་སུ་འཇོག་པ་ཡིན་ནའང་། གེ་ཁོད་གཙང་འཁྲུད་ཀྱི་ཆོ་ག་དེ་ནི་ཆོ་ག་གཞན་རྣམས་སྤེལ་སྐབས་སྔོན་འགྲོའི་ཚུལ་དུ་སྤེལ་བ་ཡིན། གེ་ཁོད་གཙང་འཁྲུད་ཀྱི་ཆོ་ག་དེ་ནི་ཞིབ་ཅིང་ཚགས་ཚུད་པའི་ཆོ་ག་ཞིག་ཡིན་ལ། དེ་ནི་ཆབ་དཀར1༼བོན་ལུགས་ཀྱི་གཞུང་དབྱེ་ཚུལ་ཐད་སེ་ནེལ་གོ་རུབ1967:16—18 དང་ཁོ་བོའི་དཔྱད་རྩོམ་ཨང་བཅུ་དྲུག་ལ་གཟིགས།༽ཞེས་ནང་མཆོད་ཀྱི་སྲོལ་ཁྲོད་ཀྱི་དགོས་ངེས་ཀྱི་ཞོར་གཏོགས་ཆོ་ག་ཞིག་ཡིན། ཆོ་ག་དེ་དང་དེའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་རྣམས་གཤམ་གྱི་ལེ་ཚན་ནང་གླེང་རྒྱུ་ཡིན། གོང་གསལ་ཆོ་ག་གཏོང་སྲོལ་གཉིས་ཆོས་ལུགས་ལམ་ལུགས་ཁྲོད་ཀྱི་ལག་ལེན་བྱ་ཚུལ་ཐད་གཅིག་མཐུན་མིན་ནའང་། བསང་དང་གེ་ཁོད་གཙང་འཁྲུད་གཉིས་ཀ་གཅིག་མཐུན་གྱི་ཆོས་ལུགས་ཆོ་གའི་དྲ་རྒྱ་ལས་མ་འདས། ང་ཚོས་ཐོག་མར་ཆོ་ག་དེ་གཉིས་ཀྱི་ནང་དོན་དངོས་ལ་བརྟག་ཞིབ་དང་། དེ་ལས་མངོན་པའི་གདོད་མའི་ཆོས་ལུགས་དད་པ། སྤྱི་ཚོགས་དང་། ཆོས་ལུགས། ཆབ་སྲིད་བཅས་ཀྱི་རྒྱབ་ལྗོངས་ལ་ཞིབ་འཇུག་བྱ་དགོས་པ་ཡིན། དེ་ཡང་ནང་མཆོད་ཀྱི་ཁོངས་སུ་གཏོགས་པའི་གེ་ཁོད་གཙང་འཁྲུད་སྐོར་མ་གླེང་གོང་། དར་ཁྱབ་ཆེ་བའི་བསང་མཆོད་འབུལ་སྲོལ་དེ་ཉིད་གླེང་བར་བྱ་སྟེ།
     
གཅིག གཙང་འཁྲུད་ཀྱི་ཆོ་ག་དང་འབྲེལ་བའི་ཐ་སྙད་ལ་དཔྱད་པ།
      དེ་ཡང་ཐོག་མར༼བསང༽ཞེས་པའི་ཐ་སྙད་སྐོར་འགྲེལ་བཤད་རྒྱག་རྒྱུ་དེ་ནི་གལ་ཆེའི་གནད་དོན་ཞིག་ཡིན། དེ་སྔོན་ཐ་སྙད་དེའི་སྐོར་ཕྱི་རྒྱལ་གྱི་ཞིབ་འཇུག་པ་དང་བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་མཁས་པ་རྣམས་ཀྱིས་འགྲེལ་བརྗོད་མཛད་ཡོད་ནའང་དེ་དག་གིས་ཕྱི་རབས་སྐྱེ་བོ་རྣམས་ལ་འཁྲུལ་སྣང་ཞིག་སྟེར་བ་ཡིན། དེ་ཡང་ཕྱི་རྒྱལ་གྱི་ཞིབ་འཇུག་པ་སེ་བན་ནན་ལྟ་བུས༼བསང་བུ༽ཞེས་པ་ནི་ཟས་རིགས་ལ་གོ་བར་གསུངས་ཤིང་།2༼སེ་བན་ནན1981—1983:243.༽བོད་ཀྱི་སངས་རྒྱས་པའི་མཁས་དབང་རྣམས་ཀྱིས་ཆོས་ལུགས་ཀྱི་དཔེ་ཆའི་ནང་འཁོད་པ་ལྟར་དེ་སྤོས་ཀྱི་མཆོད་པ་ཞིག་ཏུ་ངོས་འཛིན་གནང་ཡོད་ལ། དེ་ནི་རྒྱ་གར་ནས་བོད་དུ་དར་བར་འདོད་ནས་ཆེ་བསྟོད་བྱ་བའི་ཡུལ་དུ་གྱུར་ཡོད། 3༼དཔེར་ན༼བསང་མཆོད་ཀྱི་འབྱུང་ཁུངས་བསྟན་པ༽ལྟར་བུར་གཟིགས།༽སངས་རྒྱས་ཆོས་ལུགས་ཀྱི་ཤུགས་རྐྱེན་ལས། བསང་གི་ཆོ་ག་ཞེས་པའི་ས་སྐྱེས་རྡོ་སྐྱེས་ཀྱི་སྤྱི་ཚོགས་དང་རིག་གནས་བཅས་དང་འབྲེལ་བའི་ཆོ་ག་དེ་ལྷ་ལ་དྲི་ཞིམ་གྱི་མཆོད་པ་འབུལ་བའི་སྲོལ་ཞིག་ཏུ་འཕོ་འགྱུར་བྱུང་བ་དང་། དེ་ལྟའི་འགྲེལ་བཤད་བྱེད་པའི་ཚུལ་དེ་མཐའ་མ་སངས་རྒྱས་ཆོས་ལུགས་ནང་དུ༼བསང་མཆོད༽ཅེས་པའི་ཆོས་ལུགས་བྱེད་སྒོ་ཞིག་ཏུ་གཏན་འབེབས་བྱས་ཡོད་པ་རེད་ལ། 4༼འདི་ནི་བསང་དང་མཆོད་པ་ཞེས་པ་ཚིག་གཉིས་བསྡུས་པ་ཡིན། བསང་མཆོད་ཅེས་པའི་ཚིག་འདི་རླངས་ཀྱི་པོ་ཏི་བསེ་རུ༼ལྡེབ 10༽དང་དབུ་ནག་མིའུ་འདྲ་ཆགས་གཉིས་ནང་བེད་སྤྱོད་བྱས་འདུག  ཕྱིས་སུ་ཐོན་པའི་ཐ་སྙད་ཐད་གསང་གསོལ་ཞེས་པ་ལྟ་བུ་ཡོད་ལ། ཐ་སྙད་དེ་ནི་དེང་དུས་རྒྱ་གར་དུ་ཡུལ་གྱར་ནས་གནས་པའི་བོད་མི་ཚོའི་ཁྲོད་དུའང་བེད་སྤྱོད་བྱེད་པ་ཡིན༼སེ་ལེ 1993༽ཉེ་རབས་ཀྱི་མཁས་པ་དཔེར་ན་ཐུའུ་བཀན་བློ་བཟང་ཆོས་ཀྱི་ཉི་མ(1737—1802)ཡིས་བསང་མཆོད་དང་གསོལ་མཆོད་ལྟ་བུ་བེད་སྤྱོད་མཛད་ཡོད། ༼ལོ་ཁ་ཤི་ཆན་དྲ1963:285༽གསོལ་མཆོད་ཅེས་པའི་ཐ་སྙད་དེ་ནི་མཆོད་གསོལ་ཞེས་པ་ཕྱིན་ཅི་ལོག་ནས་བྲིས་པ་ཞིག་ལགས་ཤིང་དེ་ནི་ཆེས་གནའ་བོའི་མིང་ཚིག་ཅིག་ཡིན༼PT126,1,142༽གསོལ་མཆོད་ཀྱི་ཆོ་གའི་ཐོག་བསང་བེད་སྤྱོད་མི་བྱེད་དོ། །༼འཕྲིན་ལས་མྱུར་གྲུབ༽ལ་དཔྱད་པར་འཚལ།  ༽སྣང་ཚུལ་དེ་ནི་ཕྱིས་སུ་དར་བའི་བོན་གྱི་གྲུབ་མཐའི་ནང་དུའང་ཉར་ཚགས་བྱས་ཡོད་པ་རེད། བསང་མཆོད་སྐོར་གྱི་ནང་དོན་རྒྱས་ཤོས་དང་བེད་སྤྱོད་བྱ་མང་ཤོས་ཀྱི་དཔེ་ཆ་ནི་རྒྱལ་བ་ལྔ་བ་ཆེན་པོས་མཛད་པའི་དཔེ་ཆ༼བསང་མཆོད་བཀྲ་ཤིས་འཁྱིལ་བ༽ཞེས་པ་དེ་ཡིན། རྒྱལ་དབང་ལྔ་བ་ཆེན་པོས་དཔེ་ཆ་དེ་རྩོམ་སྐབས་སློབ་དཔོན་པདྨ་འབྱུང་གནས5༼བསང་མཆོད་བཀྲ་ཤིས་འཁྱིལ་བ p.21. ༽ཀྱིས་བརྩམས་པར་གྲགས་པའི་བསང་ཡིག་འགའ་ཞིག་ལ་དཔྱད་གཞི་གནང་ཚུལ་གསུངས་ནའང་། དོན་དངོས་ཐོག་དཔེ་ཆ་དེ་ནི་བོད་ཀྱི་སྔར་ཡོད་ཀྱི་ཆོ་གའི་ནང་དོན་དང་ལེན་གནང་བ་ལས་བྱུང་བ་ཞིག་ཡིན་པ་གོར་མ་ཆག གནའ་བོའི་དཔེ་ཆ་དག་ལ་ཞིབ་མོས་བརྟག་དཔྱད་བྱས་ན། བསང་ཞེས་པའི་ཚིག་ནི་བྱ་ཚིག ༼བསང་བ༽ཞེས་པ་ལས་མཆེད་པ་དང་། ༼བསང་བ༽ཞེས་པ་དེ་དང༼སངས་པ༽ཞེས་པའི་ཚིག་གཉིས་ནི་གཅིག་ལས་གཅིག་མཆེད་ཀྱི་འབྲེལ་བ་ལྡན་པ་ཞིག་ཡིན་ཚུལ་རྟོགས་ཐུབ། དེར་བརྟེན། ༼བསང་བ༽ཞེས་པའི་ཚིག་ནི་མེ་ལ་བརྟེན་པའི་ཆོ་ག་ནས་ཐོན་པའི་མིང་ཚིག་ཅིག་ཡིན་པ་ལས། རོ་མྱོང་བའམ་དྲི་སྣོམ་པའི་དོན་དང་འབྲེལ་བ་གཏན་ནས་མེད། སངས་རྒྱས་ཆོས་ལུགས་ཀྱི་ཆོས་པ་རྣམས་ཀྱིས་གོང་གསལ་རོ་མྱོང་བའམ་དྲི་སྣོམ་པ་ཞེས་པ་གཉིས་ལས་དྲི་སྣོམ་ཞེས་པ་བསང་སྤོས་དང་འབྲེལ་བའི་ནང་དོན་དེ་ཉིད་ཚུར་བླངས་ནས་རྒྱུན་དུ་སངས་རྒྱས་ཆོས་ལུགས་ཀྱི་མཆོད་པ་ལྔ་ཞེས་པའི་ནང་གསེས་གཅིག་ཏུ་ཕྱེས་ཡོད།  འོ་ན་གང་འདྲ་ཞིག་ལ་བསང་གི་ཆོ་ག་དང་། དེས་གང་ཞིག་གཙང་སེལ་བྱེད་པ་ཡིན་ནམ་ཞེ་ན། ང་ཚོས་དེའི་སྐོར་ལན་ཞིག་མ་རྒྱབ་སྔོན་དུ་གཤམ་གྱི་འགངས་ཆེའི་དཔེ་ཆ་ཞིག་ནང་དུ ༼བསང་བ༽ཞེས་པའི་བྱ་ཚིག་དེ་ཇི་ལྟར་བྱས་ནས་བེད་སྤྱོད་བཏང་བའི་ཚུལ་ལ་གཟིགས་ཙམ་གནང་ན། དེ་ཡང༼བསང་གི་དག་གཙང་སྔོན་འགྲོ༽ལས། ༼སྟེང་གི་ལྷ་ཡང་བསང་བར་བྱ། །འོག་གི་ཀླུ་ཡང་བསང་བར་བྱ། །བར་གྱི་གཉན་ཡང་བསང་བར་བྱ། །གདན་ཁྲི་རྣམས་ཀྱང་བསང་བར་བྱ། །ཆས་གོས་རྣམས་ཀྱང་བསང་གྱུར་ཅིག༽6༼བསང་གི་དག་གཙང་སྔོན་འགྲོ༽p.2 .༽ཅེས་པ་ལྟར་རོ། །གོང་གསལ་དཔྱད་གཞི་དེའི་ཚིག་རྐང་སོ་སོའི་མཐའ་མཇུག་ནི་བྱ་ཚིག༼བསང་བ༽7༼ PT1042 ནང་དུ་ཡོད་པའི་ཐ་སྙད༼མཁན་སྤྲུའི་བསང༼1.59༽ཞེས་ཡོད། ཚིག་དེའི་དོན་ནི་མཁན་བུའི་དྲི་བསང་གི་གཙང་སེལ་བྱས་ཞེས་པའི་དོན་ཡིན། ལར་མཁན་སྤྲུ་ཞེས་པ་ནི་རྩི་ཤིང་མི་འདྲ་བ་རིགས་གཉིས་ཡིན་པར་སྣང་སྟེ་མཁན་ནི་མཁན་པ་དང་སྤྲུ་ནི་སྤྲ་བ་ཡིན༼མེ་ཡེར1901:173༽.སྤྲ་བ་ནི་རྟག་ཏུ་བསང་གི་མཆོད་པའི་ནང་དུ་བེད་སྤྱོད་བྱ་བ་ཡིན། བསང་ཞེས་པའི་ཐ་སྙད་དེ་ནི༼སྒྲ་སྦྱོར་བམ་པོ་གཉིས་པ༽ཡི་ནང་དུའང་གསལ༼ས་ཀ་ཀི1916—26༽བ་ནི༼asvamedhayajna༼5061༼ཞེས་པ་དེ༼རྟས༼བསང་གི་མཆོད་སྦྱིན་ནམ་རྟས་གཙང་གི༼ཞེས་པར་བསྒྱུར་འདུག་གོ །༽ཞེས་པས་བསྡུས་ཡོད། ཆོ་ག་ཞིག་ནང་དུ་ཆུ་དང་འབྲེལ་ནས་གཙང་འཁྲུད་བྱེད་པའི་སྲོལ་ལ༼བསང་བ༽ཞེས་མ་འབོད་པར་དེ་ལ༼གཙང་བ༽8༼བསང་གི་དག་གཙང་སྔོན་འགྲོ༼p.1. ༽ཞེས་ཟེར་བ་ཡིན་ལ། བྱ་ཚིག་དེ་ནི༼ཚངས༽ཞེས་པའི་ཚིག་ལས་མཆེད་པ་ཞིག་ཡིན། དེར་བརྟེན། ༼བསང་བ༽ཞེས་པའི་དོན་ནི་དྲི་ཞིམ་བརྒྱུད་ནས་བྱབས་ཁྲུས་བྱེད་པ་དང་། ༼གཙང་བ༽ནི་ལྷ་ཆུ་གཏོར་ནས་བྱབས་ཁྲུས་བྱེད་པའི་དོན་ལ་གོ་བ་ཡིན། 9༼རྨེ༼དམེ༼ན་ཚན་དང་སྤོས་ཀྱིས་བསང་། མནོལ་ན་གཙང་མ་ཁྲུས་ཀྱི་ཀྲུས༽ཞེས་པ་ལྟར་རོ། །༼གཟི་བརྗིད༼པོད་ཁ་པ་ལྡེབ 65.༽
       ང་ཚོས་གཙང་སེལ༼བྱབས་ཁྲུས༽ཀྱི་ཆོ་གར་བརྟག་དཔྱད་བྱེད་སྐབས། གནད་དོན་དེ་དང་ཆབས་ཅིག་ཏུ་ཐོན་པའི༼མི་གཙང་གྲིབ༽ཅེས་པའི་རྣམ་རྟོག་སྐོར་ལའང་རྟོག་ཞིབ་བྱ་རྒྱུའི་བློ་ཞིག་སྐྱེས་པ་ནི་རང་བཞིན་དུ་ཟད། དེ་ཡང༼གྲིབ༽ཅེས་པ་ནི་སྤྱིར་ན་མི་གཙང་བའི་དོན་ལ་གོ་བ་ཡིན། འོན་ཀྱང་གཙང་འཁྲུད་ཀྱི་ཆོ་གའི་དཔེ་ཆའི་ནང་དུ་རྒྱུན་དུ་མཐོང་རྒྱུ་ཡོད་པའི་ཐ་སྙད་ནི ༼གྲིབ༽ལ་སོགས་པའི་ཐ་སྙད་རྣམས་མ་ཡིན་པར། ༼དམེ༽དང༼མནོལ༽ཞེས་པ་གཉིས་ཡིན། དེ་གཉིས་པོ་ལས། དམེ་ཞེས་པའི་དོན་ནི་སྐྱེ་བོ་ཞིག་གིས་རང་དང་ཁྱིམ་ཚང་གཅིག་པ་ཡིན་པའི་སྤུན་མཆེད་དག་དམར་གསོད་བྱས་པའི་སྡིག་གྲིབ་ལ་ཟེར་ཞིང་། སྡིག་གྲིབ་དེ་ཉིད་དག་ཕྱིར་སྤེལ་བའི་ཆོ་ག་དེར༼བསང་བ༽ཞེས་དྲི་བསང་གཙོར་བྱེད་པའི་ཆོ་ག་ཞིག་དང་། མནོལ་ཞེས་པའི་དོན་ནི་བཙོག་གྲིབ་དང་དེ་ཉིད་སེལ་ཕྱིར་དམིགས་ཤིང་ལྷ་ཆུའམ་གཤེར་ཁུ་གཞན་ཅི་རིགས་གཏོར་ནས་བཙོག་གྲིབ་ཕོག་ཡུལ་དེ༼དག་པར༽བྱེད་པའི་ཆོ་ག་ཞིག་ཡིན། འོན་ཀྱང་། ཆོ་གའི་དཔེ་ཆའི་ནང་དུ༼རྨེ༼དམེ༽བ་དག་ལ་མནོལ་བ་ཚང༽ཞེས་དེ་གཉིས་པོའི་དབར་དེ་ལྟའི་ཁྱད་པར་རྣམས་ཀུན་ཏུ་འབྱེད་པ་མ་ཡིན་ནོ། །10༼དཔེ་ཆ་ཐོར་བུ་ཨང་གཉིས་པའི 1.70 ལ་གཟིགས། ༽
      གོང་གསལ་གྱི་ཆོ་ག་དེ་དག་ནི་འགྲོ་བ་མི་རྣམས་ཀྱི་གྲིབ་དང་སྤྱོད་པས་མི་རང་དང་། ལྷ།  ཡུལ་ལྗོངས་སོགས་ལ༼ཕོག་པའམ་འབགས་པ༽ཞེས་བཙོག་སྐྱོན་བཏང་བའི་རྟོག་པ་ཉིད་གཞིར་བྱས་ནས་གྲུབ་པ་ཞིག་ཡིན། འགྲོ་བ་མི་རང་དང་ཡུལ་ལྗོངས་ལ་བཙོག་སྐྱོན་བཏང་བའི་འབྲས་བུར་ལྷས་སྐྱེ་བོ་དེ་དག་ལ་ཁོང་ཁྲོ་བྱེད་ལ་རོགས་ཕན་ཀྱང་མི་བྱ་ཞེས་ཟེར་བ་ཡིན། དེས་ན་མི་སུ་ཞིག་གིས་རང་ལ་བཙོག་གྲིབ་གཏོང་བའི་བྱ་སྤྱོད་རིགས་བྱས་ན་དེ་མ་ཐག་ཏུ་གཙང་འཁྲུད་ཀྱི་ཆོ་ག་ངེས་པར་དུ་སྤེལ་དགོས་ཀྱི་ཡོད། ཆོ་ག་དེ་རིགས་ནི་རྒྱུན་དུ་སྤེལ་དགོས་ལ། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི་མི་རྣམས་ཀྱིས་རང་གི་ཤེས་པའི་ཡུལ་དུ་མ་གྱུར་པའི་མི་གཙང་བའི་སྤྱོད་པ་རྩོམ་སྲིད་ལ། མི་གཙང་བའི་སྤྱོད་པ་དེ་དག་ནི་གཅིག་ནས་རང་རང་གི་འདོད་བློ་དང་འགལ་ཞིང་གཉིས་ནས་རང་གིས་གསོལ་བའི་ལྷ་ལའང་གནོད་པ་ཡིན། དེར་བརྟེན། ནམ་རྒྱུན་དུ་མི་རྣམས་ཀྱིས་ངེས་པར་དུ་འཛེམ་དགོས་པའི་བྱ་སྤྱོད་ཁག་གཅིག་ཡོད་པ་དེ་དག་གཤམ་དུ་བརྗོད་པར་བྱ།
     
གཉིས་པ། མི་གཙང་བའི་རྟོག་པའི་སྐོར་ལ་དཔྱད་པ།
      གནད་དོན་དེའི་སྐོར་ཁོ་བོས་གྲུ་གུམ་བཙན་པོ་དང་བློན་པོ་ལོ་ངམ་གཉིས་འཐབ་པའི་སྐོར་གྱི་གཏམ་རྒྱུད་ལ་དཔྱད་ཞིབ་བྱས་ནས་གླེང་རྒྱུ་ཡིན། དེ་ལྟར་བྱ་བའི་རྒྱུ་མཚན་ནི་གཏམ་རྒྱུད་དེའི་ནང་དུ༼མི་གཙང༽ཞེས་པའི་རྟོག་པ་དེ་གྲུབ་བྱེད་ཀྱི་རྩ་བའི་རྒྱུ་རྐྱེན་འགའ་ཞིག་མཆིས་པས་སོ། །དེ་སྐབས་ཀྱི་བཙན་པོ་ནི་སྟེང་ལྷ་ནས་མཆེད་པའི་རིགས་ཡིན་པར་ངོས་འཛིན་བྱ་བ་ཡིན་པས་དེ་ལ་སུ་ཞིག་གིས་ཀྱང་བཙོག་གྲིབ་གཏོང་མི་ཆོག་པ་ཡིན། འོན་ཀྱང་། བཙན་པོ་དེས་རང་གི་བློན་པོར་རང་གི་དོ་ཟླ་བྱ་དགོས་ཀྱི་བཀའ་ཕབ། བློན་པོ་དེས་བཙན་པོའི་བཀའ་ཉིད་དང་དུ་བླངས་ཀྱང་དེ་ཞོར་དུ་བཙན་པོར་ཆ་རྐྱེན་འགའ་ཞིག་བཏོན་ཡོད། ཆ་རྐྱེན་དེ་དག་གི་གྲས་སུ། ཁོང་གཉིས་འཐབ་སྐབས་བཙན་པོས་རང་གི་དཔུང་བ་གཡོན་དུ་ཞི་མིའི་རོ་དང་། དཔུང་བ་གཡས་སུ་སྤྲེའུའི་རོ་ཞིག་འཇོག་དགོས་ཚུལ་ཀྱང་བཏོན་ཡོད། བཙན་པོས་དེ་ལྟར་མཛད་པས་རང་ལ་རོགས་ཕན་བྱེད་མཁན་གྱི་ལྷ་ལ་བཙོག་སྐྱོན་ཕོག་ཅིང་ལྷས་བཙན་པོ་རྒྱབ་ཏུ་བསྐྱུར་བ་ཡིན་ནོ་ཞེས་གྲགས། གཏམ་རྒྱུད་དེ་ལ་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་འཕོ་འགྱུར་ཆེན་པོ་བྱུང་ནས་ཤོད་སྟངས་མི་འདྲ་བ་འགའ་ཞིག་ཆགས་ཡོད་དེ། ཏུན་ཧོང་གི་ཡིག་རྙིང་ནང་དུ། བློན་པོ་ལོ་ངམ་གྱིས་རང་གི་མཆན་ཁུང་འོག་ནས་སྤྲེའུ་ཞིག་སྟོན་པས་བཙན་པོའི་ལྷ་ལྡེ་བླ་གུང་རྒྱལ་དེ་མ་ཐག་ཏུ་བྲོས་ནས་སོང་ཞིང་། སྤྲེའུ་དེ་བཙོག་གྲིབ་ཤིན་ཏུ་ཆེ་བས་ལྷ་དེ་གངས་རི་ཏི་སེར་མ་སླེབས་བར་དུ༼འཕང་བ༽ཞེས་བྲོས་པ་སྟོན་པ་ལས་སྤྲེའུ་དེ་ཤི་གསོན་གང་ཡིན་སྐོར་གསལ་བོ་འཁོད་མི་འདུག11༼ PT1287༼བེ་ཁོ་ད1940:98༼ལོ་ངམ་གྱིས་མཆན་ནས་སྤྲེའུ་ཕུང༼ཕྱུང༼བས༼ལྟ་བུའོ། ། ༽ང་ཚོ་ཚང་མས་མཁྱེན་གསལ་ལྟར། ཏུན་ཧོང་གི་ཡིག་ཆའི་ནང་འཁོད་པའི་གཏམ་རྒྱུད་ཀྱི་ནང་དོན་ནི་ཅུང་ཟད་མདོར་བསྡུས་ཅན་ཞིག་ཡིན་པ་དང་། དེ་རྗེས་ཀྱི་ཡིག་ཆའི་ནང་དུ་འཁོད་པའི་ནང་དོན་རྣམས་ནི་འཕེལ་རྒྱས་སུ་བཏང་བ་ཞིག་ཡིན། གང་ལྟར་ཀྱང་། ཕྱིས་སུ་ཐོན་པའི་དཔེ་ཆའི་ནང་དུ། སྲོག་ཆགས་ཀྱི་ཕུང་བོ་ཞིག་ཡོད་ཚུལ་གསལ་བཤད་བྱས་ཡོད་ལ། 12༼རྒྱལ་བོས་སྤྲེའུ་དང་ཞི་མི་ཁྲིད༼ལྡེའུ་ཆོས་འབྱུང p.245༽.ཝ་དང་ཁྱི་ཡི་རོ༼མཁས་པའི་དགའ་སྟོན་ལྡེབ7.1༽.ཝ་དང་ཞི་མི་ཤི་བའི་རོ༼ཡར་ལུང་ཇོ་བོའི་ཆོས་འབྱུང p.42༽.སྤྲེའུ་གཅིག་དང་ཞི་མི་གཅིག༼ལེགས་བཤད་མཛོད། དབྱིན་འགྱུར་མ། མཁར་རྨེའུ1972:67.༽དཔེ་ཆ་སོ་སོའི་ནང་བརྗོད་པའི་སྲོག་ཆགས་དེ་དག་ཀྱང་གཅིག་པ་མ་ཡིན། སྤྲེའུའི་རོ་ཞིག་གིས་སྐྱེན་བྱས་ལྷ་དེས་བཙན་པོར་རོགས་མ་བྱས་པར་ནུབ་ཕྱོགས་སུ་བྲོས་པའི་སྐོར་དང་གཤམ་གསལ་གྱི་ནང་དོན་བར་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་དེ། དེ་ཡང་ཕྱི་རྒྱལ་གྱི་བོད་རིག་པ་ཞིབ་འཇུག་པ་བེ་ཁོ་ད་ཡིས༼དེ་སྐབས་ཀྱི་སྤྲེའུ་དེ་ནི་བཙན་པོའི་མེས་པོའི་མཚོན་བྱེད་ཡིན༽ཞེས་གསུངས། ཁོ་བོའི་འདོད་ཚུལ་ནི། ལྡེ་བླ་གུང་རྒྱལ་དང་བོད་ཀྱི་རྒྱལ་བོའི་ཐོག་མ་གཉའ་ཁྲི་བཙན་པོ་དང་འབྲེལ་བའི་ལྷ་འོ་དེ་གུང་རྒྱལ་ནི་ལྷ་གཅིག་མིང་གི་རྣམ་གྲངས་སུ་ཟད་དོ། །མཚམས་འདིར་གལ་ཆེར་བརྗོད་དགོས་པའི་དོན་ཞིག་ནི། བཙོག་སྐྱོན་ཕོག་པའི་དངོས་རྫས་སམ། སྲོག་ཆགས་གསོན་པོའམ་ཤི་རོ་ཅི་རིགས་ནི་མི་ཞིག་ཐོག་མར་སྐྱེ་དུས་ནས་ཡོད་པའི་ལྷ་དེ་དག་གནས་སའི་གཟུགས་ཐོག་ཏུ་འཇོག་མི་ཉན་པར་གྲགས། གཤམ་གྱི་གཏམ་རྒྱུད་དེ་ནི་གཤེན་རབ་མི་བོ་ཆེའི་སྐོར་ཡིན་ལ། དེའི་ནང་མི་གཙང་ཞེས་པའི་རྟོག་པ་དེ་ནི་ཇི་འདྲ་ཞིག་ཡིན་མིན་གསལ་བཤད་བྱས་ཡོད་དེ། དེ་ཡང་གཤེན་རབ་མི་བོ་ཆེ་ནར་མ་སོན་པའི་སྐབས་ཀྱི་ཉིན་ཞིག ཁོང་ལྡུམ་རའི་ནང་རྩེད་འཇོར་རོལ་བཞིན་ཡོད། བདུད་ཁྱབ་པ་ལག་རིང་གིས་མི་གཙང་བ་དགུ་ལྡན་པའི་འབྲུག་གློག་ཅིག་ཏུ་སྤྲུལ་ནས། ༼ཁོ་པ་མ་ཤི་ནའང་བཙོག་གྲིབ་ཕོག་རྒྱུ་ནི་ཐེ་ཚོམ་དང་བྲལ་ལོ༽ཞེས་གཅིག་ལབ་བརྒྱབས་ནས་གཤེན་རབ་ཀྱི་མགོ་ཐོག་ཏུ་གློག་དམར་འཁྱུགས། འོན་ཀྱང་། གཤེན་རབ་ཀྱི་ལྷུན་གྲུབ་ཤེས་རབ་ཀྱི་ནུས་པ་ལས་མི་གཙང་བ་དགུ་བོ་རྣམས་མཚོན་དགུའི་གཡང་ལ་བསྒྱུར་ནས་བདུད་ཁྱབ་པ་ལག་རིང་ལ་ཕར་རྒོལ་བྱས་སོ་ཞེས་གྲགས། སྲོལ་རྒྱུན་ལྟར་ན། མི་གཙང་བ་དགུ་བོ་ནི་འགྲོ་བ་མི་ལ་འབྱུང་བའི་བཙོག་གྲིབ་ཞིག་ཡིན་པར་འདོད་ལ། མི་གཙང་བ་དགུ་བོ་རྣམས་ནི། 13༼གཟི་བརྗིད༽པོད་གཉིས་པ། ལེའུ5,ལྡེབ 69.༽
      དང་བོ། དམེ། གཉིས་པ། མུགགསུམ་པ། ནལ། བཞི་བ། བཙོག ལྔ་བ། ཐན། དྲུག་པ། ལྟས་ངན། བདུན་པ། བྱུར། བརྒྱད་པ། ཡུག  དགུ་བ། ཐབ་འཁོན། བཅས་སོ། །14༼གཟི་བརྗིད༽ནང་དུ་མི་གཙང་བའི་རྫས་དགུ་ཡོད་ཚུལ་འཁོད་ལ་དེ་དག་གི་གྲངས་ཀྱང་གཅིག་མཚུངས་མ་ཡིན་པར་སྣང་། གྲངས་འདྲེན་ཚུལ་གཅིག་ནང་དུ༼ཐབ་འཁོན༽ཞེས་པ་དེ་རྫས་གཅིག་ཡིན་ཚུལ་སྨྲས་ནའང་འདྲེན་ཚུལ་གཞན་པ་ཞིག་གི་ནང་དུ་དེ་ནི་རྫས་རིགས་གཉིས་ཡིན་ཚུལ་གསུངས་འདུག༼སེ་ནེལ་གོ་རུབ1967,p.46. ll.3—35.༽
      བསང་གི་ཆོ་གས་གོང་གསལ་མི་གཙང་དགུ་བོའི་གྲིབ་ནུས་ཡོངས་རྫོགས་སེལ་མི་ནུས་པར་འདོད། དེས་ན་གྲིབ་དེ་དག་མེད་པར་བཟོ་བར་ད་དུང༼སེལ༽ཞེས་པའི་ཆོ་ག་ཞིག་ཀྱང་སྤེལ་སྲོལ་ཡོད། 15༼གཟི་བརྗིད༽དབྱིན་འགྱུར་མ། ༼སེ་ནེལ་གོ་རུབ1967:44—49.༽དེ་ནི༼གེ་ཁོད་གཙང་འཁྲུད༽ཅེས་པའི་ཆོ་ག་ལྟར་དུས་ཚོད་ངེས་གཏན་དང་ཆེད་མངགས་མཆོད་གནས་ཤིག་འབོད་ནས་སྤེལ་བའི་ཆོ་ག་ཞིག་ཡིན།༽
     
གསུམ་པ། བྱབས་ཁྲུས་ཀྱི་ཆོ་གའི་གོ་དོན་ལ་དཔྱད་པ།
      བྱབས་ཁྲུས་ཞེས་པའི་ཆོ་ག་དེ་ནི་བོད་ཀྱི་བཙན་པོའི་ཐོག་མ་གཉའ་ཁྲི་བཙན་པོའི་འབྱུང་ཁུངས་སྐོར་གྱི་གཏམ་རྒྱུད་དང་འབྲེལ་བ་ལྡན་པ་ཞིག་ལགས། གཏམ་རྒྱུད་དེ་ལ་ཆོས་ལུགས་དང་ཆབ་སྲིད་བཅས་ཀྱི་ཤུགས་རྐྱེན་ཕོག་ནས་འགྱུར་ལྡོག་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ། དེར་འགྲེལ་བཤད་བྱེད་ཚུལ་ཡང་སྣ་ཚོགས་ཡོད། གཏམ་རྒྱུད་དེའི་སྐོར་ཁོ་བོས་ལེན་ཚན་གཞན་ཞིག་ནང་དུ་གླེང་ཟིན་པས་འདིར་རྒྱས་སྤྲོས་མི་བྱ། 16༼དཔྱད་རྩོམ་ཨང་ཉི་ཤུ་ལ་གཟིགས་པར་འཚལ།༽འདིར་གླེང་བར་བྱ་བ་ནི་གཏམ་རྒྱུད་དེ་ནང་གི་བྱབས་ཁྲུས་ཀྱི་ཆོ་ག་དང་འབྲེལ་བའི་ནང་དོན་རྣམས་ཡིན། དེ་ཡང་ཤོད་སྲོལ་གཅིག་ལྟར་ན། བཙན་པོ་གཉའ་ཁྲི་ཐོག་མར་ལྷ་ཡི་ཡུལ་ནས་མི་ཡུལ་དུ་བྱོན་སྐབས། ཞབས་འབྲིང་གི་གྲས་སུ་ཆོ་ག་ལ་མཁས་པ་མི་གསུམ་ཡོད་པ་དེ་དག་ནི་ཆོ་ག་རིགས་མི་འདྲ་སོ་སོར་མཁས་པ་ཡིན་པ་དང་། བཙན་པོའི་ཡབ་ཀྱིས་བཀའ་འདི་ལྟར་གནང་སྟེ།
      ༼གནམ་ལྷ་དོག་ལ་བཤགས༼གཤེགས༽པ་ན། མི་ཡུལ་རྩོག༼བཙོག༽དང་གནོལ༼མནོལ༽ཆེ་བས། ཡ་ངལ་ཤོག་གིས་སྣ་དྲོངས་ཤིག བར་ཆོད་ཧུར་བ་གྲངས་མང་བས།  ཚེ(མཚེ)མི་སྐུའི་གཡས་བརྟེན་ཅིག  སྣང་སྲིད་ལྷ་འདྲེ་ཡེ་འབྲོག་རྒོད། གཅོ་མི་སྐུའི་གཡོན་བརྟེན་ཅིག  ཡ་ངལ་གྱིས་སེལ་དང་གསངས༼བསང༼ཀྱིས༼གྱིས༼ཅིག༼ཤིག༽ མཚེ་མི༼ས༽དབང་དང་བྱིན་རླབས་གྱིས༼ཀྱིས༼ཅིག༼ཤིག༽ ༼ག༼ཅོ་མིའི༼མིས༽སྐུ་གླུད་ཐར་ལེགས༼གྱིས༼ཤིག༽17༼བསྒྲགས་བྱང༼ལྡེབ12a ,5—7. ༽གོང་གསལ་གྱི་གདོད་མའི་གཏམ་རྒྱུད་དེ་ལས་སྐབས་དེའི་སྤྱི་ཚོགས་སྒྲིག་གཞིའི་རྣམ་པ་མངོན་པ་མ་ཟད། ཆོས་ལུགས་ཀྱི་རྩ་བའི་སྒྲིག་གཞིའང་མངོན་བཞིན་ཡོད། དེ་གཉིས་ལས་སྤྱི་ཚོགས་ཀྱི་སྒྲིག་གཞིའི་སྐོར་ལེ་ཚན་གཞན་ཞིག་ཏུ་གླེང་ཟིན་པས་འདིར་གླེང་གི་མིན། 18༼ཨ་ལན1978:343,347—51.༽འདིར་ཆོས་ལུགས་ཀྱི་རྩ་བའི་སྒྲིག་གཞིའི་སྐོར་རགས་ཙམ་བརྗོད་ན། དེ་ཡང་གོང་གསལ་གྱི་དཔྱད་ཡིག་ལས་གསལ་པོ་མཁྱེན་ཐུབ་པ་སྟེ། བླ་ཞེས་པ་ཞིག་ཡོད་པར་འདོད་པའི་ལྟ་བ་དེ་ནི་སྤྱི་ཚོགས་མི་འདྲ་བའི་ནང་དར་བའི་གདོད་མའི་ཆོས་ལུགས་མ་ལག་ཁྲོད་ཀྱི་རྩ་བའི་གྲུབ་ཆ་ཞིག་ཡིན་པ་རེད། ཁོ་བོས་ཆེད་རྩོམ་གཞན་ཞིག་ནང་དུ་བོད་བཙན་པོའི་སྐབས་སུ་བླ་ཞེས་པ་ཞིག་ཡོད་པར་འདོད་པའི་ལྟ་བ་དང་དེང་དུས་སུའང་རྒྱ་ཁྱབ་ངང་གནས་པའི་བླ་ཡི་འདོད་ཚུལ་སྐོར་དཔྱད་ཞིབ་བྱས་ཡོད།19༼དཔྱད་རྩོམ་ཨང་ཉེར་གཅིག་ལ་གཟིགས།༽དེ་ཡང་བླ་དང་བླ་ཡི་མཚོན་རྟགས་གཡུ་ལ་ཤིན་ཏུ་དད་མོས་བྱེད་པ་ལས་བོད་རིགས་ཁྲོད་དུ་བླ་ཞེས་པ་ཞིག་ཡོད་ཚུལ་ལ་ཡིད་ཆེས་བྱེད་པའི་སྲོལ་ནི་དུས་ད་ལྟའི་བར་མི་ཉམས་པར་གནས་ཡོད་པ་མཚོན་ཐུབ། གླུད་ཀྱི་ཆོ་ག་སྤེལ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། སྐྱེ་བོ་ག་གེ་མོ་ཞིག་གི་བླ་དེ་གདོན་འདྲེ་སོགས་ཀྱིས་འཁྱེར་བའམ་ཡང་ན་རང་སོའི་ལུས་ལས་བྲལ་ཞིང་ཕྱིར་འཁྱམས་ནས་ཡོད་པ་དེ་ཉིད་སླར་ཡང་ཚུར་འགུག་ཐབས་བྱེད་པ་དེ་ཡིན། ཁོ་བོའི་འདོད་ཚུལ་ལྟར་ན། དེ་ལྟའི་རྟོག་པའམ་འདུ་ཤེས་ཀྱིས་གདོད་མའི་ཆོས་ལུགས་ཆོ་ག་དང་སྤྱི་ཚོགས་ཀྱི་ཁྱད་ཆོས་ཉིད་མངོན་པར་འཕགས་པ་བྱ་རྒྱུའི་ཐད་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད། དེའི་སྐོར་ཁོ་བོས་བོད་རང་གི་གནའ་བོའི་ཆོ་ག་དག་ཇི་ལྟར་ཆགས་གྲུབ་བྱས་ཡོད་མེད་སྐོར་གླུད་ཞེས་པའི་ཆོ་ག་དེ་བརྒྱུད་ངོ་སྤྲོད་བྱས་ཡོད། དེ་ཡང་གླུད་ཅེས་པའི་ཆོ་ག་དེ་ནི་ཕན་ཚུན་བརྗེ་རེས་བྱེད་པའི་དོན་ཡིན་པ་ལས། དེ་ནི་ཞིབ་འཇུག་པ་འགའ་ཞིག་གིས་བརྗོད་པ་ལྟར་ཇུ་དའི་ཆོས་ལུགས་ནང་གི༼འབྲོས༽(Scapegoat)ཞེས་པ་དང་གཅིག་མཚུངས་མ་ཡིན་ནོ། །20༼དཔྱད་རྩོམ་ཨང་ཉེར་གཉིས་ལ་གཟིགས།༽གོང་དུ་དྲངས་པའི་གཏམ་རྒྱུད་དེ་ནི་ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་ནང་དུའང་འཁོད་འདུག་ལ། དེའི་ཁྲོད་དུ་མི་མཁས་པ་གསུམ་ཡོད་པ་ལས་བོན་ལུགས་ཀྱི་ཁོངས་སུ་གཏོགས་པའི་མཆོད་གནས་གཉིས་སྟེ། མཚེ་དང་གཅོའུ་གཉིས་ཀྱི་མིང་བཏོན་ནས་དེ་གཉིས་དང་རྒྱལ་བོའི་བློན་འབངས་གཞན་དབར་དབྱེ་བ་གསལ་བོ་ཕྱེས་ཡོད་པ་རེད། འོན་ཀྱང་། ཡིག་རྙིང་དེ་དག་ནང་སྐབས་དེ་དུས་གོང་གསལ་བརྗོད་པའི་བོན་པོ་གཉིས་ཀྱིས་ཆོས་ལུགས་ཆོ་ག་ཇི་འདྲ་ཞིག་སྤེལ་ཡོད་མེད་སྐོར་གསལ་བཤད་བྱས་མི་འདུག་ལ21༼ PT1038༼ལ་ལོ 1953:275—76; མེ་ཁེ་དོ་ནེལ1971:251—19;དཔྱད་རྩོམ་ཨང་ཉི་ཤུ་ལ་གཟིགས།༽གཏམ་རྒྱུད་གཞན་པ་ཞིག་ནང་གསལ་བ་ལྟར་སེལ་དང་བསང་གི་ཆོ་ག་སྤེལ་མཁན་ཡ་ངལ་གྱི་སྐོར་ཡང་གླེང་མེད། ཡིན་ནའང་། ཁོ་བོས་དེ་སྔོན་བརྗོད་ཟིན་པ་ལྟར་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་བོད་ཀྱི་བཙན་པོའི་ཐོག་མ་གཉའ་ཁྲི་བཙན་པོའི་འབྱུང་ཁུངས་དང་འབྲེལ་བའི་གཏམ་རྒྱུད་རྣམས་དང་བོད་རང་གི་གདོད་མའི་དཔྱད་གཞིའི་ཡིག་ཆ་གཉིས་བསྡུར་ན་གོང་མ་དེ་ནི་འཆར་གཞི་ཤིན་ཏུ་བསྡུས་པ་ཞིག་ཡིན་ནོ། །22༼དཔྱད་རྩོམ་ཨང་ཉི་ཤུ་བ་ལ་གཟིགས།༽
      གཏམ་རྒྱུད་དེ་ལས་ལྷ་ཡི་རང་བཞིན་ལྡན་པའི་རྒྱལ་བོ་ཉིད་དང་དེ་ཡི་འཁོར་དུ་བོན་པོ་ཞེས་ཆོ་ག་ལ་མཁས་པ་ཞིག་ཡོད་པ་བཅས་ཀྱི་གཙོ་བོར་བྱས་པའི་དད་མོས་ཀྱི་མ་ལག་ཅིག་ཡོད་ཚུལ་མངོན་པར་མ་ཟད། ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་མཚོན་པའི་ཆོས་ལུགས་ཆོ་ག་དང་དེའི་ཚབ་བྱེད་དངོས་པོ་བཅས་ནི་བོད་ཀྱི་གདོད་མའི་ཆོས་ལུགས་དད་པ་ཆགས་གྲུབ་བྱེད་པའི་གཞི་རྩ་ཞིག་ཡིན། ཏུན་ཧོང་ཡིག་རྙིང་ཁྲོད་དུ་ཆོས་ལུགས(Religion)མཁས་པ་ཅན་ལ༼བོན༽ཞེས་འབོད་ནས་གལ་ཆེར་བརྩི་སྲོལ་ཡོད་པ་ཤེས་ལ། དེ་ཕྱིས་ཀྱི་དཔྱད་གཞིའི་ཡིག་ཆ༼ལྡེའུ་ཆོས་འབྱུང༽ནང་དུའང་ཆོས་ལུགས་ཀྱི་ཆོ་གར་མཁས་པའི་སྐྱེ་བོ་དེའི་རིགས་བྲིས་བཀོད་བྱས་འདུག 23༼ལྡེའུ་ཆོས་འབྱུང༽p.235༼ཚེ་མི༼ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང༽p.101.༼ལེགས་བཤད་མཛོ༽p.130.༽བོད་ཀྱི་ཆེས་གནའ་བོའི་དད་མོས་ནི༼སྐུ་བླ༽ཞེས་གཅིག་ནས་ཁྱད་པར་ཡོད་ལ། གཉིས་ནས་དེ་དང་འབྲེལ་བ་ཡོད་པའི་གཞུང་ལུགས་དེ་འདྲ་ཞིག་གི་ཐོག་བཞེངས་སྒྲུབ་བྱས་ཡོད། དེ་ཡང་བླ་ནི་གཟུགས༼སྐུ༽ཐོག་ཏུ་གནས་པར་འདོད་ལ། སྐུ་གླུད་ཅེས་སྐུ་བླ་དང་འབྲེལ་བ་ཡོད་པའི་ཆོ་ག་ཞིག་སྤེལ་བའི་སྲོལ་ཡོད། 24༼མེ་ཁེ་དོ་ནེལ1971:354.༽སྐུ་གླུད་ཅེས་པའི་ཆོ་ག་དེ་ཕྱིས་ཀྱི་སངས་རྒྱས་ཆོས་ལུགས་ནང་དུ་གཟུགས་བརྙན་གྱི་རྣམ་པས་མཚོན་པར་བྱེད་པ་ཡིན་ལ། 25༼ཐོ་མ་སི 1957,p.71,ll.224;ll.289—96.༽ཆོ་ག་དེ་དངོས་སུ་ལག་ལེན་བསྟར་སྐབས། བླ་དང་གླུད་གཉིས་ནི་ཕན་ཚུན་ཕན་པར་བྱེད་པའི་ཕྱོགས་གཉིས་ལ་ངོས་འཛིན་བྱེད་པ་ཡིན། ཐ་སྙད་དེ་གཉིས་ནི་བཙན་པོ་ལྷ་ཡི་རང་བཞིན་ཅན་དེ་བར་ཆད་ཅི་རིགས་ལས་སྐྱོབ་ཕྱིར་སྤེལ་བའི་ཆོ་གའི་ཁྲོད་དུ་རྟག་ཏུ་མཐོང་རྒྱུ་ཡོད་པ་ཞིག་ཡིན། དེ་ཡང་ཁོ་བོས་དེ་སྔོན་གླེང་མྱོང་བ་ལྟར། བཙན་པོ་ཉིད་ལྷ་ལས་འགྲོ་བ་མི་ཡི་ཁམས་སུ་མ་བྱོན་གོང་ཙམ་ན་གཙང་འཁྲུས་ཀྱི་ཆོ་ག་ཞིག་ངེས་པར་དུ་སྤེལ་དགོས་སྲོལ་ཡོད་པ་དང་། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི་འགྲོ་བ་མི་ཡི་ཁམས་ནི་མི་གཙང་བའི་རྐྱེན་ལས་ཡིན་སྐད། ང་ཚོ་ཚང་མས་མཁྱེན་གསལ་ལྟར། བོད་ཀྱི་བཙན་པོ་རྣམས་ཀྱི་བླ་ནི་ཐོག་མར་གཉན་ཞེས་པའི་ཡུལ་ལྷ་དང་མཉམ་བསྲེས་བྱས་ཡོད་པ་དང་། རྒྱུ་མཚན་དེ་ལ་བརྟེན། དུས་ད་ལྟའི་བར་དུ་ཡུལ་ལྷ་གཞི་བདག་རྣམས་ཀྱི་མཚན་རྣམས་སྐུ་བླ་ཞེས་པའི་ཚིག་དེའི་རྗེས་སུ་དྲངས་པའི་སྲོལ་ཉིད་མ་ཉམས་པར་གནས་ཡོད། བོད་ཀྱི་བཙན་པོའི་རྒྱུད་པ་ལྷ་ལས་མཆེད་པའི་རུས་རྒྱུད་གླེང་སྐབས། ཡུལ་ལྷ་འོ་ལྡེ་གུང་རྒྱལ་ནི་གཉའ་ཁྲི་བཙན་པོའི་ཡབ་རྒྱུད་ལྷ་རབས་མཆེད་བཞི་ཞེས་པའི་གྲས་ཤིག་ཡིན་ཚུལ་བརྗོད་ཡོད་ལ་ལྷ་དེ་ནི་ཡུལ་ལྷ་ཀུན་གྱི་ཡབ་མེས་ཡིན་པ་མ་ཟད། 26༼ལྡེའུ་ཆོས་འབྱུང༼p.230.༽བོད་བཙན་པོའི་སྐུ་བླ་ཡར་ལྷ་ཤམ་པོ་ཚུད་པའི་བོད་ཀྱི་ཡུལ་ལྷ་ཆེན་པོ་དགུ་ཡི་ཡབ་ཆེན་ཡང་ཡིན་པར་གྲགས། འོ་ལྡེ་གུང་རྒྱལ་ཞེས་པའི་རི་དེ་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་ཟངས་རི་རྫོང་འོལ་ཁ་ཞེས་པའི་ཡུལ་ན་མཆིས་སོ། །ཡུལ་ལྷ་ཡིས་བསང་གསོལ་གྱི་ཆོ་གར་དབྱེ་ཞིབ་བྱ་རྒྱུའི་ཁྲོད་དུ་གལ་ཆེའི་གོ་བབ་བཟུང་ཡོད་ལ། ཡུལ་ལྷ་ནི་སྤྱིར་བཏང་མི་ཚང་མས་རང་རང་སོ་སོ་གནས་སྡོད་བྱ་སའི་ཡུལ་མི་རྣམས་ཀྱི་མེས་པོར་བརྩིས་ནས་མོས་གུས་དང་བསང་གསོལ་གྱི་མཆོད་པ་བྱེད་པ་ཡིན། དེས་ན་ལྷ་དེ་རྣམས་ཀྱིས་རང་གི་ཕྱི་རབས་མི་རྣམས་ཀྱིས་བཙོག་གྲིབ་ཅན་གྱི་ལས་བྱེད་པ་མཐོང་སྐབས་ཁོང་ཁྲོ་བྱེད་པ་ཡིན་ཞེས་བརྗོད་པ་དེ་ནི་བསམ་ཤེས་ཐུབ་པའི་དོན་ཞིག་ཡིན། མི་རྣམས་ཀྱིས་བསང་མཆོད་དག་རི་རྩེ་ནས་འབུལ་རྒྱུར་དགའ་པོ་བྱེད་པའི་དོན་ནི་རི་ནི་ལྷ་དེ་དག་གནས་བཅའ་ཡུལ་ཡིན་པར་ངོས་འཛིན་བྱེད་པའི་རྒྱུ་མཚན་གྱིས་སོ། །གོང་གསལ་གཏམ་རྒྱུད་ནང་བརྗོད་པའི་ཆོ་གར་མཁས་པའི་མི་གསུམ་ལས་མཚེ་མི་ཞེས་པའི་མཁས་པ་དེ་ཤིན་ཏུ་ནས་ངོ་མཚར་ཆེ་བའི་མི་སྣ་ཞིག་རེད་འདུག དེ་ཡང་མཚེ་ཞེས་པ་དེ་ནི་རྩི་ཤིང་ཞིག་གི་མིང་ཡིན་ལ། 27༼མེ་ཡེར1981;178.༽ཏུན་ཧོང་གི་ཡིག་རྙིང་ནས་དེ་ནི་གླུད་ཀྱི་ཆོ་ག་སྤེལ་སྐབས་བེད་སྤྱོད་བྱེད་པའི་རྫས་ཤིག་ཡིན་ཚུལ་འཁོད་ཡོད། 28༼ཐོ་མ་སི 1957:62—65༽གནའ་བོའི་ཡིག་ཆ་གཞན་ཞིག་ནང་དུ་མཚེ་མིས་ཆོ་ག་ཞིག་སྤེལ་ནས་མ་འོངས་བོད་ཀྱི་བཙན་པོ༼གཉའ་ཁྲི་བཙན་པོ༽ལྷ་ཡུལ་ནས་འཇིག་རྟེན་དུ་བྱོན་ཁར་དེའུ་དབུ་སྟེང་དུ་མཚེ་ཞེས་པའི་རྩི་ཤིང་དེ་འཇོག་པར་མཛད་ཅེས་གྲགས29༼ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང༼p.101༽སྟབས་མ་ལེགས་པ་ཞིག་ནི། མཚེ་ཞེས་པའི་རྩི་ཤིང་དེ་ཆོ་གའི་ནང་བེད་སྤྱོད་བྱེད་དགོས་དོན་ནི་ཁོ་བོས་ད་བར་མ་ཤེས། གོང་གི་གཏམ་རྒྱུད་ནང་བརྗོད་པ་ལྟར་ན། མཚེ་མི་ནི་དབང་བསྐུར་གྱི་ཆོ་ག་སྤེལ་མཁན་གྱི་མི་སྣ་ཞིག་ཡིན་པ་ནི་ཐེ་ཚོམ་དང་བྲལ་ནས་བརྗོད་ཆོག་ནའང་། རྩི་ཤིང་མཚེ་ཟེར་བ་དེའི་སྐོར་གང་ཡང་བརྗོད་མི་འདུག ཆོ་ག་དེ་སྤེལ་དགོས་དོན་ནི་གདོན་འདྲེས་བཙན་པོའི་སྐུ་ཕྱར་གནོད་པ་ལས་བྱུང་བའི་རྨས་སྐྱོན་སེལ་ཕྱིར་ཡིན་སྐད། དེ་ཡང་བཙན་པོའི་བླ་ཉིད་སྐུ་གཟུགས་ནས་བྲལ་ན་དེ་མ་ཐག་ཏུ་གླུད་ཀྱི་ཆོ་ག་སྤེལ་ནས་བླ་དེ་སླར་ཡང་སྐུ་གཟུགས་དང་མཉམ་འཛོམས་བྱེད་ཐབས་བྱ་བ་ཡིན། འདིར་ངེས་པར་དུ་བརྗོད་དགོས་པ་ཞིག་ནི། མཚེ་མི་ཡི་ཆོ་གའི་ཁྲོད་ཀྱི་དབང་དང་བྱིན་རླབས་ཞེས་པའི་ཐ་སྙད་དེ་གཉིས་ནི་ཕྱིས་སུ་འཕེལ་རྒྱས་ཕྱིན་པའི་འགྲེལ་བཤད་རྒྱབ་སྟངས་ཤིག་ཡིན་ལ། དེ་ལ་ལོ་རྒྱུས་འཕེལ་རིམ་ཁྲོད་སངས་རྒྱས་ཆོས་ལུགས་ཀྱི་ཤུགས་རྐྱེན་ཀྱང་ཕོག་ནས་འཕོ་འགྱུར་ཆེན་པོ་ཕྱིན་ཡོད་པ་རེད།
     
བཞི་བ། ལོ་རེའི་བསང་མཆོད་སྐོར་ལ་དཔྱད་པ།
      ལོ་རེའི་ཡུལ་མི་ཡོངས་འཛོམས་ཀྱི་བསང་མཆོད་ཀྱི་ཆོ་ག་སྤེལ་བའི་སྲོལ་དེ་ནི་སྤྱི་ཚོགས་དང་། རིག་གནས། ཆབ་སྲིད་བཅས་ཀྱི་རྣམ་པས་འཆིང་ནས་གནས་ཡོད་པ་ཞིག་རེད། དེ་ལྟ་བུའི་ཆོ་གར་ཞུགས་རྒྱུ་དེ་ནི་སྤྱི་ཚོགས་དེ་རང་ནང་དུ་གཏན་འཇགས་བྱུང་ཡོད་པའི་མི་ཆོས་ཀྱི་འོས་འགན་ཞིག་ཏུ་གྱུར་ཡོད། དེ་ལྟ་བུའི་ཆོ་གའི་ནང་དོན་ལས་ང་ཚོས་དེའི་དབྱིངས་སུ་སྣ་ཚོགས་དད་པའི་ཕུང་བོ་ཞིག་མཆིས་པ་རྟོགས་ཐུབ། 30༼དཔྱད་རྩོམ་ཨང་ཉེར་ལྔ་ལ་གཟིགས།༽བོད་ཀྱི་ས་ཁུལ་ཡོངས་དང་། ལྷག་པར་དུ་མཐའ་མཚམས་ས་ཁུལ་དུ་མི་རྣམས་མཉམ་འཛོམས་བྱ་སའི་རིག་གནས་ལྟེ་གནས་གཉིས་ཡོད། དེ་ཡང་གཅིག་ནི་དགོན་པ་ཡིན་ལ་དེ་ནི་གྲྭ་བཙུན་རྣམས་འདུ་འཛོམས་བྱ་ས་དང་། ཅིག་ཤོས་དུ་ནི་ཡུལ་མི་རྣམས་ཀྱིས་རྒྱུན་དུ་རང་ཉིད་ཀྱི་ཡབ་མེས་ཡིན་པར་ངོས་འཛིན་བྱེད་པའི་ཡུལ་ལྷ་དག་གནས་སའི་རི་བོ་དག་ཡིན། དེར་བརྟེན། ཡུལ་ལྷའམ་གཞི་བདག་རྣམས་ཀྱི་མཚན་གྱི་འགོར་ཨ་མྱེས་དང་། ཨ་ཕའམ་སྐུ་བླ་ཞེས་པ་སྦྱར་སྲོལ་ཡོད། གོང་དུ་བརྗོད་པའི་ལྟེ་གནས་དེ་གཉིས་ནི་ས་གནས་དེ་རང་གི་སྲིད་འཛིན་ལས་ཁུངས་ཀྱིས་གཏན་འབེབས་བྱས་པའི་ས་མཚམས་ཡིན་པ་མཚོན་མི་ཐུབ། གྲྭ་བཙུན་རྣམས་ཀྱིས་རི་སྟེང་དུ་གཤོམ་པའི་བསང་མཆོད་ཀྱི་ཆོ་གའི་ནང་མི་ཞུགས་པ་དང་། དེ་ལྟར་སྐྱ་བོས་ཀྱང་དགོན་པའི་ནང་སྤེལ་བའི་ཆོས་ལུགས་ཆོ་གའི་ནང་དུ་མི་ཞུགས་པའི་སྲོལ་རྒྱུན་ཞིག་ཆགས་ཡོད། དཔེར་ན། ས་ཆ་ག་གེ་མོ་ཞིག་ཏུ་ཡུལ་སྡེ་བཞི་ཡོད་པ་དེ་དག་སྒྲིག་འཛུགས་བྱས་ནས་གོང་དུ་བརྗོད་པའི་རིག་གནས་ལྟེ་གནས་གཉིས་ན་མཉམ་འཛོམས་བྱེད་པ་དེ་ལ་ཚོ་བཞི་ཞེས་མིང་བཏགས་ནས་མཉམ་འབྲེལ་བྱེད་སྲོལ་ཡོད། གལ་ཏེ་གྲོང་སྡེ་དེ་སྡེ་བ་དྲུག་ལས་གྲུབ་པ་ཞིག་ཡིན་ན་དེ་ལ་ཚོ་དྲུག་ཅེས་འབོད་སྲོལ་ཡོད། དེ་ལྟ་བུའི་ཆབ་སྲིད་ཐོག་མཉམ་འབྲེལ་བྱས་པའི་ཚོ་བ་ནི་ཨ་མདོའི་ཁུལ་དུ་རྒྱ་ཁྱབ་ངང་གནས་ཡོད་ལ། དེ་ལྟའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་སྒྲིག་གཞི་ནི་མི་སྐྱས་སྐྱོང་བ་ཡིན་ལ། 31༼མཁར་རྨེའུ་དང་ས་གནས1999༽དབུས་གཙང་ཁུལ་དུ་ནི་སངས་རྒྱས་ཆོས་ལུགས་ཀྱི་དགོན་སྡེས་ཆབ་སྲིད་ཐད་དབང་སྒྱུར་བྱས་ཡོད་པ་རེད། གྲོང་སྡེ་ཡོངས་ཀྱིས་བཀུར་བའི་སྤྱི་བའི་ཡུལ་ལྷ་ཞིག་ཡོད་པའི་ཐོག་ད་དུང་རི་ལྷ་དེ་ལས་མཆེད་པར་གྲགས་ཤིང་གྲོང་བ་སོ་སོས་བརྟེན་པའི་ཡུལ་ལྷ་ཆུང་ཆུང་རེ་ཡང་གསོལ་སྲོལ་དར་ཡོད། ཁོ་བོའི་ལྟ་ཚུལ་ལྟར་ན། ཡུལ་ལྷ་དབར་ཕན་ཚུན་གཅིག་ནས་གཅིག་མཆེད་ཀྱི་འབྲེལ་བའི་གནས་སྟངས་དེ་ནི་བོད་ཀྱི་བཙན་པོའི་ཐོག་མ་གཉའ་ཁྲི་བཙན་པོ་ལྷ་ལས་གྱེས་པའི་ལྟ་བའི་སྣང་ཚུལ་ཞིག་ཡིན་པར་སེམས་སོ། །ལོ་རེའི་བསང་མཆོད་ཀྱི་ཆོ་ག་ནི་མི་སྐྱས་སྒྲིག་འཛུགས་བྱེད་ཅིང་དེར་ཞུགས་མཁན་ནི་གྲོང་སྡེའི་ཁོངས་མི་རྣམས་ཡིན་པ་རེད། སྐྱ་བོ་རྣམས་ཀྱིས་འདུ་ཚོགས་དེ་ལྟར་བྱེད་པ་ནི་གཅིག་ནས་མཉམ་འབྲེལ་གྱི་འོས་འགན་སྒྲུབ་པ་མཚོན་པ་དང་། གཉིས་ནས་ཕྱི་དགྲ་འགོག་ཕྱིར་རྡོ་རྩ་གཅིག་སྒྲིལ་བྱེད་པའི་མཚོན་རྟགས་ཤིག་ཡིན། བསང་མཆོད་ཆོ་གའི་སྙིང་བོ་ནི་རི་རྩེར་དྲི་ཞིམ་བསང་གི་མཆོད་པ་འབུལ་བ་དེ་རེད། བསང་མཆོད་འབུལ་བའི་དུས་ཚོད་དང་། དུས་ཡུན་རིང་ཐུང་། དེར་ཞུགས་མཁན་གྱི་མི་སྣ་བཅས་ནི་ཡུལ་སོ་སོ་མི་འདྲ་བ་ཡོད། སྤྱིར་བཏང་བྱས་ན་ཉིན་གཉིས་ཡིན། དེ་ཡང་ཉིན་དང་བོ་དེར་བསང་མཆོད་ལ་ཞུགས་མཁན་ཐམས་ཅད་རི་འདབས་སུ་འཛོམས་ཤིང་གུར་ཕུབ་ནས་མཚན་མོ་ས་དེ་རང་དུ་སྡོད་ལ། ཉིན་གཉིས་པའི་ཐོ་རེངས་ནས་བཟུང་བསང་མཆོད་ཀྱི་ཆོ་ག་དེ་དངོས་སུ་འགོ་འཛུགས་པ་ཡིན། བསང་མཆོད་ཆོ་གའི་གོ་རིམ་ནི་གཤམ་གསར་ལྟར་ཡིན།
      དང་བོ། བསང་རྫས་གྲ་སྒྲིག་བྱེད་པ། དེའི་ཁོངས་སུ་ཕོ་ཉམས་མཚོན་པའི་མདའ་རྒོད་དང་། ཤུག་པ། ཤེལ་ཚིག རླུང་རྟ32༼དཔྱད་རྩོམ་ཨང་ཉེར་བཞི་ལ་གཟིགས། PT126༼མེ་ཁེ་དོ་ནེལ་དང་ཨེ་མེ་ད 1978,pp.136,ll,140—50༼ནང་ལྟར་ན། སྐུ་བླ་གསོལ་བའི་དད་པ་བྱེད་ཚུལ་ཐད་ཆོ་གའི་ནང་དུ་བེད་སྤྱོད་བྱེད་པའི་དངོས་རྫས་དཔེར་ན་ལྷ་མདའ་དང་འབྲུ། ལྷ་ལུག ལྷ་རྟ། ལྷ་འབྲི་དང་ལྷ་གཡག་བཅས་དང་ཡང་འབྲེལ་བ་བྱེད་པ་ཡིན། ༽སོགས་ཚུད་ཡོད། མཆོད་པ་དེ་ལ་ཞུགས་མཁན་སྐྱེ་བོ་ཚང་མས་རང་ཉིད་ཀྱི་ཆ་རྐྱེན་དང་ནུས་པར་དཔགས་ནས་བསང་རྫས་སྒྲུབ་དགོས། གཉིས་པ། མདའ་རྒོད་དང་རླུང་རྟ་ཕུད་པའི་བསང་རྫས་རྣམས་ལ་བཙས་ཐོག་འཇོག་པ་ཡིན། ལ་བཙས་ཡོད་སར་བསང་གཏོང་བའི་བསང་ཁྲི་བཞེངས་ཡོད། གསུམ་པ། གྲོང་ཚོའི་འགོ་བ༼དེ་མེད་ན་ལོ་ན་ཆེ་བ་ཞིག༽དེས་མེ་སྦར་ནས་བསང་མཆོད་ཀྱི་ཆོ་ག་འགོ་འཛུགས་པ་དང་མི་རྣམས་ཀྱིས་དྲི་བསང་ཀྱི་དུད་སྤྲིན་གང་མང་འཁྲིགས་ཐབས་བྱེད་པ་ཡིན་ནོ། །བཞི་བ། མདའ་རྒོད་དང་རླུང་རྟ་གཉིས་མེ་ཡི་ཐོག་ཏུ་ཡུག་ཡུག་བྱས་ནས་གཙང་སེལ་བྱ་བ། ལྔ་བ། བསང་མཆོད་ཀྱི་ཆོ་གར་ཞུགས་མཁན་རྣམས་ཀྱིས་ལྷ་རྒྱལ་འཐེན་པ་དང་དུས་མཚུངས་ཤོག་བུའི་རླུང་རྟ་ནམ་མཁར་གཏོར་བར་བྱེད། དྲུག་པ། མདའ་དེ་དག་ལ་བཙས་ཐོག་བཙུགས་ནས་རང་རང་སོ་སོའི་རེ་བའི་སྨོན་ལམ་འདེབས་པ་དང་། རང་ཉིད་ཡུལ་ལྷར་བཅོལ་བར་མཚོན་པར་བྱེད། །བསང་མཆོད་ཀྱི་ཆོ་ག་དེ་མཐའ་མ་ཚིག་རྒྱན་དང་། རྟ་རྒྱུག་འགྲན་བསྡུར། མདའ་རྩལ་འགྲན་པ། གཞས་ཞབས་བྲོའི་བྱེད་སྒོས་མཇུག་བསྡུ་བར་བྱེད་པ་ཡིན་ནོ། །
     
ལྔ་བ། འདོན་ཆའི་ནང་སྤེལ་བའི་བྱབས་ཁྲུས་སྐོར་ལ་དཔྱད་པ།
      བསང་མཆོད་ཀྱི་ཆོ་ག་ནི་མི་སྐྱ་འདུ་ཚོགས་བྱས་ནས་སྤེལ་བའི་མཆོད་པ་ཞིག་ཡིན་ལ། གེ་ཁོད་ཀྱི་བྱབས་ཁྲུས་ནི་ངེས་པར་དུ་མཆོད་གནས་ཤིག་གིས་གཙོ་སྐྱོང་འོག་སྤེལ་བའི་ཆོ་ག་ཞིག་ཡིན། མཆོད་གནས་ཀྱིས་གེ་ཁོད་ཀྱི་ཆོ་ག་དེ་སྤེལ་སྐབས་ཁ་བྱང་མེད་པའི་དཔེ་ཆ་ཐུང་ཐུང་གསུམ་རིམ་བཞིན་ཞལ་འདོན་བྱེད་པ་ཡིན།33༼གེ་ཁོད་གསང་བ་དྲག་ཆེན༼pp.67—81.༽དཔེ་ཆ་དེ་དག་ནི་གེ་ཁོད་སྒྲུབ་ཐབས་ཀྱི་པོ་ཏི་ནས་བཏོན་པའི་དཔེ་ཆ་གསུམ་ཡིན་པ་རེད། ཁོ་བོས་གཤམ་དུ་དཔེ་ཆ་གསུམ་པོ་དེའི་ནང་འཁོད་པའི་ཆོ་ག་དེའི་ནང་དོན་གཙོ་བོ་དག་ངོ་སྤྲོད་ཞུ་རྒྱུ་ཡིན། བོན་ལུགས་ཀྱི་འདོད་ཚུལ་ལྟར་ན། གེ་ཁོད་ཀྱི་སྒྲུབ་ཐབས་ནི་ཞང་ཞུང་ཞེས་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་བོད་ཀྱི་ནུབ་ཕྱོགས་ཀྱི་རྒྱལ་ཕྲན་དེ་ན་གསར་གཏོད་བྱས་པར་གྲགས།
      དེ་ལྟ་བུའི་བྱབས་ཁྲུས་ཀྱི་ཆོ་ག་ནི་གེ་ཁོད་སྒྲུབ་གཞུང་གི་ཆོ་ག་སྤེལ་སྐབས་ལག་བསྟར་བྱེད་པ་མ་ཟད། དེ་ནི་ཆབ་དཀར་ཞེས་པའི་སྔགས་ཀྱི་ཆོ་གའི་སྔོན་འགྲོའི་ཆོ་ག་ཞིག་ཀྱང་ཡིན། དེ་ལྟའི་སྔོན་འགྲོའི་ཆོ་ག་དེའི་དུས་ཡུན་ནི་སྐར་མ་ཉི་ཤུའི་གཡས་གཡོན་ཙམ་ཡིན་པ་ཞིག་ལས་དེ་ཁེར་རྐྱང་དུ་སྤེལ་བའི་ཆོ་ག་ཞིག་མ་ཡིན། བྱབས་ཁྲུས་ཀྱི་ཆོ་ག་དེ་འགོ་འཛུགས་མ་བྱས་གོང་དུ་དུག་ཕྱུང་ཞེས་མི་གཙང་བའི་སྤྱོད་པ་ལས་ལྷག་པའི་གྲིབ་ཉིད་འགོག་པར་བྱེད་པའི་ཆོ་ག་ཐུང་ཐུང་ཞིག་སྤེལ་སྲོལ་ཡོད། གཤམ་དུ་གོང་དུ་བརྗོད་པའི་དཔེ་ཆ་གསུམ་པོ་དེའི་སྐོར་ངོ་སྤྲོད་རགས་ཙམ་བྱས་ན། 34༼གེ་ཁོད་གསང་བ་དྲག་ཆེན༼pp.63—67.ཆོ་ག་དེའི་སྐོར་ཁོ་བོས་དཔྱད་རྩོམ་ཨང་བཅུ་བའི་ནང་ངོ་སྤྲོད་རགས་བསྡུས་ཤིག་བྱས་ཟིན།༽༼མདའ་དང་འཕང་ལས་བཏུས།༽
     
འཛམ་གླིང་གེ་སར་རྒྱལ་བོའི་བསང་ཁྲི། 
      མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ཡོད་ས་ནི་རྟ་བོ་གྲོང་བརྡལ་རེད།  ས་ཆ་འདིའི་འབྲོག་པ་རྣམས་ཀྱིས་རྟ་བོ་གྲོང་བརྡལ་ཡོད་སའི་ས་མིང་ལ་རྒུ་གཞུང་ཞེས་འབོད་ཀྱི་ཡོད།  ས་འདི་ནི་ཁོད་སྙོམས་ཤིང་།  ས་བབ་ཤིན་ཏུ་བདེ་བའི་ཐང་ཆེན་རེད།  བཤད་རྒྱུན་ལྟར་ན།  ས་ཆ་འདི་ནི་གླིང་གེ་སར་རྒྱལ་བོ་དང་། དཔའ་རྟུལ་སུམ་ཅུ་སོགས་ཀྱིས་རྟ་རྒྱུག་འགྲན་བསྡུར་བྱ་སའི་ས་ཆ་ཞིག་ཡིན་ཟེར་སྲོལ་ཡོད་པ་རེད།  གླིང་དཀར་བོའི་ཡུལ་གྱི་རྒྱལ་བློན་རྣམས་ཀྱི་རྟ་རྒྱུག་སའི་ས་ཆ་འདི་ཡིན་དགོས་པའི་རྒྱུ་མཚན་གང་ཡིན་ནམ་ཟེར་ན།  གནད་དོན་འདི་ནི་འཛམ་གླིང་སེང་ཆེན་སྐྱེས་བུ་ཆེན་པོ་གེ་སར་ནོར་བུ་དགྲ་འདུལ་གྱི་བསང་ཁྲི་ལ་འབྲེལ་བ་ཧ་ཅང་དམ་པོ་ཞིག་ཡོད། བསང་ཁྲི་འདི་རྡོ་ཆེན་པོ་འབའ་ཞིག་ལས་བརྩིགས་པ་ཞིག་ཡིན་ཞིང་།  བསང་ཁྲིའི་མཐོ་དམན་དང་ཁ་ཞེང་རིང་ཐུང་ཚང་མ་ཆ་མཉམ་ཞིག་ཡིན་ལ།  བསང་ཁྲིའི་ཆེ་ཆུང་ལ་ཧ་ལམ་ཁང་བ་ཀ་བ་གཅིག་གི་ཚད་ཙམ་ཞིག་ཡོད། བསང་ཁྲིའི་འཁྲིས་ལ་ལབ་རྩེ་ཆེན་པོ་ཞིག་བརྩིགས་ཡོད། ལབ་རྩེ་དང་བསང་ཁྲི་གཉིས་ཀའི་བར་ན་རིང་ཐུང་དང་ཕྲ་སྤོམ་ཕལ་ཆེར་མཚུངས་པའི་ཀྭ་ར་བརྒྱ་ཕྲག་དུ་མ་ཞིག་བཙུགས་ཤིང་།  ཀྭ་ར་དང་ཀྭ་རའི་བར་ལ་གཟུགས་སྔགས་དང་མདོ་གདུགས་སོགས་དམ་པའི་ཆོས་སྣ་ཚོགས་དང་སྐུ་འདྲ་སོགས་དཔར་ཡོད་པའི་དར་ལྕོག་ཁ་དོག་དཀར་དམར་ལྗང་ཁུ་སོགས་ཀྱིས་སྦྲེལ་ཡོད།  རླུང་བུ་ལྡང་བའི་དུས་སུ་རླུང་གིས་དར་ལྕོགས་ཕྱར་བའི་སྒྲ་ནི་འུར་སྒྲ་དང་ལྡིར་སྒྲ་དུས་གཅིག་ལ་ལྡིར་བའི་ཚེ་ན།   འབྲུག་སྟོང་གི་སྒྲ་དབྱངས་དུས་གཅིག་ལ་ལྡིར་བ་ལྟ་བུའི་སྒྲ་སྐད་ཅིག་ཐོན་པའི་ཚེ་ང་ཚོའི་བློ་ཡིད་འཕྲོག་པའི་སྣང་བ་ཞིག་འཆར་ཡོང་གི་རེད།    ཀྭ་ར་དང་ཀྭ་རའི་བར་ལ་དར་ལྕོགས་ཁ་ཞེང་ཆེན་པོ་མང་བོ་སྦྲེལ་ཡོད་པ་མ་ཟད། ད་དུང་ཅོད་པན་ངོས་ལ་སྟག་སེང་ཁྱུང་འབྲུག་སོགས་གཟུགས་བརྙན་སྣ་ཚོགས་ཀྱང་བཀོད་འདུག ལབ་རྩེ་དང་བསང་ཁྲིའི་བར་གྱི་རྡེའུ་འབུམ་དག་གི་ངོས་ནས་འཇིམ་ལས་གྲུབ་པའི་སྐུ་དང་ཚ་ཚ་མང་བོ་ཡང་བསྒྲིགས་ཡོད།  སྔར་གྱི་བསང་ཁྲི་དང་དེའི་ཉེ་འགྲམ་གྱི་ལབ་རྩེ་གཉིས་ཀ་འཛམ་གླིང་སེང་ཆེན་རྒྱལ་བོ་སྐུ་དངོས་ཀྱིས་བཞེངས་པའི་ཤོད་སྲོལ་འདུག  ལབ་རྩེ་འདི་དང་བསང་ཁྲི་ཆེན་པོ་འདི་ཡོད་སའི་ས་མིང་ལ་བསང་གི་ཁ་ཟེར།   དེ་ནི་བསང་ཁྲི་ཡོད་སའི་ཉག་ཁ་ཞེས་པའི་དོན་རེད།  ཉག་ཁ་འདི་ནས་ཕར་ནུབ་བྱང་ཕྱོགས་སུ་བལྟས་ན་རྨ་ཆེན་གངས་རི་མཐོང་ཐུབ།   རྨ་ཆེན་གངས་རི་ཟེར་བ་ནི་བོད་སྲིད་པ་ཆགས་པའི་ལྷ་ཆེན་པོ་དགུའི་ཡ་གྱལ།   ཡུལ་མདོ་སྨད་རིག་པ་འབྱུང་བའི་ཞིང་ཁམས་སྐྱོང་མཁན།   ས་བཅུ་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཤར་རྨ་རྒྱལ་སྦོམ་རའི་བསྟི་གནས་སུ་གྱུར་བའི་གངས་རི་དེ་རེད།    གངས་རི་འདི་ནི་བོད་སྤྲེལ་ཚ་རིགས་བཞིའི་བླ་རི་ཡིན་པས་འདི་ལ་རྟག་ཏུ་གནས་བསྐོར་བྱེད་མཁན་བརྒྱ་ཕྲག་མང་བོ་ཡོད་པ་རེད།    རྨ་ཆེན་རྫོང་གི་རྟ་བོ་ཡུལ་ཚོ་དང་སྡོམ་ཁོག་ཡུལ་ཚོ་གཉིས་ཀྱི་ས་མཚམས་ན་བསང་གི་ཉག་ཁ་ཟེར་བའི་ས་ཆ་འདི་ཡོད།     བསང་གི་ཉག་ཁའི་གནའ་སྔ་མོའི་བསང་ཁྲི་དང་ལབ་རྩེ་གཉིས་ཀ་དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུ་བའི་ནང་ལ་གཏོར་རླག་ཏུ་བཏང་ཟིན།     གོང་དུ་ཞུས་པ་ནི་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་ནང་ལ་སླར་ཡང་ཉམས་གསོ་བྱས་པའི་བསང་ཁྲི་དང་ལབ་རྩེའི་གནས་ཚུལ་ཡིན།  དམངས་ཁྲོད་གཏམ་རྒྱུད་ཀྱི་བཤད་ཚུལ་ལྟར་ན།   གེ་སར་སྐྱེས་བུ་ཆེན་པོས་གླིང་གི་ཡུལ་ལ་དབང་བསྒྱུར་བའི་དུས་དེར་དམག་འཁྲུག་སོགས་ཡུལ་ཁམས་གནོད་འཚེ་ཆེན་པོ་བྱུང་བའམ།   བོད་ཀྱི་དུས་ཆེན་དག་གི་སྐབས་སུ།    གླིང་གི་རྒྱལ་བློན་ཚང་མས་ལུས་ལ་ཁྲབ་རྨོག་གྱོན།   མདའ་མདུང་རལ་གྲི་སོགས་གོ་མཚོན་བྱེ་བྲག་པ་སྣ་ཚོགས་ཐོགས། གེ་སར་སྐྱེས་བུ་ཆེན་པོས་རྟ་རྐྱང་རྒོད་ཧར་བ་བཅིབས། གླིང་གི་དཔའ་རྟུལ་སུམ་ཅུ་སོགས་གླིང་གི་དཔའ་བོ་ཚང་མ་ཁྲིད་ནས་བསང་མཆོད་དུ་བྱོན།   བསང་མཆོད་གསུང་མཁན་གྱི་བླ་སེར་རྣམས་ཀྱང་དེར་བྱོན།   བསང་གི་ཉག་ཁ་ནི་ཆོས་ལུགས་བྱེད་སྒོ་རྒྱ་ཆེན་པོ་བྱ་ཡུལ་བསང་མཆོད་འབུལ་བའི་ས་ཆ་ཡིན།  བསང་མཆོད་མ་ཕུལ་བའི་གོང་ལ་བསང་མཆོད་ཀྱི་ལས་ཀར་ཞུགས་པའི་མི་ཚང་མས་རང་རང་གི་ལག་པ་འཁྲུ།  ལུས་པོར་གཙང་སྦྲ་བྱས།  ཚང་མས་གྱན་ཆས་གསར་བ་གྱོན་ཞིང་རྒྱན་ཆ་བཏགས། བསང་ཁྲིའི་སྟེང་ལ་ཤིང་དང་ཤུག་པ་མང་བོ་སྤུངས། དེའི་ཐོག་ལ་ཟས་རིགས་དཀར་གསུམ་མངར་གསུམ་དང་ཙན་དན་དཀར་དམར།   ཨ་ཀར་སྒྲོན་ཤིང་། གོས་དར་དང་རིན་པོ་ཆེའི་རིགས། ཤིང་ཏོག་དང་འབྲུ་རིགས་སོགས་བསང་རྫས་མ་ཚང་བ་མེད་པ་གྲབ་གཤམས་བྱས། བསང་མཆོད་ཀྱི་མཛད་སྒོ་འགོ་ཚུགས་མ་ཐག་ཏུ་བླ་སེར་རྣམས་ཀྱིས་བསང་མཆོད་ཀྱི་ཆོ་ག་འདོན།   ཤིང་ཤུག་སྒྲོན་པའི་མེ་ཐོག་ཏུ་བསང་རྫས་རྣམས་གོ་རིམ་ལྟར་དུ་འབུལ།   གླིང་གི་རྒྱལ་བློན་རྣམས་ཀྱིས་བསང་ཁྲི་ལ་སྐོར་བ་ལན་བདུན་རྒྱག་པ་དང་།   སྐད་གསང་མཐོན་པོའི་ངང་ནས་མཆོག་རྩ་བ་གསུམ་གྱི་ལྷ་དང་ཁྱད་པར་དུ་མདོ་སྨད་སྐྱོང་བའི་གཞི་བདག་གི་ཚུལ་འཛིན།   ས་བཅུ་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ།   བོད་སྲིད་པ་ཆགས་པའི་ལྷ་དགུའི་ཡ་གྱལ། ཤར་རྨ་རྒྱལ་སྦོམ་ར་གང་གི་མཚན་ནས་འབོད།   བསང་མཆོད་འབུལ། གཞན་ཡང་ཡུལ་འདིའི་ལྷ་ཀླུ་གཞི་བདག་མ་ཚང་བ་མེད་པའི་མིང་ནས་བོས་ཏེ་བསང་མཆོད་འབུལ།   བོད་གླིང་གི་ཡུལ་ལ་བདེ་ཞིང་ལེགས་པ་ཞིག་འོང་རྒྱུ་དང་།     གླིང་གི་ཡུལ་གྱི་མི་སེར་ལ་བདེ་སྐྱིད་དང་ཡུལ་ཁམས་ཀུན་ལ་བཀྲ་ཤིས་བདེ་ལེགས་དང་།  ཁྱད་པར་དུ་ནག་ཕྱོགས་བདུད་ཀྱི་དགྲ་ལས་རྣམ་པར་རྒྱལ་ཏེ།   སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ས་ཕྱོགས་ཀུན་ཏུ་དར་རྒྱུའི་སྐྱབས་འཇུག་དང་འདོད་གསོལ་ཡང་ཡང་ཞུ།   འདོད་གསོལ་འདི་དག་ཞུ་བའི་ཚེ་ན་བསང་གི་མེ་དཔུང་རབ་ཏུ་འབར་ཞིང་བསང་གི་དུ་བ་ནམ་མཁའི་དབྱིངས་སུ་འཁྲིགས་ཏེ།   རོ་བརྒྱ་ལྡན་པའི་ཟས་རིགས་ཀྱི་དྲི་ངད་ཕྱོགས་ཀུན་ཏུ་ཁྱབ་ཅིང་། བསང་མཆོད་ཀྱི་ཆོ་ག་གསུངས་པའི་ཆོས་སྒྲ་དང་བསང་མཆོད་འབུལ་བའི་འུར་སྒྲ་མཐོན་པོས་རི་ལུང་ཡོངས་ལ་གྲགས་པ་བྱེད་ཀྱི་ཡོད།    ཆོ་ག་འདིའི་མིང་ལ་བསང་མཆོད་ཅེས་པར་གྲགས། བསང་གི་ཉག་ཁའི་ཤར་ཕྱོགས་སུ་ཆུ་བོ་ཆུང་ཆུང་ཞིག་འབབ། ཆུ་བོ་འདིའི་མིང་ལ་བསང་ཆུ་ཟེར།  བསང་མཆོད་ཆེན་པོ་འདི་ཕུལ་ཚར་བའི་རྗེས་སུ།   གླིང་གི་རྒྱལ་བློན་རྣམས་ཀྱིས་རང་དབང་གི་ངང་ནས་ཇ་འཐུང་བ་དང་ཟས་རིགས་ཞིམ་པོ་ཟ། ཨ་རག་མངར་མོ་འཐུང་།   དེ་ནས་རྒྱལ་བློན་ཚང་མས་གླུ་ལེན།  བྲོ་འཁྲབ།  དེའི་རྗེས་སུ་འུར་སྒྲ་ཆེན་པོའི་ངང་ནས་རྟ་རྩལ་འགྲན་བསྡུར་བྱེད།   བསང་གི་ཉག་ཁ་ནས་རྟ་རྩལ་འགྲན་བསྡུར་གྱི་འགོ་བརྩམས།    ད་ལྟའི་རྟ་བོ་གྲོང་བརྡལ་གྱི་ཐད་ཀའི་སྒོ་མོ་ན་ཟེར་བའི་ཆ་བརྒྱུད་ནས་བདེ་སྣེ་ཟེར་བའི་ལུང་བའི་མདའ་ལ་མ་བསླེབས་བར་དུ་རྟ་རྒྱུག་བྱེད།     རྟ་རྒྱུག་གི་སྐབས་སུ་རྟ་འགྲེ་ལོག་རྒྱབ་པའམ་དངོས་རྫས་བོར་གཏོར་སོགས་བྱུང་ན་བཀྲ་མི་ཤིས་པར་བརྩི།    རྟ་རྒྱུག་གི་བྱ་བ་འདི་ཡང་བསང་མཆོད་ཀྱི་ཆོ་གའི་ཁོངས་སུ་གཏོགས་སྟབས།    རྟ་རྒྱུག་གི་བྱ་བ་འདི་བརྩམས་ནས་མཇུག་མ་རྫོགས་བར་དུ་དགའ་སྤྲོ་འཁོལ་བའི་ངང་ནས་བསྒྲུབ་དགོས། གནའ་སྔ་མོའི་དུས་སུ་གེ་སར་རྒྱལ་བློན་གྱིས་བརྩིགས་པའི་བསང་ཁྲི་དེ་ད་ཆ་ལྷག་མེད། ད་ལྟའི་བསང་ཁྲི་འདི་རྗེས་ནས་ཉམས་གསོ་བྱས་པ་དེ་རེད།    མི་རྣམས་ཀྱི་སེམས་ནང་ན་བསང་གི་ཉག་ཁ་ཟེར་བའི་ས་ཆ་འདི་ནི་ཤིན་ཏུ་རྩ་ཆེན་ཞིག་ལ་བརྩི།     རྟ་བཞོན་པ་དང་གཡག་བཞོན་པའི་མི་རྣམས་བསང་གི་ཉག་ཁར་ཐོན་དུས་རྟ་ནས་བབས།    ཞྭ་མོ་ཕུད།    ཐལ་མོ་སྦྱོར།    རྨ་རྒྱལ་གངས་རིའི་ཕྱོགས་སུ་ཁ་ཕྱོགས་ནས་ཨ་མྱེས་རྨ་རྒྱལ་སྦོམ་ར་དང་གེ་སར་རྒྱལ་བོར་གསོལ་བ་འདེབས།    བསང་ཁྲི་ལ་སྐོར་བ་བྱེད།    ས་འདིའི་མི་རྣམས་ཀྱི་སེམས་ནང་དུ་ཨ་མྱེས་རྨ་རྒྱལ་སྦོམ་ར་དང་གེ་སར་སྐྱེས་བུ་ཆེན་པོ་གཉིས་ཀ་སྐྱབས་གནས་དཀོན་མཆོག་གི་གྲས་སུ་གཏོགས་པའི་ལྷ་ཞིག་ལ་བརྩི་གི་ཡོད་པ་རེད།༼ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།༽  
     
གྲིབ་བསང་།
         གྲིབ་བསང་ནི། ཀྱཻ་དེ་རིང་དམ་གྲིབ་ཐམས་ཅད་བསང༌། །དེ་རིང་འཁོན་གྲིབ་ཐམས་ཅད་བསང༌། །དེ་རིང་རོ་གྲིབ་ཐམས་ཅད་བསང༌། །ཟས་ངན་ཁ་རུ་ཟོས་པ་བསང༌། །གོས་བཙོག་ལུས་ལ་གྱོན་པ་བསང༌། །གསོན་པོའི་འགོམ་ཡུགས་ཕོག་པ་བསང༌། །ཤི་བའི་རོ་གྲིབ་ཕོག་པ་བསང༌། །མི་གཙང་ཡུགས་གྲིབ་ཕོག་པ་བསང༌། །བྱད་ཁ་ངན་གྲིབ་ཕོག་པ་བསང༌། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ཆོས་དང་ལོངས་སྤྱོད་ཕུན་སུམ་ཚོགས། །མི་མིན་གནོད་པ་ཐམས་ཅད་བཟློག །བསམ་པ་ཆོས་བཞིན་འགྲུབ་པར་མཛོད། ། ཅེས་པ་འདི་ནི་ཆུ་བཟང་བླ་མ་རིན་པོ་ཆེས་གསུངས།
     
མནོལ་བསང་གཏོང་ཚུལ། 
      ཨོཾ་བཛྲ་ཨམྲྀ་ཏས་བསང། སྭ་བྷཱ་ཝས་སྦྱངས། སྟོང་བའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཙནྡན་ཨ་ཀ་རུ་དུ་རུ་ཀ་ལ་སོགས་པ་མནོལ་བ་སེལ་བྱེད་ཀྱི་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾཨཱཿཧཱུཾ། ལན་གསུམ། ཀྱཻཿ ཆོས་རྣམས་རང་བཞིན་ཀུན་བྲལ་ཡང༌། །རྨི་ལམ་བཞིན་དུ་ནོངས་པ་གང༌། །བསང་དང་བསང་བྱ་བསང་ཡུལ་སོགས། །རང་བཞིན་དག་པའི་དབྱིངས་སུ་བསང༌། །མི་གཙང་ཟོས་ཤིང་གྱོན་པ་བསང༌། །ཐམས་ཅད་མ་ལུས་བསང་གྱུར་ཅིག །སྐུ་གསུང་ཐུགས་དང་འགལ་བགྱིས་བསང༌། །དམ་གྲིབ་འཁོན་གྲིབ་བཙོག་གྲིབ་དང༌། །བཤིན་གྲིབ་ཡུགས་གྲིབ་བག་གྲིབ་དང༌། །མཛེ་གྲིབ་ཐབ་གཞོམ་མནོལ་ཤོར་སོགས། །ལྷ་མི་ཡོངས་ལ་གྲིབ་ཕོག་པ། །མ་ལུས་བསང་གི་མཆོད་པས་བསང༌། །བསང་གིས་མི་བསང་གང་ཡང་མེད། །མི་གཙང་བ་ནི་ཐམས་ཅད་བསང༌། །མི་མཐུན་བར་ཆད་ཞི་བ་དང༌། །ཚེ་དང་ལོངས་སྤྱོད་རྒྱས་པར་མཛོད། །ཁམས་གསུམ་དབང་དུ་འདུ་བ་དང༌། །ཅི་བསམ་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་པ་འདི་ནི་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་སྦྱར་བའོ། །