རྔོག་ལེགས་པའི་ཤེས་རབ།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-21
ངོ་སྤྲོད་ཉུང་བསྡུས།

      མཚན། རྔོག་ལེགས་པའི་ཤེས་རབ།  འཁྲུངས་ཡུ ཡར་འབྲོག འཁྲུངས་འདས། ༡༠༥༩-༡༡༠༩ ཐོབ་ཐང་། ལོ་ཙཱ་བ། སློབ་སྦྱོང་།  དམ་པ་འདི་ཆུང་ངུའི་དུས་ནས་ཐུགས་རིག་ཤིན་ཏུ་རྣོ་བས་མངའ་རིས་གུ་གེ་རྒྱལ་བོས་ཁ་ཆེའི་ཡུལ་དུ་སློབ་སྦྱོང་བྱ་བར་བཏང་། ལེགས་སྦྱར་དང་སངས་རྒྱས་ཆོས་གཞུང་ལ་ཕུལ་དུ་ཕྱིན་ཏེ་ཕྱིར་བོད་དུ་ཕེབས། རྗེས་སུ་ཁམས་ཕྱོགས་སུ་བྱོན་ནས་ཇོ་བོ་སེ་བཙུན་ལས་སྡེ་སྣོད་རྣམས་གསན་ཏེ་མཁས་པར་གྱུར། ཕྱིས་མང་ཡུལ་དུ་ཕེབས་ནས་ཇོ་བོ་དང་མཇལ་ཏེ་ཞབས་པད་མཉེས་པ་གསུམ་གྱིས་བསྟེན་ནས་གདམས་པ་མང་དུ་ཞུས་པས་ཇོ་བོའི་ཐུགས་སྲས་སུ་གྱུར། རྔོག་ལོ་ཡབ་སྲས་ཞེས་ད་ལྟའི་བར་དུ་གྲགས་པ་མ་ཉམས། གསུང་རྩོམ། དབུ་མའི་མན་ངག་སོགས་འགའ་ཤས་མཆིས། མཛད་སྤྱོད ལོ་ཆེན་རིན་ཆེན་བཟང་པོར་རོགས་མཛད་དེ་བཀའ་ཆོས་བསྒྱུར། དབུས་སུ་བཤད་གྲྭ་བཙུགས་ཏེ་སློབ་མ་མང་དུ་བསྐྱངས། ཇོ་བོ་རྗེ་ལྷ་སར་སྤྱན་དྲངས། གསང་ཕུ་ནེའུ་ཐོག་དགོན་པ་ཕྱག་བཏབ། རྟོག་གེ་འབར་བ་སོགས་རྒྱ་གཞུང་མང་བོ་བོད་དུ་བསྒྱུར། ཚད་མའི་འཆད་ཉན་དར་བར་མཛད།



༡༽རྔོག་ལེགས་པའི་ཤེས་རབ།
      རྔོག་ལེགས་པའི་ཤེས་རབ་ནི། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ། རྔོག་ཆེན་པོ་བྱ་བ་བྱུང་སྟེ། བཙན་པོས་རྒྱ་ཡུལ་དུ་དམག་འདྲེན་པའི་ཚེ་རྒྱལ་བོ་རི་དེའུ་ཞིག་གི་ཁར་བཞུགས། དམག་རྣམས་ཡུལ་འཇོམས་སུ་བཏང༼༡༨༩༽བ་ན། རྒྱལ་བོའི་སྐུ་ལ་བསྡོ་བའི་སྐྱེན་པོ་འགའ་ཞིག་བྱུང་བ་ན། བློན་པོ་རྔོག་གིས་འགའ་ཞིག་བསད། འགའ་ཞིག་ནི་ཕྱིར་བྲོས། དེ་ནས་རྒྱ་ཞོ་ཧབ་ཀྱིས་བཏབ། རྒྱ་ཕྲུག་བྲག་ལ་བརྡབས་ཟེར་བ་དེའི་རྒྱུད་པ་ཡིན་ཏེ། ཡར་འབྲོག་དོའི་ཕྱི་རོལ་གྱི་མཚོ་ཆེན་པོའི་འགྲམ་དུ་གྲོང་ཆགས་པའི་ པ་རྣམས་ལས་ཆེ་བ་ལེགས་པའི་ཤེས་རབ་ཀྱིས་འབྲིང་ཡེ་ཤེས་ཡོན་ཏན་ལ་རབ་ཏུ་བྱུང་། ཁམས་སུ་བྱོན་ནས་ཇོ་བོ་སེ་བཙུན་ལ་སྡེ་སྣོད་རྣམས་གསན་པས་མཁས་པར་སྔགས་རྙིང་མ་བའི་དགེ་བཤེས་རྡོ་རྗེ་གཞོན་ནུ་བྱ་བ་ལ་སྲས་ལྔ་བྱུང་བའི་ཆེ་བ་ལེགས་པའི་ཤེས་རབ། གཉིས་པ་ཀླུ་ཁྲི། གསུམ་པ་ཀླུ་བྱང་། བཞི་བ་ཆོས་སྐྱབས། ལྔ་བ་ཐུབ་ མཁྱེན་ཏེ་སྟོན་པ་བཞུད་པའི་ཕྱི་ལོ་བྱི་བའི་ལོ་ལ་དབུས་སུ་ཕེབས། བཤད་པའི་གྲྭ་བཙུགས་ནས་སློབ་མ་ཡང་མང་དུ་བྱུང་།
      དེ་ནས་དབུས་གཙང་གི་མི་ཆེན་རྣམས་དང་ལྷན་དུ་མང་ཡུལ་དུ་ཇོ་བོ་དང་མཇལ། ཆོས་མང་དུ་གསན། ཐུགས་རྒྱུད་ཤིན་ཏུ་བཟང་བས་ཇོ་བོའི་སློབ་མ་སུ་དང་ཡང་མི་མཐུན་པ་མེད། ལྷ་སར་ཇོ་བོ་དཔོན་གཡོག་སྤྱན་དྲངས་ནས་ཞབས་ཏོག་རྒྱ་ཆེར་མཛད། རྔོག་གིས་དབུ་མཛད་པའི་བོད་སྟོན་ཁ་ཅིག་ལ་དབང་སྐུར་བའི་ཆོ་ག་རྒྱས་པར་གནང་། རྟོག་གེ་འབར་བ་བསྒྱུར་བའི་ཞུ་བ་ཕུལ། ཇོ་བོས་གནང་ནས་ནག་ཚོས་ཚང་བར་བསྒྱུར། དེའི་ཞར་ལ་དབུ་མའི་མན་ངག་ཀྱང་མཛད། རྣལ་འབྱོར་པ་ལ་གཟུགས་སུ་ཕུལ་བས་ངེད་ལ་ལྐོག་ཏུ་ཇི་ལྟར་ཁྲིད་པ་བཞིན་དུ་བྲིས་འདུག ༼༡༨༩༽ཅུང་ཟད་ཟབ་དྲགས་གསུང་། དེ་ལོ་ཙཱ་བས་བསྒྱུར། དེའི་ཞབས་ན། ར་ས་འཕྲུལ་སྣང་གཙུག་ལག་ཁང་ཆེན་ཏུ། །མར་མེ་མཛད་དཔལ་ཞེས་བྱའི་མཁས་པ་ལ། །ཤཱཀྱའི་དགེ་སློང་རྔོག་བཙུན་ལེགས་ཤེ་ཡིས། །གསོལ་བ་བཏབ་ནས་ཡི་གེར་བཀོད་པ་ཡིན། །བྱ་བ་དེ་ཇོ་བོའི་གསུང་ཡིན། མཚན་ནི་མར་མེ་མཛད་ཅེས་གྲགས་པ་ཡི། །མཁས་པ་འདི་ཡི་གཞུང་ལུགས་སུ་འཛིན་པ། །གོལ་བའི་ལམ་དུ་མི་འགྲོ་ཞེས། །ནག་ཚོ་ཚུལ་ཁྲིམས་རྒྱལ་བ་སྨྲ། །ཞེས་གསུངས། ༼ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་བཏུས།༽
     
༢༽རྔོག་ལེགས་པའི་ཤེས་རབ།
      བཀའ་གདམས་ཀྱི་མེས་པོ་ཇོ་འབྲོམ་ཡབ་སྲས་གསུམ་གྱི་ཡ་གྱལ་ཡིན་ལ། ཇོ་བོ་རྗེའི་སློབ་མ་སྙན་གྲགས་ཅན་དབུས་ཀྱི་ཁུ་རྔོག་འབྲོམ་གསུམ་གྱི་ཡ་གྱལ་ཡང་ཡིན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་རྔོག་ཆེན་པོའི་རྒྱུད་པ་ཡར་འབྲོག་དོའི་ཕྱི་རོལ་གྱི་མཚོ་ཆེན་པོའི་འགྲམ་དུ་གྲོང་ཆགས་པའི་སྔགས་རྙིང་མ་བའི་དགེ་བཤེས་རྡོ་རྗེ་གཞོན་ནུར་སྲས་ལྔ་ཡོད་པའི་ཆེ་བར་སྐུ་འཁྲུངས། འབྲིང་ཡེ་ཤེས་ཡོན་ཏན་ལས་རབ་ཏུ་བྱུང་། སྐུ་ན་ཆུང་ངུའི་དུས་མངའ་རིས་གུ་གེ་རྒྱལ་བོས་ཁ་ཆེའི་ཡུལ་དུ་མངགས་ཏེ་ནང་པ་སངས་རྒྱས་པའི་ཆོས་ལུགས་སློབ་གཉེར་མཛད་ནས་མཁས་པར་གྱུར། ཕྱིས་སུ་ལོ་ཆེན་རིན་ཆེན་བཟང་པོར་རོགས་མཛད་དེ་བཀའ་ཆོས་བསྒྱུར། རབ་བྱུང་དང་པོའི་ཤིང་བྱ༼༡༠༤༥༽ལོར་དབུས་སུ་ཕེབས་སྐབས་རྔོག་གིས་ལྷ་སར་སྤྱན་དྲངས། སྤྱན་རས་གཟིགས་ཀྱིས་མི་དཀར་བོ་ཞིག་ཏུ་བྱས་ནས་བསུ་བ་མཛད། ནག་ཚོ་དང་ལྷན་དུ་ཇོ་བོ་དང་མཇལ་ཏེ་ཇོ་བོའི་ཐུགས་སྲས་སུ་གྱུར། རྔོག་གིས་ལོ་པཎ་ལ་ཞུས་ནས་རྟོག་གེ་འབར་བ་བསྒྱུར། དེ་ནས་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་ལྷན་དུ་ཇོ་བོའི་དྲུང་ནས་བཀའ་གདམས་བུ་ཆོས་ཞུས། རབ་བྱུང་དང་པོའི་ཆུ་གླང༼༡༠༧༣༽ལོར་གསང་ཕུ་ནེའུ་ཐོག་དགོན་པ་བཏབ། རྔོག་ལོ་ཡབ་སྲས༼ལེགས་པའི་ཤེས་རབ་དང་བློ་ལྡན་ཤེས་རབ་གཉིས་ལ་ཞུ༽ཀྱིས་ཚད་མ་རྣམ་ངེས་དང་བྱམས་ཆོས་གཞིར་བཞག་གིས་གསང་ཕུར་རིགས་ལམ་ནས་དྲངས་པའི་འཆད་ཉན་ཤིན་ཏུ་དར་པོ་བྱུང་། སློབ་མ་མཁས་པ་ཉིད་ཀྱི་དབོན་རྔོག་བློ་ལྡན་ཤེས་རབ་སོགས་བྱུང་། ༼དུང་དཀར་ཚིག་མཛོད་ལས་བཏུས།༽
 
༣༽རྔོག་ལེགས་པའི་ཤེས་རབ། 
      ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ། རྔོག་ཆེན་པོ་བྱ་བ་བྱུང་སྟེ། བཙན་པོས་རྒྱ་ཡུལ་དུ་དམག་འདྲེན་པའི་ཚེ། རྒྱལ་བོ་རི་དེའུ་ཞིག་གི་ཁར་བཞུགས། དམག་རྣམས་ཡུལ་འཇོམས་སུ་བཏང་བ་ན། རྒྱལ་བོའི་སྐུ་ལ་སྡོ་བའི་སྐྱེན་པོ་འགའ་ཞིག་བྱུང་བ་ན། བློན་པོ་རྔོག་གིས་འགའ་ཞིག་བསད། འགའ་ཞིག་ནི་ཕྱིར་བྲོས། དེ་ནས་རྒྱ་ཞོ་ཧབ་ཀྱིས་བཏབ། རྒྱ་ཕྱུག་བྲག་ལ་བརྡབས་ཟེར་བ་དེའི་བརྒྱུད་པ་ཡིན་ཏེ། ཡར་འབྲོག་དོའི་ཕྱི་རོལ་གྱི་མཚོ་ཆེན་པོའི་འགྲམ་དུ་གྲོང་ཆགས་པའི་སྔགས་རྙིང་མ་བའི་དགེ་བཤེས་རྡོ་རྗེ་གཞོན་ནུ་བྱ་བ་ལ། སྲས་ལྔ་བྱུང་བའི་ཆེ་བ་ལེགས་པའི་ཤེས་རབ། གཉིས་པ་ཀླུ་ཁྲི། གསུམ་པ་ཀླུ་བྱང་། བཞི་བ་ཆོས་སྐྱབས། ལྔ་བ་ཐུབ་པ་རྣམས་ལས་ལེགས་པའི་ཤེས་རབ་ཀྱིས་འབྲིང་ཡེ་ཤེས་ཡོན་ཏན་ལ་རབ་ཏུ་བྱུང་། ཁམས་སུ་བྱོན་ནས་ཇོ་བོ་སེ་བཙུན་ལ་སྡེ་སྣོད་རྣམས་གསན་པས་མཁས་པར་མཁྱེན་ཏེ། སྟོན་པ་བཞུད་པའི་ཕྱི་ལོ་བྱའི་ལོ་ལ་དབུས་སུ་ཕེབས། བཤད་པའི་གྲྭ་བཙུགས་ནས་སློབ་མ་ཡང་མང་དུ་བྱུང་། དེ་ནས་དབུས་གཙང་གི་མི་ཆེན་རྣམས་དང་ལྷན་དུ་མང་ཡུལ་དུ་ཇོ་བོ་དང་མཇལ། ཆོས་མང་དུ་གསན། ཐུགས་རྒྱུད་ཤིན་ཏུ་བཟང་བས་ཇོ་བོའི་སློབ་མ་སུ་དང་ཡང་མི་མཐུན་པ་མེད། ལྷ་སར་ཇོ་བོ་དཔོན་གཡོག་སྤྱན་དྲངས་ནས་ཞབས་ཏོག་རྒྱ་ཆེར་མཛད། རྔོག་གིས་དབུ་མཛད་པའི་བོད་སྟོན་ཁ་ཅིག་ལ་རིམ་པའི་ཆོ་ག་རྒྱས་པར་གནང་། རྟོག་གེ་འབར་བ་བསྒྱུར་བའི་ཞུ་བ་ཕུལ། ཇོ་བོས་གནང་ནས་ནག་ཚོས་ཚང་བར་བསྒྱུར། དེའི་ཞར་ལ་དབུ་མའི་མན་ངག་ཀྱང་མཛད། རྣལ་འབྱོར་པ་ལ་གཟིགས་སུ་ཕུལ་བས། ངེད་ལ་ལྐོག་ཏུ་ཇི་ལྟར་ཁྲིད་པ་བཞིན་དུ་བྲིས་འདུག ཅུང་ཡང་ཟབ་དྲགས་གསུངས། དེ་ལོ་ཙཱ་བས་བསྒྱུར། དེའི་ཞབས་ན། ར་ས་འཕྲུལ་སྣང་གཙུག་ལག་ཁང་ཆེན་དུ། །མར་མེ་མཛད་དཔལ་ཞེས་བྱའི་མཁས་པ་ལ། །ཤཱཀྱའི་དགེ་སློང་རྔོག་བཙུན་ལེགས་ཤེ་ཡིས། །གསོལ་བ་བཏབ་ནས་ཡི་གེར་བཀོད་པ་ཡིན། བྱ་བ་དེ་ཇོ་བོའི་གསུང་ཡིན། མཚན་ནི་མར་མེ་མཛད་ཅེས་གྲགས་པ་ཡི། །མཁས་པ་འདི་ཡི་གཞུང་ལུགས་སུ་འཛིན་པ། །གོལ་བའི་ལམ་དུ་མི་འགྲོ་ཞེས། །ནག་ཚོ་ཚུལ་ཁྲིམས་རྒྱལ་བ་སྨྲ། །གསུང་། ཇོ་བོ་སྙེ་ཐང་དུ་བཞུགས་དུས། སྒོམ་པ་རྒྱ་མོན་གྱིས་གསང་ཕུ་བ་ལ། གསང་སྔགས་རྙིང་མའི་ཕྱི་རྒྱུད་ཆུང་ཆུང་འགའ་སྤུས་འདོད་དུ་ཞུས་པ་ལ་རིམ་པ་བྱས་སམ་གསུངས། མ་བགྱིས་ཞུས་པས། ཇོ་བོ་ཧེ་རུ་ཀ་དངོས་སུ་བཞུགས་པས་བཤད་དུ་རུང་མི་རུང་ཞུས་པས། ཇོ་བོའི་ཞལ་ནས། རིམ་པ་བྱས་ཀྱང་བོད་ཀྱི་རིམ་པས་གོ་མི་ཆོད། བོད་དད་པ་ཆེ་བས་སྔགས་ཀྱི་སྣོད་དུ་རུང་བའི་སློབ་མ་ཡོད་སྲིད། སློབ་དཔོན་དབང་སྐུར་ནུས་པ་ནི་མི་སྣང་། རིམ་པ་མ་བྱས་ཀྱང་བྱང་ཆུབ་ཀྱི་སེམས་བརྟན་པོ་ཡོད་ན་དེ་ཀུན་ཉན་དུ་རུང་གསུངས། ཕྱི་དེ་ཉིད་ཁྲི་ཁར་བྱོན་ནས། ངས་བླ་མ་ལ་ཞུས་པས་འདི་སྐད་གསུང་གསུངས་ནས་བཤད་པ་མཛད། ༼བཀའ་གདམས་ཆོས་འབྱུང་ལས་བཏུས།༽
 
༤༽རྔོག་ལེགས་པའི་ཤེས་རབ།
      རྔོག་ལེགས་པའི་ཤེས་རབ་ནི་ཡར་འབྲོག་སྒོམ་མཁར་དུ་འཁྲུངས། འབྲིང་ཡེ་ཤེས་ཡོན་ཏན་ལས་བསྙེན་པར་རྫོགས། ལྷ་སར་བཤད་གྲྭ་བཙུགས། ཇོ་བོ་དང་མཇལ་ནས་ཆོས་མང་དུ་བསྒྱུར། གསང་ཕུ་བཏབ། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཉིད་ཀྱི་གཅུང་བོ་ཡིན་ལ་ཆོས་ཀྱིས་བསྐྱངས། སྐུ་མཆེད་གཉིས་ལ་བུ་སློབ་མཁས་པའི་དབང་བོ་མང་བོ་བྱོན་ཅིང་། ཁྱད་པར་དུ་རྔོག་ལེགས་པའི་ཤེས་རབ་ཀྱིས་ཇོ་བོའི་ཞབས་ལ་གཏུགས་ནས་སྔགས་ཀྱི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ་དང་། རྔོག་ལོ་ཆེན་པོའི་ཕྱག་རྗེས་ལས་དབུ་ཚད་ཀྱི་གཞུང་ལུགས་དབྱར་གྱི་མཚོ་མོ་ལྟར་འཕེལ་རྒྱས་ཆེན་པོ་ཞིང་། རྣམ་ཐར་ཀུན་ལ་གསལ་བ་སྟེ། བོད་སྔ་ཕྱིའི་མཁས་པ་ཕལ་མོ་ཆེ་སྐུ་མཆེད་རྣམ་པ་གཉིས་ཀྱི་འཕྲིན་ལས་ལས་བྱུང་ངོ་། །༼ནང་བསྟན་ལྷ་ཚོགས་ཆེན་མོ་ལས་དྲངས།༽