རིག་མཛོད་ངོ་སྤྲོད། ལས་གཞིའི་རྣམ་པ་ངོ་སྤྲོད།
འབྱུང་ཁུངས། སྤེལ་མཁན། རྩོམ་པ་པོ།དྲ་ཚིགས་དོ་དམ་པས། སྤེལ་དུས།2016-11-04

  ཧི་མ་ལའི་རིག་མཛོད་ཆེན་མོ་ཞེས་པ་འདི་ནི། རྒྱལ་ཕྱི་ནང་དང་ལྷག་ཏུ་བོད་ཡུལ་འདིར་ནང་ཆོས་ཀྱི་གསུང་རབ་ཡོད་དོ་ཅོག་དང་། རང་རེ་བོད་ཀྱི་ཤུལ་བཞག་གི་བརྩམས་ཆོས་དང་། དེང་རབས་མཁས་པའི་བརྩམས་ཆོས་ཁྱད་འཕགས་ཡོངས་ཧི་མ་ལའི་རིག་མཛོད་ཁང་དུ་འཚོལ་སྡུད་བྱས་ཏེ། རིག་གཞུང་དེ་དག་གློག་རྡུལ་ཡི་གེར་ཕབ་ནས་དཔེ་བསྡུར་གྱི་རིམ་པ་དང་། ཞུ་དག་གི་རིམ་པ། དཔྱད་ཞིབ་ཀྱི་རིམ་པ། རྩོམ་སྒྲིག་སོགས་ལེགས་བཅོས་གང་ལེགས་བྱས་ནས་ཧི་མ་ལའི་རིག་མཛོད་ཆེན་མོ་ཞེས་ཆོས་དང་རིག་གནས་ཀྱི་རིག་གཞུང་འཐུས་ཚང་བ། ཡིག་གཟུགས་དང་། དཔེ་རྟགས། རྣམ་པ། དཔེ་ཕྲེང་སོགས་གཅིག་གྱུར་གྱིས་རྒྱལ་སྤྱིའི་རིག་གཞུང་དཔེ་ཚོགས་ཚད་ལྡན་རང་བཞིན་ཅན་ནམ། བོད་ཀྱི་རིག་གཞུང་ཆ་ཚང་འདུས་གྲུབ་བྱས་ཡོད་པའི་དཔེ་ཚོགས་གསར་བ་ཞིག་དཔར་བསྐྲུན་བྱས་ཏེ་རྒྱལ་ཕྱི་ནང་དང་བོད་ཁུལ་གྱི་ཕྱོགས་ཡོངས་ཀྱི་དགོན་སྡེ་དང་། ཆོས་གྲྭ། སློབ་གྲྭ་ཆེ་ཁག་སོ་སོར་ང་ཚོ་སྒང་བ་བོད་པའི་རིག་གནས་འདི་བརྒྱུད་འཛིན་དང་དར་སྤེལ་རྒྱ་ཆེན་པོ་འོང་ཆེད་དཔེ་ཚོགས་དེ་འགྲེམས་སྤེལ་གནང་རྒྱུ་ཡིན།

༡ ཕྱོགས་སྡུད་དང་ཉར་ཚགས།


 


༢ ལག་ལེན་དང་རྩད་བརྡར།





༣ བསྐྱར་ཞིབ་དང་ལེགས་སྒྲིག