འབྲེལ་གནས། བརྩམས་ཆོས་སྐུར་ཡུལ།
འབྱུང་ཁུངས། སྤེལ་མཁན། རྩོམ་པ་པོ།དྲ་ཚིགས་དོ་དམ་པས། སྤེལ་དུས།2016-11-01
ཧི་མ་ལའི་རིག་མཛོད་ཁང་གི་བརྩམས་ཆོས་བསྡུ་ལེན་གྱི་གསར་བརྡ།  
   
༡   བོད་ཀྱི་ཆོས་དང་རིག་གནས་ཀྱིས་བསྡུས་པའི་གནའ་དེང་གི་རིག་གཞུང་གསར་རྙིང་ཚང་མ་དང་།  མི་སྒེར་གྱི་བརྩམས་ཆོས་ཁྲིམས་མཐུན་དག་ཀྱང་བསྐུར་གནང་བྱ་རོགས།
༢   ཡིག་ཆ་དེ་དག་རབ་ཡིན་ན་གློག་རྡུལ་དུ་ཕབ་སྟེ་ཞུ་དག་ཟིན་པ་ཡིན་དགོས།   དེ་མིན་མ་དཔེ་ཞིག་ལས་མེད་ཀྱང་སྐུར་ཆོག
༣   ཁྲིམས་འགལ་གྱི་ཡིག་ཆ་དང་སྤྱི་ཚོགས་ལ་ཟིང་འཁྲུག་སློང་བྱེད་ཀྱི་རྩོམ་ཡིག་མིན་པ། 
༤   བརྩམས་ཆོས་ང་ཚོའི་ལས་ཁུངས་ལ་བསྐུར་རྗེས་པར་དབང་ཆ་ཚང་ང་ཚོ་ལ་ཡོད་དགོས་པ།   
༥   བརྩམས་ཆོས་གསར་རྙིང་གང་ཡིན་ཡང་རྩོམ་པ་པོའི་ལོ་རྒྱུས་ཉུང་བསྡུས་དང་།  རྩོམ་ཡིག་གི་ནང་དོན་གནད་བསྡུས་ཚེག་བར་བརྒྱ་ལས་མ་བརྒལ་བ་ཞིག་བཅས་བསྐུར་རྒྱུ་བྱུང་ན་རབ་ཡིན།  
༦   ཡིག་ཆ་དེ་ང་ཚོ་ལ་འཕྲོད་རྗེས་ཞིབ་འཇུག་གི་བརྒྱུད་རིམ་འོག་རིན་ཐང་ལྡན་ཚེ་དགྲམ་རྒྱུ་ཡིན་པ་ལས། བརྩམས་ཆོས་གང་ཡིན་སྤེལ་རྒྱུ་མིན།  
༧   ཆ་རྐྱེན་དེ་ལྡན་གྱི་བརྩམས་ཆོས་གང་ཡིན་ངོ་ལེན་བྱས་པའི་འོག  འཕྲུལ་དེབ་ཀྱི་རྣམ་པ་དང་ལྟ་ཀློག་གི་རྣམ་པ་གཉིས་ཀྱི་སྒེའུ་ཁུང་བརྒྱུད་ནས་མི་རིང་བར་འཛམ་གླིང་ལ་འགྲེམས་སྤེལ་གཏོང་རྒྱུ་ཡིན།  
༨   ཧི་མ་ལའི་རིག་མཛོད་ཆེན་མོའི་ནང་བཀོད་ཟིན་པའི་བརྩམས་ཆོས་དག་བོད་ཀྱི་རིག་མཛོད་ཡིན་པ་མཚོན་གྱིན་ཡོད་པས། བརྩམས་ཆོས་ཚད་ལྡན་མ་གཏོགས་འགོད་རྒྱུ་མིན་པས་སོ་སོས་ཐུགས་འཇགས་ཡོད་པར་འཚལ།     

ཧི་མ་ལའི་རིག་མཛོད་དྲ་ཚིགས།   www.himalayane.com   
ཡིག་ཟམ།    himalayanc@163.com
སྤྱིའི་ལྟ་སྐུལ་བའི་འབྲེལ་ལམ།   འཕྲིན་ཕྲན་དང་།  ཁ་པར།  15208425221