གཟའ་ལྷག་པའི་འཆད་ཁྲིད། ཆོས་དང་ཆོས་ལུགས་མི་འདྲ་བ།
འབྱུང་ཁུངས། སྤེལ་མཁན། རྩོམ་པ་པོ།དྲ་ཚིགས་དོ་དམ་པས། སྤེལ་དུས།2016-10-27

ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་སློབ་གསེང་འཆད་ཁྲིད་ཐེངས་བཅོ་བརྒྱད་པ།

ཆོས་དང་ཆོས་ལུགས་མི་འདྲ་བ།

འཆད་ཁྲིད་པ། ཚེ་རིང་ཡེ་ཤེས།


༼གཞོན་ནུ་དོན་འགྲུབ་ཀྱིས་རྙེད་པའི་ནོམ་པ།༽

སྤྱི་དོན་དང་པོ། ཆོས།

དང་པོ། ཁྱད་ཆོས་གཙོ་བོ་གསུམ།

༡༽ དངོས་པོའི་གཤིས་ལ་བཅར་བ།

༢༽ ཀུན་ལ་ཁྱབ་པ།

༣༽ བྱམས་བརྩེ་ཕྱོགས་མེད།

༼འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་དག༽


གཉིས་པ། ནང་པ་སངས་རྒྱས་པའི་གྲུབ་དོན་ལ་དབྱེ་ན།

ནང་པའི་ཆོས། ༼ཆོས་ལུགས་ལོགས་སུ་ཡོད།༽

༼དང་པོ་ནང་པའི་ཆོས་ཞེས་པ་ནི་ནང་པའི་གཞུང་ནས་བཤད་པའི་ལས་དགེ་སྡིག་ལས་འབྲས་བུ་བདེ་སྡུག་འབྱུང་ཚུལ་ལས་བརྩམས་ཏེ་མཐར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་ཚུལ་དེ་ལ་ནང་པའི་ཆོས་ཟེར།༽

གཅིག ༽ལུང་གི་ཆོས།

སྡེ་སྣོད་གསུམ།

ཀ འདུལ་བ༼གླེང་གཞིའི་སྡེ ༤ ༽

ཁ མདོ་སྡེའི༼མདོའི་སྡེ ༧  ༽

ག མངོན་པའི༼གཏན་ལ་ཕབ་པའི ༡

གཉིས ༽ རྟོགས་པའི་ཆོས།

བསླབ་པ་གསུམ།

ཀ ཚུལ་ཁྲིམས་ཀྱི་བསླབ་པ། ༼འདུལ་བ།༽

ཁ ཏིང་ངེ་འཛིན་གྱི་བསླབ་པ། ༼མདོ་སྡེ།༽

ག ཤེས་རབ་ཀྱི་བསླབ་པ། ༼མངོན་པ།༽

 

གསུམ་པ། ནང་པའི་ཚན་རིག

༼གཉིས་པ་ནང་པའི་ཚན་རིག་ཅེས་པ་ནི་ནང་པའི་གཞུང་ནས་བཤད་པའི་ཕུང་ཁམས་སྐྱེ་མཆེད་དང་། སྐད་ཅིག་གིས་སྐྱེ་འཇིག་བྱ་ཚུལ་མི་རྟག་པ་སོགས་མདོར་ན་ཡུལ་དངོས་པའི་གནས་ལུགས་ལ་དཔྱད་པ་བྱས་པ་དེ་ལ་ནང་པའི་ཚན་རིག་ཟེར།༽

གཅིག ༽ གཞི་དངོས་པོའི་གནས་ཚུལ།

ཀ ཕུང་པོ། ༥

ཁ ཁམས། ༡༨

ག སྐྱེ་མཆེད། ༡༢


གཉིས ༽ ལམ་ཚོགས་གཉིས་བསགས་ཚུལ།

ཀ བསོད་ནམས་ཀྱི་ཚོགས།

ཁ ཡེ་ཤེས་ཀྱི་ཚོགས།


གསུམ ༽ འབྲས་བུ་སྐུ་གཉིས་ཐོབ་ཚུལ།

ཀ  གཟུགས་སྐུ།

ལོངས་སྐུ།

སྤྲུལ་སྐུ།

ཁ  ཆོས་སྐུ།

ངོ་བོ་ཉིད་སྐུ།


བཞི་བ། ནང་པའི་ལྟ་གྲུབ།

༼ གསུམ་པ་ནང་པའི་ལྟ་གྲུབ་ཅེས་པ་ནི་ཆོས་པ་ངོ་མ་ཞིག་གིས་འཚོལ་བའམ་ཁས་ལེན་པའི་མཐར་ཐུག་གི་ལྟ་བ་རྟེན་འབྱུང་དང་། ཟབ་མོ་སྟོང་པ་ཉིད་ལ་ཟེར། ༽

གཅིག ༽ མདོ། རྟེན་འབྲེལ་དང་སྟོང་ཉིད། ༼བུལ།༽

གཉིས ༽ རྒྱུད། སེམས་ཀྱི་གནད་ལ་ལྟ་བ། ༼མྱུར་བ།༽

ཀ  བྱ་རྒྱུད། ༼ཕྱིའི་ཀུན་སྤྱོད་དང་གཙང་སྦྲ་གཙོ་བོ།༽

ཁ  སྤྱོད་རྒྱུད། ༼ཕྱི་ལུས་ངག་དང་ནང་ཏིང་ངེ་འཛིན་ཆ་མཉམ་པ་སྤྱོད་པས་ན།༽

ག  རྣལ་འབྱོར་རྒྱུད། ༼ནང་ཐབས་ཤེས་ཀྱི་རྣལ་འབྱོར་གཙོ།༽

ང  རྣལ་འབྱོར་བླ་མེད་ཀྱི་རྒྱུད། ༼ཐབས་ཤེས་དབྱེར་མེད་དུ་རྟོགས་པ།༽


སྤྱི་དོན་གཉིས་པ། ཆོས་ལུགས་དང་ཆོས་ལུགས་པ།

༼མི་རྣམས་ཀྱི་འཚོ་བའི་ཁྲོད་སེམས་ཀྱི་དགོས་མཁོ་སྐོང་བྱེད་ཀྱི་རིག་པའི་གཞུང་ལུགས་དང་དེའི་བསྟན་དོན་དང་ཆོ་ག་སོགས་ལ་ཆོས་ལུགས་ཟེར༽

༡༽ ཡེ་ཤུའི་ཆོས་ལུགས།

༢༽ ཧུན་དྷིའི་ཆོས་ལུགས།

༣༽ ཁ་ཆེའི་ཆོས་ལུགས།

༤༽ ནང་པའི་ཆོས་ལུགས།

དང་པོ། ༽རང་རེའི་ཆོས་ལུགས་པས་བརྒྱུད་པའི་ལམ་ཁ་གསུམ།


གཅིག ༽ ལྟ་གྲུབ་རང་རྐང་པའི་ལམ།༼གོང་དུ་བཤད་ཟིན།༽

དར་བའི་དུས་སྐབས།

ཀ ཐོས་བསམ་སྒོམ་གསུམ།

ཁ འཆད་རྩོད་རྩོམ་གསུམ།

ག མཁྱེན་བརྩེ་ནུས་གསུམ།


གཉིས ༽ ལུགས་གཉིས་མཉམ་གསེས།༼གྱེས་པའི་དུས་སྐབས་ཀྱི་མཇུག་ཙམ།༽

༡༽ རང་ལུགས་ལ།

ཀ འཛིན།

ཁ སྐྱོང་།

ག སྤེལ་བའོ། །

༢༽ གཞན་ལུགས་ལ།

ཀ དགག

ཁ བཞག

ག སྤོང་བའོ། །


གསུམ ༽ ནག་ནོག་མག་མོག ༼རྩོད་པའི་དུས་སྐབས༽

༡༽ ས་འབྲིའི་དོན་རྐྱེན། ༼༡༩༩༠ ནས ༧༥༥༽

༢༽ བཀའ་དགེའི་དོན་རྐྱེན།

༣༽ རྭ་སྟག་དོན་རྐྱེན། ༼༡༩༤༧ ནས ༡༩༦༨༽

 

སྤྱི་དོན་གསུམ་པ། རྟོགས་སད་པ་ཞེས་པ་དེ་ག་འདྲ་ཞིག་ལ་ཟེར།

༼དུས་རབས་དང་མཐུན་པའི་བསམ་བློས་ལུགས་གཉིས་ལ་འདོར་ལེན་བྱས་ཏེ་སྐད་ཆ་གསར་པ་བཤད་ཐུབ་མཁན།༽

རྟོགས་སད་པ་ལ་དབྱེ་ན།

༡༽ གཉིས་ཀས་ཕྱུག་པའི་རྟོགས།༼གོང་ས་མཆོག་དང་ཚུལ་བློ་ལྟ་བུ།༽

༢༽ སེམས་ནད་ཀྱིས་མནར་བའི། ༼དགེ་ཆོས་དང་དོན་རྒྱལ་ལྟ་བུ།༽

༣༽ མི་ཆོས་མཛེས་རྒྱན་གྱིས་དབུལ་བའི།༼མི་ལ་དང་གྲུབ་ཐོབ་ལྟ་བུ།༽

༤༽ ཕྱོགས་གཅིག་གི༼དོན་ཞོགས་ཚྭ་གསུམ་ལྟ་བུ།༽


སྤྱི་དོན་བཞི་བ། མཇུག་གི་གཏམ།

༡༽ གྲུབ་མཐའ༼ཆོས་བརྒྱུད།༽རིས་མེད།

༢༽ ཆོལ་ཁ་ཕྱོགས་མེད།

༣༽ སྐད་ཡིག་ལ་མཐོང་ཆེན།