གཟིགས་ཞིབ་མི་སྣ། སྐུ་མགྲོན་ཕེབས་བསུ།
འབྱུང་ཁུངས། སྤེལ་མཁན། རྩོམ་པ་པོ།དྲ་ཚིགས་དོ་དམ་པས། སྤེལ་དུས།2016-10-31

སྐུ་མགྲོན་ཕེབས་བསུ།

ཧི་མ་ལའི་རིག་མཛོད་ཁང་གི་གཞི་རྒྱ་ཆེ་བའི་ལས་གཞི་ལ་དུས་དང་རྣམ་པ་ཀུན་ཏུ་ལམ་སྟོན་དང་ཐུགས་བརྩེ་གནང་བའི་བོད་ཀྱི་མཁས་དབང་རྣམ་པ་དང་། བླ་སྤྲུལ་རྣམ་པ། དབུ་ཁྲིད་རྣམ་པ་དང་། ད་དུང་བོད་ཀྱི་ཆོས་དང་རིག་གནས་ལ་དགའ་ཞེན་དང་དད་མོས་གནང་མཁན་གྱི་ཕྱི་གླིང་བ་སོགས་ངེད་ལས་ཁུངས་ལ་གཟིགས་སྐོར་དང་ལྟ་ཞིབ་ལ་ཕེབས་པའི་རྣམ་པའི་ཟུར་ཞིག  



རྡོ་གྲུབ་རིན་པོ་ཆེ་ཚང་ལ་གུ་རུའི་སྟོང་ཐང་ཆེན་མོ་སྤྱན་འབུལ་ཞུ་བཞིན་པ།



རྫོང་སར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ་ལགས་ཀྱིས་དགོངས་ཚུལ་གསུང་སྐབས།



ཨ་ལགས་དོར་ཞི་ཚང་གིས་བཀའ་སློབ་གནང་བཞིན་པ།



ཨ་དཀོན་རིན་པོ་ཆེ་ལས་ཁུངས་ལ་ཕེབས་ནས་གཟིགས་ཞིབ་གནང་བཞིན་པ།



གཟན་དཀར་ཐུབ་བསྟན་ཉི་མ་མཆོག་ཧི་མ་ལའི་རིག་མཛོད་ཁང་དུ་ཕེབས་ནས་མཆོག་སྤྲུལ་ཚེ་

རིང་རྡོ་རྗེ་དང་ལྷན་དུ་ལས་ཁུངས་ཀྱི་ལས་གཞིའི་ཐད་ནས་བཀའ་མོལ་གནང་བཞིན་པ།



སེར་ཤུལ་ལྷ་རམས་དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས་ལས་མི་ཚོར་གསུང་བཤད་གནང་བ།



བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཧི་མ་ལའི་རིག་མཛོད་ཁང་

དུ་ཕེབས་ནས་གཞི་རྒྱ་ཆེ་བའི་ལས་གཞིའི་ཐད་ལ་བཀའ་སློབ་དང་དགོངས་ཚུལ་གསུང་བཞིན་པ།



རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོས་གུ་རུའི་སྟོང་ཐང་ལ་གཟིགས་ཞིབ་དང་དགོངས་ཚུལ་གསུངས་པ།



ལྡོང་ཡོན་ཏན་རྒྱ་མཚོ་དང་མཁན་ཀླུ་སྒྲུབ་དབང་ཕྱུག  ས་སྒང་འཇམ་དབྱངས་མཁྱེན་རབ་

སོགས་ཕེབས་ནས་བོ་དོང་གསུང་འབུམ་གྱི་ལས་གཞི་ལ་གཟིགས་པ།


རྟོགས་ལྡན་དགོན་གྱི་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་དང་། རྟོགས་ལྡན་དགོན་གྱི་འཚོགས་ཆེན་ཁྲི་རབས་
བཅུ་གཉིས་པ་རྟོགས་ལྡན་བསྐལ་ཁོ། ད་རུང་རིན་སྤུང་དགོན་གྱི་ཚུལ་བསྟན། གཞན་སྣང་ཞུགས་དགོན་གྱི་

དྲུང་ཡིག་པ་རྒྱ་ཐར་སོགས་ཕེབས་ནས་གཟིགས་ཞིབ་དང་གསུང་བཤད་གནང་བ།



མཆོག་སྤྲུལ་དྲི་མེད་འོད་ཟེར་ཕེབས་ནས་ལས་གཞི་གུ་རུའི་སྟོང་ཐང་སོགས་ལ་གཟིགས་ཞིབ་གནང་བ།



རྫོགས་ཆེན་ཡིད་བཞིན་ནོར་བུ་སོགས་ཕེབས་ནས་གཞི་རྒྱ་ཆེ་བའི་ལས་གཞིའི་

ཕྱོགས་ལ་དགོངས་ཚུལ་གསུངས་པ།


དགེ་བཤེས་བསོད་ནམས་དང་བློ་བཟང་ཡར་རྒྱས་སོགས་ཕེབས་ནས་གནའ་དཔེ་

བཅོས་སྒྲིག་ཕྱོགས་ནས་དགོངས་ཚུལ་གསུངས་པ།



སི་ཁྲོན་ཞིང་ཆེན་རིག་གནས་ལྷན་ཁང་གི་འགན་འཛིན་གཞོན་པ་ཚེ་པོ་ལགས་ཀྱིས་ཧི་མ་ལའི་

རིག་མཛོད་ཁང་གི་ལས་གཞི་དང་འཆར་འགོད་ལ་གཟིགས་ཞིབ་གནང་བ།



རྒྱལ་ཡོངས་པར་སྐྲུན་ཁང་། བོད་རིག་པ་ཞིབ་འཇུག་ཁང་། མི་རིགས་དཔེ་རྙིང་འཚོལ་བསྡུ་ཁང་།
པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། ཞིང་ཆེན་མི་རིགས་དོན་གཅོད་ཁང་སོགས་ཀྱི་འགན་འཛིན་པ་
དང་དོ་དམ་པ། སྐུ་ཚབ་དང་ལས་གཉེར་གཙོ་བདག་སོགས་ཧི་མ་ལའི་རིག་མཛོད་

ཆེན་མོའི་གཞུང་སྒྲུབ་ཁང་ལ་གཟིགས་སྐོར་དུ་ཕེབས་པ།



པེ་ཅིན་ནས་ཆེད་དུ་དབུས་གཞུང་མི་རིགས་དོན་གཅོད་ཁང་གི་འཐུས་ཚབ་པའམ་རྒྱལ་ཡོངས་
མི་རིགས་གྲངས་ཉུང་གནའ་དཔེ་འཚོལ་བསྡུ་ཞིབ་འཇུག་ཁང་གི་འགན་འཛིན་པ་
སྐུ་ཞབས་ལེས་ཏོང་ཧྲིན༼李冬生༽དང་སི་ཁྲོན་མངའ་སྡེའི་མི་རིགས་དོན་གཅོད་ཁང་གི་
འགན་འཛིན་པ་གཞོན་པ་དང་སི་ཁྲོན་གནའ་དཔེ་གསུང་རབ་དཔེ་རྙིང་འཚོལ་

བསྡུ་ཁང་གི་འགན་འཛིན་པ་བསོད་ནམས་ལྷ་མོ་བཅས་གཟིགས་སྐོར་ལ་ཡོང་བ།



ཝིར་ཇི་ནེ་ཡཱ་སློབ་གྲྭ་ཆེན་མོའི་བོད་ཀྱི་མཉམ་ཞུགས་རིགས་གནས་ལས་གཞིའི་སྤྱི་ཁྱབ་འགན་འཛིན་པ་
དང་འགན་འཛིན་པ་སོགས་གཟིགས་སྐོར་ལ་ཕེབས་པ།