ནང་ཁུལ་ཚོགས་མི། ཚོགས་མི་ངོ་སྤྲོད།
འབྱུང་ཁུངས། སྤེལ་མཁན། རྩོམ་པ་པོ།དྲ་ཚིགས་དོ་དམ་པས། སྤེལ་དུས།2016-10-26

ཆེད་ཞུགས་ཚོགས་མི། 
 
      ཆེད་ཞུགས་ཚོགས་མི་རྣམ་པ་ནི་བོད་ཆོལ་གསུམ་གྱི་ཕྱོགས་སོ་སོ་ནས་ཆེད་དུ་ཕེབས་ནས་གཞི་རྒྱ་ཆེ་བའི་ལས་དོན་ལ་དངོས་སུ་ཞུགས་ཏེ་རྒྱབ་སྐྱོར་གནང་མཁན་གྱི་མི་སྣ་གལ་ཆེན་དག་ཡིན་ལ། སྐབས་དོན་ལས་གཞི་ཡི་དགོས་མཁོ་དང་བསྟུན་ནས་ལས་རིགས་སོ་སོའི་ཆེད་མཁས་པ་མི་ཉུང་བ་རེ་གདན་ཞུ་ཡང་བྱེད་བཞིན་ཡོད།
      ལྷག་ཏུ་ནང་བསྟན་ཆེད་མཁས་མི་སྣ་དང་། བོད་ཀྱི་རིག་གནས་ཆེད་མཁས་པ། རྩོམ་སྒྲིག་པ། ཇུས་འགོད་པ། དྲ་ཚིགས་ཆེད་གཉེར་བ། ཞུ་དག་པ། ཡིག་གཏག་པ། ཡིག་རིགས་ཆེད་མཁས་པ།  སྒྲ་སྒྱུར་བ་སོགས་དང་། དེ་དག་ལས་ལས་རིགས་ཀྱི་སྡེ་ཁག་སོ་སོ་ལ་མགོ་འཛིན་པ་དང་དོ་དམ་ཆེད་མཁས་ཀྱི་མི་སྣ་དག་གིས་སྒྲིག་གཞིའི་ལྷུ་ལག་ཆ་ཚང་འཛོམས་ཡོད།
      ནམ་རྒྱུན་ལས་ཁུངས་འདིར་ཆེད་ལས་རྒྱུན་སྡོད་མི་སྣ་སུམ་ཅུ་ཡན་ནས་བརྒྱ་དང་ཉི་ཤུའི་བར་གཏན་ཁེལ་བྱས་ཏེ་གཞི་རྒྱ་ཆེ་བའི་ལས་གཞི་འདིའི་རྒྱུན་བསྐྱངས་དང་སྐྱོང་བཞིན་པ་ཡིན་པ་མ་ཟད། ལས་ཞུགས་མི་སྣས་ཆེད་ལས་སྡེ་ཁག་མི་འདྲ་བ་བཅུ་གཉིས་ན་འབད་འབུང་ཆེ་སྐྱེད་ཀྱིས་ལས་ལ་བྲེལ་བཞིན་ཡོད།
༡ དབུ་འཛིན་སྡེ་ཁག ༢ དོ་དམ་སྡེ་ཁག ༣ རྩོམ་སྒྲིག་ཁང་། ༤ དྲ་ཚིགས་དོ་དམ་ཁང་། ༥ དཔྱད་འཇོག་པའི་སྡེ་ཁག ༦ ཞུ་ཆེན་པའི་སྡེ་ཁག ༧ ཞུ་དག་པའི་སྡེ་ཁག ༨ སྣ་མང་དཔེ་བསྡུར་བའི་སྡེ་ཁག ༩ དག་བཅོས་དཔེ་བསྡུར་བའི་སྡེ་ཁག ༡༠ འབྲུ་ཀློག་དཔེ་བསྡུར་བའི་སྡེ་ཁག ༡༡ ཡིག་གཏག་བའི་སྡེ་ཁག ༡༢ ནོར་སྲིད་དོ་དམ་ཁང་།
 
ལས་རིགས་སོ་སོའི་ཆེད་ཞུགས་ཚོགས་མིའི་ངོ་སྤྲོད།  

༼དབུ་ཁྲིད་ཚན་ཆུང་དང་སྒྲིག་སྦྱོར་སྡེ་ཁག  དཔྱད་འཇོག་སྡེ་ཁག་བཅས་ཀྱི་ལས་འཛིན་པ།༽


དངོས་མིང་།  དམ་ཆོས་རྒྱ་མཚོ།

སྐྱེས་ཡུལ།    མང་རྫོང་།

ཐོབ་ཐང་།   བོད་རིག་པ་ཆེད་མཁས་པ།      

ཆེད་ལས།   སྤྱི་ཚོགས་ཉམས་ཞིབ་པ།
སློབ་སྦྱོང་གི་བརྒྱུད་རིམ།  རང་ལོ་དགུའི་ཐོག་ཏུ་སྨར་ཁམས་སྡེ་བའི་བཅའ་སྡོད་སློབ་ཆུང་དུ་ཞུགས་མོད། ཕ་ཡུལ་གྱི་གནས་ཚུལ་དབང་གིས་ཟླ་གསུམ་ལས་སློབ་གྲྭ་ལས་ཕྱིར་འཐེན་བྱས། ལོ་བཅོ་ལྔའི་ཐོག་ནས་སྨར་ཁམས་དགོན་ཚོགས་གཉིས་འཕེལ་རྒྱས་གླིང་དུ་ཞུགས་ནས། བོད་ཡིག་དབུ་ཅན་དང་དབུ་མེད་སྦྱོར་ཀློག ཁྱད་པར་སྐོང་ཡིག འདོན་ཆོས་ལ་སྦྱངས། ༡༩༩༥ ལོར་མདོ་སྨད་སྐུ་འབུམ་དགོན་པའི་ལྔ་རིག་སྐྱེད་ཚལ་གླིང་དུ་ཞུགས་ནས། རྒྱུགས་འབྲས་ཁྱད་འཕགས་དང་། རྒྱུགས་འབྲས་ཡང་རྩེར་སོན་པ་སོགས་ཀྱི་བྱ་དགའ་མི་ཉུང་བ་ཐོབ་པ་མ་ཟད་སྐད་གྲགས་ཀྱང་ཆགས།
 སྔ་གཞུག་ཏུ་སྐྱབས་རྗེ་དམ་པ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ ༧ ལཱ་མོའི་ཡོངས་འཛིན་རིན་པོ་ཆེ་རྗེ་བློ་བཟང་མཁས་གྲུབ་རྒྱ་མཚོ་དང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་མཚོ་སྔོན་ནང་བསྟན་སློབ་གྲྭའི་དགེ་རྒན ༧རྗེ་བློ་བཟང་རྡོ་རྗེ་མཆོག་དང་། བླ་བྲང་ཨ་ཁུ་རིན་པོ་ཆེ་སྟེ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་དགེ་རྒན་དམ་པ ༧རྗེ་བློ་བཟང་རྒྱ་མཚོ་དཔལ་བཟང་བོ་མཆོག་དང་།  གཞུང་ལུགས་རབ་འབྱམས་སྨྲ་བ་ལ་མཁྱེན་ཐོགས་བྲལ་བ ༧ ལྷ་སྡེ་ཨ་ཁུ་ཀུན་བཟང་མཆོག་དང་། པེ་ཅིང་བོད་བརྒྱུད་ནང་བསྟན་སློབ་གྲྭའི་དགེ་རྒན ༧སྒོ་མང་འོད་ཟེར་རྒྱ་མཚོ། རིག་པ་སྨྲ་བའི་སྐྱེས་མཆོག་དམ་པ ༧རྒྱལ་མཚན་མགོན་པོ་མཆོག་སོགས་བཤེས་གཉེན་དམ་པ་བཅུ་ཕྲག་གཅིག་ལ་ཉེ་བའི་སྤྱན་སྔར། ཐུན་མོང་བའི་རིག་གནས་ལས་བརྡ་སྤྲོད་ཀྱི་སྐོར་ལ། སུམ་རྟགས་དག་གསུམ་གྱི་སྐོར་ལ། རྗེ་དམུ་དགེ་ཚང་གི༼ བློ་གསལ་འཇུག་ངོགས་དང་།  ༼བློ་གསལ་དགའ་སྟོན། པྲ་སྟི་རིན་ཆེན་དོན་འགྲུབ་ཀྱི༼ ཀུན་བཟང་དགོངས་རྒྱན། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི༼གསེར་ཏོག་སུམ་རྟགས། དངུལ་ཆུ་དྷརྨ་བྷ་དྲའི༼ སུ་ཏིའི་ཞལ་ལུང་། དབྱངས་ཅན་གྲུབ་པའི་རྡོ་རྗེའི༼ ལེགས་བཤད་ལྗོན་དབང་སོགས་དང་། དཔྱི་ས་བློ་གྲོས་ཀྱི༼ བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས། སྣར་ཐང་ལོ་ཙཱ་བའི༼ སྔགས་བཀླག་ཐབས་སོགས་ལ་སྦྱངས།
   སྙན་ངག་གི་སྐོར་ལ། བསེ་ཚང་བློ་བཟང་དཔལ་ལྡན་གྱི༼ཚངས་སྲས་བཞད་སྒྲ། དཔལ་ཚེ་ཏན་ཞབས་དྲུང་གི༼སྙན་ངག་སྤྱི་དོན། དུང་དཀར་བློ་བཟང་འཕྲིན་ལས་ཀྱི༼ ཚིག་རྒྱན་རིག་པའི་སྒོ་འབྱེད་སོགས་ལ་སྦྱངས། སྒྲའི་སྐོར་ལ། ༼སྒྲ་མཚམས་སྦྱོར་ལྔ་བ། ནག་རྩིས་ལ། ལྷ་སྨོན་ཚུལ་ཁྲིམས་ཀྱི༼ ནག་རྩིས། སྐར་རྩིས་ལ། མ་ཡངས་བཟོད་པ་རྒྱ་མཚོའི༼རྒྱ་རྩིས་ཀྱི་གོ་དོན་དང་ལག་ལེན། ལྷ་སྡེ་ཨ་ཁུ་ཀུན་བཟང་ཚང་གི༼སྐར་རྩིས་ཀུན་བཏུས་ནོར་བུ། ལེགས་བཤད་ལ། ས་སྐྱ་ཀུན་དགའ་རྒྱལ་མཚན་གྱི༼ས་སྐྱ་ལེགས་བཤད། པཎ་ཆེན་བསོད་ནམས་གྲགས་པའི༼དགེ་དགེ་ལྡན་ལེགས་བཤད་སོགས་ལ་སྦྱངས་པ་བྱས། ཐུན་མོང་མ་ཡིན་པ་ནང་ཆོས་ཀྱི་སྐོར་ལས། གུང་ཐང་སྐྱབས་ཁྲིད་དང་། ས་ལམ། ལམ་རིམ། བླ་མ་མཆོད་པ་སོགས་དབང་ལུང་ཁྲིད་གསུམ་མཐའ་ཡས་པ་ཐོབ།
བརྩམས་ཆོས།   སྨར་ཁམས་ལོ་རྒྱུས་དང་སྙན་རྩོམ་དུས་ཀྱི་འབོད་པ་གཉིས་ཤང་ཀང་ཐེན་མ་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་ཟིན་ལ། དཔར་རྒྱུར་ལུས་ཡོད་པ་ནི། ༼བསླབ་བྱ་སྦྲང་དཀར་རྩམ་པ།༽སུམ་རྟགས་དག་གསུམ་དང་ལོ་རྒྱུས་ཀྱིས་བསྡུས་པའི་དཔེ་དེབ་ཅིག ༼གནས་ལུགས་ཀྱིས་དེད་པའི་བདག༽གླེང་བརྗོད་ཕྱོགས་བསྡུས་ཤིག་ཡིན། ༼ཁ་བ་ནག་པོ་བབས་པའི་ས་གཞི༽ལོ་གང་མང་གི་མཐོང་ཐོས་མྱོང་གསུམ་གྱི་ཟིན་བྲིས་ཀྱི་སྐོར། ༼ཟླ་ངོགས་ཀྱི་གྲིབ་གཟུགས་ཁེར་རྐྱང་།༽དམར་རྗེན་དུ་བཞུར་བའི་སྙན་ཚོམས། ༼རྗེ་འཇའ་མོ་བའི་རྣམ་ཐར༽སོགས་སོ། །
   གཞན་རང་ལོ་ཉེར་གསུམ་ནས་རྩོམ་རིག་གི་ལས་ལ་ཞུགས་ཏེ། སྔ་གཞུག་ཏུ་༼སྦྲང་ཆར། ༼ཟླ་ཟེར། ༼གུར་ཀུམ་ཆུན་པོ། ༼སྐྱ་རེངས། ༼ལྷ་ཆབ་སྔོན་མོ། ༼མཆོད་དབྱངས། ༼རྩོད་པའི་རླབས་ཕྲེང་། ༼འཇུ་ཐག༼ གངས་རིའི་འཇུ་ཐག༼མཚོ་སྔོན་ཁྲིམས་ལུགས་ཚགས་པར། ༼ལྷོ་ཁའི་ཚགས་པར། ༼གཞིས་རྩེ་ཚགས་པར། ༼ལྷ་སའི་ན་གཞོན་ཚགས་པར། ༼མེ་ཏོག་སེར་ཆེན་ཚགས་པར། ༼གསར་བཞད་པདྨའི་ཚགས་པར་སོགས་གཞུང་སྒེར་གྱི་དུས་དེབ་ལྔ་བཅུ་ལྷག་གི་སྟེང་དུ་རྩོམ་ལུས་མི་འདྲ་བའི་བརྩམས་ཆོས་སུམ་བརྒྱ་ལྷག་སྤེལ།  དེ་ལས་ཟླ་ཟེར་རྩོམ་སྒྲིག་ཁང་སོགས་ལས་བྱ་དགའ་ཡང་ཁ་ཤས་ཐོབ་མྱོང་བ་དང་། གུར་ཀུམ་ཆུན་པོ་དང་ལྷ་ཆབ་སྔོན་མོའི་སྟེང་དུ་འོས་སྦྱོར་ཡང་བྱས་མྱོང་། 
བྱ་བ། དགེ་རྒན། རྩོམ་སྒྲིག་པ། ནང་བསྟན་རྒྱུན་ལས་པ། རྩོམ་པ་བོ་སོགས་བྱས་མྱོང་། ད་ལྟ་ཧི་མ་ལའི་རིག་མཛོད་ཁང་གི་དབུ་འཛིན་སྡེ་ཁག་གི་ལས་འཛིན་པ་དང་དཔྱད་འཇོག་པའི་སྡེ་ཁག་ན་ལས་ཀ་གཉེར་གྱིན་ཡོད།
རྒྱུན་སྡོད། མདོ་སྨད་མཚོ་ལྷོ་ཁུལ། མང་ར་རྫོང་། མགོ་མང་གྲོང་རྡལ། སྨར་སྡེ་བ།


༼དབུ་ཁྲིད་ཚན་ཆུང་དང་རྩོམ་སྒྲིག་སྡེ་ཁག  སྒྲིག་སྦྱོར་སྡེ་ཁག་དང་དོ་དམ་སྡེ་ཁག་བཅས་ཀྱི་ལས་འཛིན་པ།༽

དངོས་མིང་།  པཎ་ཆེན་ རྒྱལ།༼པུར་མིང་། མྱི།༽

 སྐྱེས་ཡུལ།  མཛོད་དགེ

 ཐོབ་ཐང་།   སློབ་ཆེན་པ།

ཆེད་ལས། སྤྱི་ཚོགས་ཚན་རིག   

 སློབ་སྦྱོང་གི་བརྒྱུད་རིམ། ༡༩༩༤_༡༩༩༩ ས་གནས་སློབ་ཆུང་ནས་སློབ་སྦྱོང་བྱས།

                   ༡༩༩༩_༢༠༠༢ རྔ་བ་བོད་ཡིག་སློང་འབྲིང་ནས་སློབ་སྦྱོང་བྱས།

                   ༢༠༠༢_༢༠༠༥ དར་མདོའི་བོད་ཡིག་མཐོ་འབྲིང་ནས་སློབ་སྦྱོང་བྱས།

                   ༢༠༠༥_༢༠༠༨ ལྷོ་ནུབ་མི་རིགས་སློབ་ཆེན་ནས་སློབ་སྦྱོང་བྱས།

                   ༢༠༠༨ ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དབྱིན་བོད་སྡེ་ཁག་ནས་དབྱིན་ཡིག་ཆེད་སྦྱོང་བྱས།

                   ༢༠༠༨_༢༠༠༩ ལྷ་སའི་དུང་དཀར་སྐད་ཡིག་སློབ་གླིང་ནས་དབྱིན་ཡིག་ཆེད་སྦྱོང་བྱས།

                   ༢༠༠༩_༢༠༡༠ པེ་ཅིན་མཐོ་རིམ་དབྱིན་ཡིག་ཟབ་སྦྱོང་ལྟེ་གནས་ནས་དབྱིན་ཡིག་ཆེད་སྦྱོང་བྱས་ནས་མཐོ་རིམ་ཆུ་ཚད་ཀྱི་ལག་རྟགས་བླངས།

                   ༢༠༡༠_༢༠༡༡ བླ་བྲང་སོགས་ནས་སྒེར་གྱི་དགེ་རྒན་བསྟེན་ནས་བོད་ཀྱི་ནང་བསྟན་ཆོས་ལུགས་ལ་བག་ཆགས་ཕྲན་བུ་རེ་བཞག

༦ བརྩམས་ཆོས། སྒྱུར་རྩོམ་མི་ཉུང་བ་ཞིག་ཡོད།

༧ བྱ་བ། ༢༠༡༡ ལོར་ནས་ཧི་མ་ལའི་རིག་མཛོད་ཁང་གི་ལས་གཞི་དང་སྒྲིག་ལམ་གཉིས་ཀྱི་ལག་སྟར་དོ་དམ་པ་བྱས་ནས་དབུ་ཁྲིད་ཚན་ཆུང་ན་འགན་ཁུར་མུས་ཡིན།

༢༠༡༤ ལོ་ནས་བོད་འགྱུར་རིག་གནས་ཀྱི་ལས་གཞིའི་འགན་འཛིན་པའི་འགན་ཁུར་མུས་ཡིན།

༨ རྒྱུན་པར་སྡོད་གནས། སི་ཁྲོན་རྔ་བ་ཁུལ་མཛོད་དགེ་རྫོང་།


༼དབུ་ཁྲིད་ཚན་ཆུང་གི་ལས་འཛིན་པ།༽


དངོས་མིང་།    སངས་རྒྱས་རྒྱ་མཚོ།

སྐྱེས་ཡུལ།  མདོ་ལྷོ་ཧོར་གཙང་།

ཐོབ་ཐང་།  སྨན་པ།
ཆེད་ལས།  བོད་སྨན།
སློབ་སྦྱོང་གི་བརྒྱུད་རིམ།  ༡༩༨༧-༡༩༩༤ ལོར་ས་གནས་སློབ་ཆུང་མཐར་ཕྱིན།
༡༩༩༥ ལོར་དེ་གའི་ཚོགས་གྲར་དུ་ཞུགས་ཏེ་འདོན་རྟ་དབྱངས་དང་རྒྱུད་སྡེ་བཞི་སོགས་བློ་འཛིན་བྱས་ཤིང་། བསྡུས་གྲྭ་དང་བློ་རྟགས་སོགས་ལ་སློབ་གཉེར་བྱས། རྗེས་སུ་བླ་བྲང་དང་འབྲས་སྤུངས་གཉིས་སུ་བོད་ཀྱི་མཐུན་མོང་གི་རིག་གནས་དང་ས་དོན་གྲུབ་སོགས་འབད་ལྷོད་མེད་བྱས། ༢༠༠༥-༢༠༠༨ གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཏེ་སུམ་རྟགས་དག་གསུམ་དང་སྙན་ངག་སྐར་རྩིས་ཚད་མ་སོགས་ལ་སྦྱངས་པ་བྱས་ཏེ་སློབ་མཐར་ཕྱིན། ༢༠༠༨-༢༠༡༢ རྨ་ལྷོ་རྫོང་བོད་སྨན་ཁང་དུ་བོད་སྨན་གཙོས་གསོ་རིག་གི་གཞུང་ལ་ཐོས་བསམ་དང་རྒྱུད་ཆུང་གསུམ་སོགས་བློ་འཛིན་སོགས་བྱས་ནས་སྦྱངས་འབྲས་ཚད་ལྡན་གྱི་མཐར་ཕྱིན་དཔང་ཡིག་བླངས། ༢༠༡༢ ལོར་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་ཟླ་ལྔའི་རིང་དུ་ནད་ཐོག་ལག་ལེན་གྱི་ཟབ་སྦྱོང་བྱས། ༢༠༡༣ལོར་རྒྱལ་ཁབ་གཞུང་གི་བོད་སྨན་པའི་ཐོབ་ཐང་ལ་རྒྱུགས་སྤྲོད་བྱས་ནས་ཚད་ལྡན་སྨན་པའི་ཐོབ་ཐང་བླངས།
བྱ་བའི་བརྒྱུད་རིམ། ༡ དབྱར་གནང་དང་དགུན་གནང་གི་བར་སྐབས་སུ་དགའ་བདེ་རྫོང་བོད་ཡིག་སློབ་འབྲིང་དུ་གདན་ཞུའི་དགེ་རྒན་ཐེངས་མང་བྱས། ད་དུང་སློབ་གྲྭ་དེའི་ལོ་དེབ་༼སྦྲ་ནག༽དུས་དེབ་ཀྱི་ཞུ་དག་པ་རོགས་སྒྲུབ་པ་ལོ་ལྔའི་རིང་ལ་བྱས། ༢ པདྨ་རྫོང་བོད་ཡིག་བྱམས་སྐྱོང་སློབ་གྲྭའི་གདན་ཞུའི་དགེ་རྒན་སོགས་བྱས། ༣ ཧོར་གཙང་དཔལ་ལྡན་དྭ་ཕྲུག་སློབ་གྲྭའི་ཐོག་མའི་རྨང་འདིང་མཁན་གྱི་གྲས་དང་དགེ་རྒན་སོགས་བྱས། ༤ གངས་ཅན་མེ་ཏོག་དུས་དེབ་རྩོམ་སྒྲིག་པ། ༥ ༢༠༠༩ ལོར་ཧོར་གཙང་ཡུལ་ཕྱོགས་ཀྱི་དམའ་འབྲིང་དང་སློབ་ཆེན་བར་གྱི་སློབ་མ་བཞི་བརྒྱ་ལྷག་གིས་གྲུབ་པའི་དུས་ཐུང་གསོ་སྦྱོང་འཛིན་གྲྭའི་ལྟ་སྐྱོང་བ་དང་སློབ་ཁྲིད་འཆར་འགོད་ཀྱི་ལས་བྱས། ཞོར་དུ་སྒེར་གཉེར་དེབ་སུམ་ཅུ་ལྷག་ལ་ཞུ་དག་དང་རྩོམ་སྒྲིག་པའི་རོགས་རམ་བྱས། ༦ ཧི་མ་ལའི་རིག་མཛོད་ཁང་དུ་ཞུ་ཆེན་དང་དཔྱད་འཇོག་ལས་འཛིན་པ་སོགས་ཀྱི་འགན་འཁུར་བཞིན་ཡོད། 
བརྩམས་ཆོས། ལྷུག་རྩོམ་སེམས་ཀྱི་འགུལ་རིས་གཙོས་ཉིན་ཐོ་ལྔ་བརྒྱ་ལྷག་དང་དཔྱད་རྩོམ་གླེང་བརྗོད། ད་དུང་སྒྱུར་རྩོམ་སོགས་མི་ཉུང་བ་ཞིག་ཡོད། 

རྒྱུན་པར་སྡོད་གནས། མདོ་ལྷོ་ཁུལ་ཧོར་གཙང་།


༼དབུ་ཁྲིད་ཚན་ཆུང་དང་དོ་དམ་སྡེ་ཁག་གི་ལས་འཛིན་པ།༽


姓名:  吕可       
出生地: 新疆石河子市
职务: 制度执行,设计师
专业:  美术
学习经历:
1978年~1990年高中毕业 1996年大专毕业(西安教育学院)
职位:办事员(管理部)
原住地址:广东省佛山市南海区桂城新业新村兴隆苑D18座602房


༼དབུ་ཁྲིད་ཚན་ཆུང་དང་སྒྲིག་སྦྱོར་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  དར་མདོ་ཐུབ་བསྟན།
སྐྱེས་ཡུལ།  དར་མདོ་རྫོང་ལྷ་སྒང་རྩྭ་ཐང་།
ཐོབ་ཐང་།  དགེ་རྒན།
ཆེད་ལས།  དཔེ་རྙིང་འཚོལ་སྡུད།

སློབ་སྦྱོང་གི་བརྒྱུད་རིམ།  ༡༩༩༠ — ༡༩༩༢ བར་རང་ཡུལ་གྱི་སློབ་ཆུང་མཐར་ཕྱིན། ༡༩༩༣—༡༩༩༥ བར་ཕུ་བོ་ལགས་ཀྱི་བཀའ་དྲིན་འོག་བོད་ཡིག་ཀློག་སྦྱངས་མཛད་དེ་རང་དགོན་གྱི་འདོན་ཆོག་ཡོངས་རྫོགས་མཐར་ཕྱིན། ༡༩༩༦—༡༩༩༨ བར་སྙན་ལམ་དགོན་དུ་གྲྭ་བ་བྱས་ཏེ་འབུད་རྡུང་དཀྲོལ་གསུམ་སོགས་སྦྱངས། ༡༩༩༩—༢༠༠༧ བར་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ལ་འབྱོར་ཏེ་ནང་དོན་རིག་པ་ལ་ཆེད་སྦྱངས་དང་བརྡ་སྤྲོད་སྙན་ངག་སོགས་ལ་བསླབ་པ་བྱས་ཏེ་མཐར་ཕྱིན། 

བྱ་བ། ༢༠༠༨ ལོར་མཁན་རིག་དར་གྱི་ཐུགས་བཀོད་འོག་བླ་རུང་བསྟན་རྩ་འདུལ་བའི་དཔེ་ཚོགས་ཁང་ནས་གཙོ་འགན་ཁུར་ཏེ་ལོ་གསུམ་ལ་འདུལ་བའི་དཔེ་རྙིང་པོད་ཉི་ཤུ་ལྷག་ཙམ་ལ་ཞུ་དག་བྱས། ༢༠༡༢ ལོ་ནས་ཕ་ཡུལ་མི་ཉག་ནས་སྐད་ཡིག་རྨོངས་སེལ་དང་མི་རིགས་མཐུན་སྒྲིལ་གྱི་བྱ་བ་སྒྲུབ་བཞིན་ཕན་བདེའི་འོད་སྣང་ཚོགས་པའི་ཚོགས་གཙོ་དང་། ཀུན་ཕན་ཞི་བདེའི་མཐུན་ཚོགས་ཀྱི་རྒྱུན་ལས་མི་སྣའི་བྱ་བ་སྒྲུབ་བཞིན་ཡོད། ད་ལྟ་ཧི་མ་ལའི་རིག་མཛོད་ཁང་དུ་ཞུས་ཆེན་དང་རྩོམ་སྒྲིག་སོགས་བྱེད་བཞིན་མཆིས།

རྒྱུན་པར་སྡོད་གནས། མདོ་སྟོད་དར་རྩེ་མདོ།

༼དབུ་ཁྲིད་ཚན་ཆུང་དང་སྒྲིག་སྦྱོར་སྡེ་ཁག་གི་ལས་འཛིན་པ།༽


དངོས་མིང་།  སྒྱིས་ཚང་སྨོན་ལམ།
སྐྱེས་ཡུལ།   བསང་ཆུ།

ཐོབ་ཐང་།  སློབ་མ།

ཆེད་ལས།  དེང་རབས་མཚན་ཉིད་རིག་པ་དང་ཐོད་བརྒལ་མི་ཆོས་ལྟ་གྲུབ་ལ་ཞིབ་འཇུག་བྱེད་པའི་རྩོམ་རིག་སྨྲ་བ།

སློབ་སྦྱོང་གི་བརྒྱུད་རིམ། རང་ལོ་བརྒྱད་པ་ནས་བཟུང་སློབ་གྲྭ་ཆུང་འབྲིང་གི་གོ་རིམ་བརྒྱུད་དེ་གནའ་དེང་རིག་པའི་གཞུང་ལུགས་ལ་སྦྱང་འབྲས་མི་དམན་པའི་གད་རྒྱངས་བསྒྲགས་ཏེ་ད་ལྟ་སློབ་ཆེན་དུ་རྩོམ་རིག་ཆེད་སྦྱོང་བྱེད་གྱིན་ཡོད།

༼དྲ་ཚིགས་དོ་དམ་ཁང་དང་ཞུ་ཆེན་སྡེ་ཁག་གི་ལས་འཛིན་པ།༽

 དངོས་མིང་།   ལྷག་པ་དཀར།
 སྐྱེས་ཡུལ།    སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་པཱ་ཐུར་ཡུལ་ཤོག
 ཐོབ་ཐང་།  མཁན་པོ། སློབ་ཆེན་པ། དགེ་རྒན་བཅས་ཡིན།
 ཆེད་ལས།  རྟགས་འཇུག
སློབ་སྦྱོང་གི་བརྒྱུད་རིམ། ཆུང་ངུའི་དུས་སུ་ཁོར་ཡུག་གི་རྐྱེན་པས་སློབ་གྲྭ་འགྲིམ་རྒྱུའི་གོ་སྐབས་མ་བྱུང་། ཡིན་ན་ཡང་ཕ་མས་འགྲོ་གྲོན་བཏང་ནས་སྒེར་བསྟེན་སློབ་དཔོན་བཙལ་ཏེ་འབྲུ་ཀློག་བསླབས། ཟླ་དྲུག་གི་ཡུན་ལ་བོད་ཡིག་འབྲུ་ཀློག་ཚེགས་མེད་དུ་ཤེས་པས་དགེ་རྒན་དང་ཡུལ་མིས་བསྔགས་བརྗོད་ཐོབ། རང་ལོ་བཅུ་གཅིག་པར་རང་མོས་གྱིས་ལྕང་མ་རི་ཁྲོད་བསམ་གཏན་དར་རྒྱས་གླིང་དུ་རབ་བྱུང་བསྒྲུབས། དགོན་དེར་ཡོངས་ཀྱི་བཤེས་གཉེན་དམ་པ་མཁན་པོ་ཚེ་རིང་མགོན་པོའི་མདུན་ནས་བློ་སྦྱོང་དང་འདུལ་བ་སོགས་གོ་རིམ་ལྟར་སྦྱངས། མ་ཟད་གཞུང་ཆེན་ལྔའི་རྩ་བ་དང་རང་དགོན་གྱི་འདོན་ཆོག་ཆ་ཚང་བློ་རུ་བླངས། སློབ་མ་ཡོངས་ཀྱི་ནང་ནས་བློ་གྲོས་གསལ་བའི་བྱིས་པ་ཡ་རབས་ཤིག་ཏུ་ཀུན་གྱིས་བརྩིས། རང་ལོ་བཅུ་གསུམ་པར་མཁན་པོ་དང་དགོན་པས་ཆེད་མངགས་ལྟར་དཔལ་བླ་རུང་དུ་སོང་ནས༧ཆོས་རྗེ་འཇིགས་མེད་ཕུན་ཚོགས་དཔལ་བཟང་བོའི་ཞབས་རྡུལ་སྤྱི་བོར་ལེན་པའི་སྐལ་བ་ཐོབ། མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་དྲུང་ནས་མངོན་པ་ཞུས་ཏེ་རྒྱུགས་སྤྲོད་དང་རྩོད་པ་སོགས་ལ་ཞུགས་པས་རིམ་བཞིན་སྙན་པའི་གྲགས་པ་རྒྱས་ཏེ༼རྫ་ཆུ་ཁའི་བན་ཆུང་མཁས་པ་བོ།༽ཞེས་ཀུན་གྱིས་ཤེས་པར་གྱུར། རང་ལོ་བཅོ་བརྒྱད་པར་རང་དགོན་གྱི་མཁན་པོའི་མཚན་གནས་བླངས། སྔ་ཕྱིར་དེ་གར་ལོ་བཞི་ལ་མཁན་པོ་བྱས། བསྟུད་མར་བླ་རུང་དུ་སླར་ཡང་སོང་ནས་དབུ་ཚད་མཛོད་ཕར་བཀའ་པོད་བཞིའི་དམ་བཅའ་དངོས་སུ་བཞག་ནས་ཕུལ་བྱུང་སློབ་མའི་རྒྱུགས་འབྲས་བླངས། སྒར་དེར་ཁྱོན་སྡོམ་ལོ་བདུན་ལ་བསྡད་ནས་མདོ་སྔགས་རིག་གནས་དང་བཅས་པ་ལ་སྦྱང་བ་མི་དམན་པ་བྱས་པས་རང་ལོ་ཉེར་གཅིག་པར་སློབ་གླིང་དེར་སྡོམ་བརྩོན་སྡེ་སྣོད་འཛིན་པ་མཁན་པོའི་མིང་རྟགས་བླངས། དེའི་རྗེས་སུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སོང་ནས་པེ་ཅིང་མི་རིགས་སློབ་ཆེན་རྒྱ་བོད་རིག་གནས་འཛིན་གྲྭ་རུ་ལོ༤ཡི་རིང་ལ་རྒྱའི་སྤྱི་སྐད་བསླབས་ནས་སྤྱི་ལོ ༢༠༡༤ ལོར་དངོས་གཞིའི་སློབ་ཆེན་མཐར་ཕྱིན། དེའི་མཚུངས་སུ་རང་དགོན་གྱིས་ཕྱིར་ཕ་ཡུལ་དུ་བསླེབས་ནས་དགོན་བདག་བྱ་བར་བསྐུལ་བ་དང་། རྒྱའི་གྲོགས་པོ་འགས་པེ་ཅིང་ནང་བསྟན་སློབ་གླིང་དུ་མུ་མཐུད་དུ་ནང་ཆོས་སྦྱང་བར་བསྐུལ་ན་ཡང་ཁོ་བོའི་བསམ་པར་གང་ལྟར་གྲྭ་བ་ཅ་དག་ཅིག་འཁྱོངས་དཀའ་བས་བསྟན་པ་ལ་ཞབས་ཞུ་མ་ནུས་ཀྱང་ཞབས་འདྲེན་མི་ཞུ་བའི་ས་ནས་འདུག་ཨེ་ཐུབ་སྙམ་པ་དང་རྟག་ཏུ་དཀོར་ཟས་དཀོར་ཆུ་ཁོ་ན་ལ་ལག་པ་གཟེད་པའི་གྲྭ་བའི་འཚོ་བ་ནི་འཚོ་ཐབས་ཐ་ཤལ་བ་ཞིག་ཏུ་སྙམ། ཆོས་འཇིག་རྟེན་གཉིས་ཀྱི་བདེ་བ་མ་རྙེད་པའི༼ཕུང་སུམ་པ༽ཚོ་ནི་ས་སྒང་འདིའི་ཆེས་གླེན་པ་རང་མགོ་རང་གིས་བསྐོར་བ་ཉིད་དུ་ངོས་ཟིན་པ་དང་མ་ཟད་གྲྭ་གཟུགས་འགའ་དང་རྒྱ་བླ་འགའི་སྤྱོད་ཚུལ་གྱིས་ཡིད་གཏིང་ནས་སུན་ཏེ་མུ་མཐུད་དུ་རབ་བྱུང་གི་འཚོ་བ་རོལ་བར་བྲོད་པ་མ་སྐྱེས་ནས་སྐྱ་བོའི་ལམ་ཁ་གཙང་མར་ཞུགས། དེ་ནས་ཐད་ཀར་ཧི་མ་ལའི་རིག་མཛོད་ཁང་གི་འགོ་གཙོ་ཚེ་རིང་རྡོ་རྗེ་ལ་འབྲེལ་བ་བྱས་ནས་ལས་ཁང་དེ་རུ་ཞུགས། ཞོར་དུ་རྩིས་འཕྲུལ་དང་སྒྱུར་རྩོམ་དབྱིན་ཇི་སོགས་ལ་སྦྱང་བ་ཅུང་ཙམ་དང་རྟགས་འཇུག་ལ་ཆེད་སྦྱང་བྱེད་མུས་ཀྱིས་མདོར་ན་ལས་ཁང་གི་བཀོད་སྒྲིག་དང་བྱ་བ་ཡོད་ཚད་ཉམས་མྱོང་དང་སློབ་སྦྱོང་ཞིག་ཏུ་བརྩིས་ཡོད།
བརྩམས་ཆོས། ༼གསེར་སྨྱུག་འཁྱུག་པའི་གར་སྟབས༼རྟགས་འཇུག་གི་སྦྱང་གཞི།༼རྟགས་འཇུག་གི་དོགས་གཅོད༼དགོན་པའི་ལོ་རྒྱུས༼པཱ་ཐུར་རུས་མཛོད༼འབུལ་བཤད་སྣ་ཚོགས། ༽གཞན་ཡང་དུས་དེབ་སོགས་སུ་རང་རྩོམ་མི་ཉུང་བ་སྤེལ་མྱོང་། དེ་ལས་སྔོན་ཆད་བྲིས་པའི༼དྲི་མེད་ཀུན་ལྡན་གྱི་རྟོགས་བརྗོད༽དང་། ལོ་འདིར་ཧི་མ་ལའི་དུས་དེབ་ཀྱི་ཆོས་ཁྱབ་རྗེས་དྲན་དུ་བཀོད་པའི༼གཉུག་གཤིས་ལ་ཐིམ་པའི་རིག་པ༽ལ་མི་མང་བོས་གདེང་འཇོག་དང་དགའ་བསུ་ཐོབ། ད་དུང༼ལྷག་བསམ་གྱི་ལང་ཚོ༼བྱིས་པའི་བློ་གཤོགས༼སྣམ་ཕྲན་སོགས་དུས་དེབ་འགའ་ཤས་ཀྱི་རྩོམ་སྒྲིག་པ་ཡང་བྱས། 

བྱ་བ།   ད་ལྟ་གནས་སྐབས་སུ་ཧི་མ་ལའི་རིག་མཛོད་ཁང་དུ་དྲ་ཚིགས་དོ་དམ་པ་དང་ཞུ་ཆེན་པ་སློབ་གསེང་འཆད་ཁྲིད་པ་བཅས་ཀྱི་བྱ་བ་སྒྲུབ་ཀྱིན་ཡོད།

རྒྱུན་པར་སྡོད་གནས།   སི་ཁྲོན་ཁྲིང་ཏུའུ་གྲོང་ཁྱེར།


༼ཞུ་ཆེན་སྡེ་ཁག་གི་ལས་འཛིན་པ།༽


དངོས་མིང་།  འཇུ་ཐུབ་བསྟན།
པིར་མིང་།   སྒྲོག་གཅོད་པ།
སྐྱེས་ཡུལ།  རྫ་ཆུ་ཁ།
ཐོབ་ཐང་།  དགེ་རྒན།
ཆེད་ལས།  བོད་ཡིག
སློབ་སྦྱོང་གི་བརྒྱུད་རིམ། སེར་ཤུལ་ཁམས་བོད་དགེ་བཤེས་མཐོ་རིམ་ནང་བསྟན་སློབ་གླིང་དང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་སོགས་སུ་སུམ་རྟགས་དང་བསྡུས་གྲྭ། བློ་རྟགས་དང་ཕར་ཚད། རྒྱ་དབྱིན་གྱི་སྐད་སོགས་ལའང་སྦྱངས་ཁུལ་ཙམ་བྱས། 
བརྩམ་ཆོས།   གདོད་མའི་རང་གཤིས།  གདུང་འབོད་དུས་དེབ།   གངས་ལྗོངས་སློབ་གསོའི་དུས་དེབ།  མཚོ་སྔོན་པོའི་ཟིན་བྲིས་སོགས་སུ་བཅད་ལྷུག་སྤེལ་གསུམ་གྱི་རྩོམ་ལུས་སྣང་ཚུལ་མི་ཉུང་བ་ཞིག་སྤེལ་མྱོང་།
བྱ་བ། ཧི་མ་ལའི་རིག་མཛོད་ཆེན་མོའི་ཡིག་ཞུ་ཆེན་པའི་སྡེ་ན་ལས་ཀར་གཉེར་བཞིན་ཡོད།
རྒྱུན་པར་སྡོད་གནས། མདོ་ཁམས་དཀར་མཛེས་ཁུལ་སེར་ཤུལ་རྫོང་།

༼ཞུ་ཆེན་སྡེ་ཁག་གི་ལས་འཛིན་པ།༽


དངོས་མིང་། ཨ་རིག དགེ་འབྱུང་། 
སྐྱེས་ཡུལ བྱང་རྫ་ཆུ་ཁ། 
ཐོབ་ཐང་།  བོད་ཡིག་དགེ་རྒན།
ཆེད་ལས།  ནང་ཆོས།
སློབ་སྦྱོང་གི་བརྒྱུད་རིམ། སྔ་འགྱུར་ཨ་རིག་ཆོས་གྲྭ་དང་གསེར་ཐང་བླ་རུང་སོགས་ནས་ལོ་བཅུ་ཕྲག་ལྷག་གི་རིང་ལ་ནང་ཆོས་སོགས་ལ་སློབ་སྦྱོང་བྱས། 
བྱ་བ། དགེ་རྒན་གྱི་བྱ་བ་ཅུང་ཙམ་རེ་བསྒྲུབས་མྱོང་ལ། ད་སྐབས་ཧི་མ་ལའི་རིག་མཛོད་ཁང་ན་ཞུ་ཆེན་པའི་བྱ་བ་སྒྲུབ་བཞིན་ཡོད། 
རྒྱུན་པར་སྡོད་གནས།  མདོ་ཁམས་དཀར་མཛེས་སེར་ཤུལ་རྫོང་ཨ་རིག་ཡུལ་ཚོ།

༼ཞུ་ཆེན་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  ཐུབ་བསྟན་ཆོས་འཕེལ།
སྐྱེས་ཡུལ།   དཀར་མཛེས་ཁུལ་དར་རྩེ་མདོ།
ཐོབ་ཐང་།  དགེ་རྒན།
ཆེད་ལས།   བོད་ཡིག
སློབ་སྦྱོང་གི་བརྒྱུད་རིམ། རྫ་སེར་ཤུལ་དགོན་མཐོ་རིམ་ནང་བསྟན་སློབ་གླིང་དང་། གསེར་ཐང་ལྔ་རིག་ནང་བསྟན་སློབ་གླིང་སོགས་ནས་བསྡུས་གྲྭ་དང་། བློ་རྟགས་སོགས་ཚད་མའི་སྐོར། གྲུབ་མཐའ། དབུ་མ། བློ་སྦྱོང་གི་ཆོས་སྐོར་སོགས་ནང་ཆོས་ལ་ལོ་འགར་སློབ་སྦྱོང་བྱས་ཤིང་། སྤྱི་ལོ ༢༠༠༩ ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཏེ། སུམ་རྟགས་དག་གསུམ་སོགས་བོད་ཀྱི་ཐ་སྙད་རིག་གནས་དང་། རྒྱའི་སྐད་ཡིག་སོགས་ལ་སློབ་སྦྱོང་བྱས་མྱོང་།
བྱ་བ།  ཧི་མ་ལའི་རིག་མཛོད་ཁང་དུ་ཞུ་དག་དང་། ཞུ་ཆེན། བོད་ཡིག་བརྡ་སྤྲོད་དགེ་རྒན་གྱི་བྱ་བ་བཅས་སྒྲུབ་བཞིན་ཡོད།
རྒྱུན་པར་སྡོད་གནས།  མདོ་སྟོད་དཀར་མཛེས་ཁུལ་དར་རྩེ་མདོ།


༼ཞུ་ཆེན་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  ཡིད་ལྷུང་ཚེ་རིང་ཡེ་ཤེས།
སྐྱེས་ཡུལ།  ཁམས་སྡེ་དགེའི་ཡིད་ལྷུང་ཚེམས་ཁོག་སྡེ་བ།
ཐོབ་ཐང་།   རྩོམ་སྒྲིག་པ་དང་།  དགེ་རྒན། མཁན་པོ་བཅས་ཡིན།
ཆེད་ལས།    ནང་བསྟན་དང་ལོ་རྒྱུས་རིག་པ།
སློབ་སྦྱོང་གི་བརྒྱུད་རིམ།   སྤྱི་ལོ ༡༩༩༨ ནས ༢༠༠༡ ལོའི་བར་མི་ལོ་གསུམ་ཙམ་གྱི་རིང་ལ་སློབ་གླིང་སོགས་ནས་རང་མི་རིགས་ཀྱི་སྐད་ཡིག་གཙོ་བོར་གྱུར་པའི་དབྱིན་ཡིག་སོགས་ལ་སློབ་སྦྱོང་མི་དམན་པར་བྱེད་ཁུལ་བྱས། ༢༠༠༡ ནས ༢༠༡༠ དཔལ་རྫོང་སར་བཤད་གྲྭའི་ཆོས་སྒོར་ཞུགས་ནས་ནང་དོན་རིག་པ་དང་ཐུན་མོང་རིག་གནས་བཅས་ཀྱི་སྐོར་ལ་མི་ལོ་དགུ་ལྷག་གི་རིང་ལ་སློབ་སྦྱོང་ཧུར་ཐག་བྱས། ད་དུང་མཚན་ཉིད་གྲྭ་ཚང་གི་རྩིས་འཕྲུལ་ཆེད་སྦྱོང་འཛིན་གྲྭར་ཞུགས་ནས་རྩིས་འཕྲུལ་གྱི་སྐོར་ལ་སྦྱོང་བ་ཟླ་གསུམ་ཙམ་བྱས་པའོ།།
བརྩམས་ཆོས།  སྔ་ཕྱིར་དུས་དེབ་དང་ཚགས་ཤོག་ཉི་ཤུ་ལྷག་གི་ཐོག་བཅད་རྩོམ་དང་ལྷུག་རྩོམ་རང་མོས་སྙན་ངག་སོགས་མི་ཉུང་བ་ཞིག་འབྲི་མྱོངས་ལ། དེའི་ནང་ནས་འགའ་ཞིག་ལ་སྤྱི་ཚོགས་ཀྱིས་གདེང་འཇོག་ཀྱང་བྱས་ཡོད། བརྩམས་ཆོས་ནི་༼འཁྱམ་པོའི་རྐང་རྗེས་༽ཞེས་པ་དེང་རབས་ཀྱི་ཚོར་བ་མཚོན་ཞིང་སྤྱི་ཚོགས་ཀྱི་སྟོང་ཆ་གླེང་བའི་དེབ་ཆུང་ཞིག་དང། ད་དུང་༼ཡིད་ལྷུང་སྦྲང་རྒན་གྱི་སྨྱོ་གཏམ༽ཞེས་པའི་འཆར་ཡན་སྤྱི་ཚོགས་ཀྱི་ཚོར་བ་དངོས་མཚོན་པའི་དེབ་ཆུང་གཅིག་བཅས་ལེགས་གྲུབ་བྱུང་ཡོད།༼མཆན༽ སྤྱི་ཚོགས་གཙོ་བོ་བཟུང་ནས་ལས་ཀ་བྱེད་ཁུལ་བྱས་པས་རང་གི་རྩོམ་དེབ་གཉིས་པོ་ད་དུང་པར་སྐྲུན་ཐུབ་མེད།
བྱ་བ། ད་ལྟའི་བྱ་བ་ནི་༼བྱམས་བརྩེ་དཀར་སྐྱོང་གི་ལས་གཞི༽དང་༼གཞི་རིམ་གྱི་ཡིག་རྨོངས་སེལ་བའི་ལས་གཞི།༽་དང། ད་ལྟ་༼ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི༽ཞུ་ཆེན་པ་དང་བརྡ་སྤྲོད་དགེ་རྒན་གྱི་བྱ་བ་སྒྲུབ་བཞིན་པ་བཅས་སོ།།
རྒྱུན་པར་སྡོད་གནས། མདོ་སྟོད་དཀར་མཛེས་ཁུལ་སྡེ་དགེ་རྫོང་རྫ་བར་མ་ཡུལ་ཚོ་ཚེམས་ཁོག་སྡེ་བ།

༼ཞུ་དག་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།   མགོན་དགའ།
སྐྱེས་ཡུལ།   སྡེ་དགེ་རྫོང་ཚེམས་ཁོག་སྡེ་བ།
ཐོབ་ཐང་།  གྲྭ་རྐྱང་།
ཆེད་ལས།   བོད་ཀྱི་བརྡ་སྤྲོད།
སློབ་སྦྱོང་གི་རྒྱུད་རིམ། ༢༠༠༢ _༢༠༡༢ ཨ་རིག་ཆོས་གྲྭ་དང་སེར་ཤུལ་དགོན་གསེར་ཐང་བླ་རུང་སོགས་ནས་ནང་དོན་རིག་པ་ལ་ཆེད་སྦྱོང་བྱས།
བརྩམ་ཆོས།   དོན་རྒྱན་སོ་ལྔའི་དཔེར་བརྗོད་སྣ་ཚོགས་ཨུད་པ་ལའི་དྲི་བསུང་དང་རིགས་ཞེན་སེམས་ཀྱི་འབོད་སྒྲ་སོགས་མཆིས།
བྱ་བ།   ཤེས་རིག་ཡར་སྐུལ་ཚོགས་པ་དང་དམངས་ཕན་སློབ་གྲྭའི་འགན་འཛིན་པ། ད་སྐབས་ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་ཞུ་དག་པའི་སྡེ་ཁག་ནས་ལས་ལ་གཉེར་བཞིན་མཆིས།
རྒྱུན་པར་སྡོད་གནས།    མདོ་སྟོད་གསེར་ཐང་བླ་རུང་།

༼ཞུ་དག་སྡེ་ཁག་གི་ལས་འཛིན་པ།༽


དངོས་མིང་།  ཨོ་རྒྱན་ཕུན་ཚོགས།
པིར་མིང་།    སྨར་ཞོགས་ཅོང་།
སྐྱེས་ཡུལ།     བོད་ལྗོངས་ཆབ་མདོ།
ཐོབ་ཐང་།    མཐོ་སློབ་ཆེན་མོའི་སློབ་དཔོན།
ཆེད་ལས།      ནང་བསྟན།
སློབ་སྦྱོང་གི་རྒྱུད་རིམ། ༡༠༩༧-༡༠༩༩ ལོར་པཎ་ཆེན་སློབ་ཆུང་ནས་མཐར་ཕྱིན་ཏེ་གོ་འཇོ་རྒྱལ་བ་དགོན་པ་ནས་རབ་ཏུ་བྱུང་། ༢༠༠༡-༢༠༡༡ བར་དཔལ་ཡུལ་དགོན་ཆེན་སྔ་འགྱུར་མཐོ་སློབ་མདོ་སྔགས་ཐོས་བསམ་དར་རྒྱས་གླིང་ནས་བོད་ཀྱི་ཐུན་མིན་དང་ཐུན་མོང་གི་རིག་གནས་ལ་སྦྱངས་ནས་མཐར་ཕྱིན།
བརྩམས་ཆོས།   འཛམ་གླིང་བལྟ་བའི་མིག་འབྱེད་ཅེས་པའི་སྙན་དེབ་ཅིག་པར་དུ་བསྐྲུན་ཡོད་པ་མ་ཟད། སྦྲང་ཆར་དུས་དེབ་དང་ལམ་སྒྲོན་དུས་དེབ་སོགས་དུས་དེབ་མི་འདྲ་བ་ཉི་ཤུ་ལྷག་ལ་བཅད་རྩོམ་དང་དཔྱད་རྩོམ། སྙན་ངག་དང་ལྷུག་རྩོམ་སོགས་རྩོམ་ཡིག་དྲུག་ཅུ་ལྷག་བཀོད་མྱོང་ཡོད།  
བྱ་བ།    ཧི་མ་ལའི་རིག་མཛོད་ཆེན་མོའི་ཡིག་ཞུ་དག་པའི་སྡེ་ན་ལས་ཀར་གཉེར་བཞིན་ཡོད།
རྒྱུན་པར་སྡོད་གནས།   བོད་ལྗོངས་ཆབ་མདོ་ཁུལ་གླིང་ཆུང་ཚེ་རིང་སྡེ་བ།

༼ཞུ་དག་སྡེ་ཁག་གི་ལས་འཛིན་པ།༽


དངོས་མིང་།  ལེགས་བཤད་རྒྱ་མཚོ།
སྐྱེས་ཡུལ།     ཁྱུང་མཆུ་རྫོང་།
ཐོབ་ཐང་།   དགེ་རྒན།

ཆེད་ལས།   བོད་ཡིག

སློབ་སྦྱོང་གི་རྒྱུད་རིམ། ༢༠༠༠ ལོ་ནས་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དང་རང་དགོན་སོགས་ནས་ནང་བསྟན་རིག་གནས་དང་སུམ་རྟགས་སོགས་ལ་སྦྱོང་བ་བྱས། ༢༠༠༤-༢༠༠༨ བར་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་སྦྱོང་བྱས། ༢༠༠༩ ལོ་ནས་གཡུ་ཐོག་དགོན་ནས་དགེ་རྒན་བྱེད་ཞོར་སྙན་ངག་དང་དབྱིན་ཡིག་སོགས་ལ་སློབ་སྦྱོང་མི་དམན་པ་བྱས་མྱོང་།
བརྩམས་ཆོས།  དགའ་སྐྱོའི་དབྱངས་རྟ་ཞེས་པའི་དཔེ་དེབ་ཅིག་བརྩམས།
བྱ་བ།   རང་ཡུལ་གྱི་སློབ་མ་ཚོར་དགེ་རྒན་བྱས་མྱོང་བ་མ་ཟད་གཡུ་ཐོག་དགོན་ནས་དགེ་རྒན་བྱས་མྱོང་། ད་ལྟ་ཧི་མ་ལའི་རིག་མཛོད་ཁང་གི་ཞུ་དག་པའི་ལས་ཀ་བསྒྲུབས་དང་སྒྲུབ་བཞིན་པ་ཡིན།
རྒྱུན་པར་སྡོད་གནས།  མདོ་སྨད་རྔ་བ་ཁུལ་ཁྱུང་མཆུ་རྫོང་རྨེ་བ་ཡུལ་ཚོ།

༼ཞུ་དག་སྡེ་ཁག་གི་ལས་འཛིན་པ།༽


དངོས་མིང་།  པདྨ་རྡོ་རྗེ།
པིར་མིང་།   སྙུག་མདའ།
སྐྱེས་ཡུལ།   སྡེ་དགེ་ཡིད་ལྷུང་རོང་ཚ་སྡེ་བ།
ཐོབ་ཐང་།   གྲྭ་བ།
ཆེད་ལས།  རྩོམ་རིག     
སློབ་སྦྱོང་གི་རྒྱུད་རིམ། བྱིས་དུས་ལོ་ན་དྲུག་ནས་ཀ་ཁའི་འདོན་ཀློག་སོགས་སྦྱངས་ཤིང་ལོ་ན་བཅུ་བཞི་སོན་པ་ནས་ཡིད་ལྷུང་རྩྭ་ཤུལ་བཤད་གྲྭ་དང་གཡག་ཟེ་བཤད་གྲྭ་གཞན་གསེར་ལྗོངས་བླ་མ་རུང་སོགས་ནས་ནང་བསྟན་རིགས་གཞུང་ལ་བརྩོན་པར་བྱས། 
བརྩམས་ཆོས།   ཡིད་ལྷུང་སྨྱུག་ཚོགས་སུ་འཁོད་པའི་ལོག་སྤྱོད་ལ་འཕང་བའི་སྙུག་མདའ་སོགས།  
བྱ་བ།    ཧི་མ་ལའི་རིག་མཛོད་ཆེན་མོའི་ཡིག་ཞུ་དག་པའི་སྡེ་ན་ལས་ཀར་གཉེར་བཞིན་ཡོད།
རྒྱུན་པར་སྡོད་གནས།   མདོ་སྟོད་གསེར་ཐང་བླ་རུང་།


༼ཞུ་དག་སྡེ་ཁག་གི་ལས་འཛིན་པ།༽

  
དངོས་མིང་།  པདྨ་ཀུན་གྲོལ།
པིར་མིང་།   ཁམས་སྨུག་སྤྲིན།
སྐྱེས་ཡུལ།  དཀར་མཛེས་རྫོང་།
ཐོབ་ཐང་།   དགེ་རྒན།
ཆེད་ལས།   ཞུ་དག
སློབ་སྦྱོང་གི་བརྒྱུད་རིམ།    རང་ལོ་བཅུ་གཉིས་ནས་གྲྭ་ལེགས་དགོན་གྱི་བཤད་གྲྭར་ཞུགས་ཏེ་འབྲི་ཀློག་ནས་བརྩམས་ཤིང་སློབ་སྦྱོང་གི་མགོ་ཚུགས། དེ་རྗེས་གསེར་ཐང་བླ་རུང་ཆོས་ཀྱི་གྲོང་ཁྱེར་དང་ཡ་རྩེ་ཨོ་རྒྱན་བསམ་གཏན་གླིང་སོགས་སུ་ཕེབས་ནས་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་མཆོག་དང་། མཁན་པོ་ཨ་ཁྱུག སྤྲུལ་གསང་སྔགས་བསྟན་འཛིན་སོགས་སྐྱེས་ཆེན་དམ་པ་དུ་མ་ཚུལ་བཞིན་བསྟེན་ཏེ། བློ་སྦྱོང་གི་ཆོས་སྐོར་དང་། རྫོགས་ཆེན་ཆོས་སྐོར་སོགས་ཀྱི་ཁྲིད་ལེགས་པར་ཐོབ། གཞན་ཡང་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་སུམ་རྟགས་དག་གསུམ་སོགས་བོད་ཀྱི་བརྡ་སྤྲོད་དང་། བློ་རྟགས། ཚད་མ། དབུ་མ། ཀློང་ཆེན་མཛོད་བདུན་སོགས་ལོ་དྲུག་ལྷག་ལ་སློབ་སྦྱོང་བྱས་ཤིང་། ཁྲིན་ཏུའུ་བདེ་ཟམ་སྐད་ཡིག་སློབ་སྦྱོང་ལྟེ་གནས་སུ་ལོ་གཅིག་དང་ཕྱེད་ལྷག་ལ་རྒྱའི་སྐད་ཡིག་ལའང་སློབ་སྦྱོང་བྱས་སོ། །
བྱ་བ།  ཧི་མ་ལའི་རིག་མཛོད་ཆེན་མོའི་ཞུ་དག་དང་དག་བཅོས་དཔེ་བསྡུར་སྡེ་ཁག་སོགས་ནས་བྱ་བར་གཉེར་བཞིན་མཆིས།  

རྒྱུན་པར་སྡོད་གནས།      མདོ་སྟོད་དཀར་མཛེས་རྫོང་ཟླ་སྟོད་ཡུལ་ཚོའི་ཧོ་ར་བའི་སྡེ་བ།


༼ཞུ་དག་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  འཇིགས་མེད་རྒྱ་མཚོ།           
སྐྱེས་ཡུལ།  རྔ་བ་ཁུལ་འཛམ་ཐང་རྫོང་། 
ཐོབ་ཐང་།  རྒྱལ་ཁམས་འགྲིམ་རྒྱུར་དགའ་བའི་བོད་པའི་དེང་རབས་ཀྱི་གྲྭ་པ་ཞིག 
ཆེད་ལས།  དེང་རབས་རྩོམ་རིག་དང་སྣ་མང་རིག་གནས་ལ་ཉམས་ཞིབ་བྱེད་པ།

སློབ་སྦྱོང་གི་བརྒྱུད་རིམ། སྔ་ཕྱིར་ལོ་ངོ་དགུ་ཙམ་གྱི་རིང་ལ། རང་གི་དགའ་ཁ་འཁྱེར་ཕྱོགས་དང་བསྟུན་ནས་ནང་བའི་དགོན་སྡེ་གྲགས་ཅན་ཁག་དང་། དེ་མིན་སྤྱི་ཚོགས་ཀྱི་བསླབ་གྲྭ་ཁག་བཅས་སུ་བོད་ཡིག་གཙོ་བོར་བྱས་པའི་ནང་བའི་མཚན་ཉིད་རིག་པའི་ཁོངས་གཏོགས་ཀྱི་དབུ་ཚད་ཀྱི་སྐོར་དང་། བོད་གངས་ཅན་དང་རྒྱ་དཀར་ནག་སྐོར་གྱི་བྱུང་རབས། འཛམ་གླིང་གི་ལོ་རྒྱུས་དང་། རྩོམ་རིག  ས་ཁམས། ཆབ་སྲིད་དང་རྒྱུན་ཤེས་སྐོར་གྱི་དཔེ་དེབ་གང་མང་དང་བོད་ཀྱི་ཐུན་མོང་རིག་གནས་བཅས་ལ་སྦྱང་བ་མི་དམན་ཙམ་བགྱིས་ཁུལ་བྱས། ལྷག་ཏུ་དམིགས་བསལ་ཞིག་ལ། སྔ་ཕྱིར་ལོ་ངོ་ལྔ་ཙམ་གྱི་རིང་ལ་ནང་དོན་སྣ་ཚོགས་ཡོད་པའི་ཡར་ཐོན་ཅན་གྱི་དཔེ་དེབ་བརྒྱ་ཕྲག་བརྒལ་བ་ལ་ཞི་ལྷོད་བག་ཕེབས་ངང་སློབ་སྦྱོང་དང་བསམ་གཞིག་གཏོང་རྒྱུའི་གོ་སྐབས་ཡག་པོ་བྱུང་བས་མི་བུ་འབྱུང་སྤུས་ཀྱི་ཐད་ནས་མིའི་གྲལ་དུ་ཚུད་ཐབས་མེད་པའི་རྗེས་ལུས་ཀྱི་རྡོག་ཁྲེས་ལྕི་མོ་འཁུར་མ་དགོས་ཙམ་བྱུང་།     སྐབས་དེ་ཙམ་ནས་བཟུང་། ༼སྐྱེས་བུ་སྒེར་ཚུགས་ཀྱི་བསམ་བློས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ། ༽ཅེས་པ་དེ་ཆེས་ཤིན་ཏུ་དགོས་གལ་ཆེན་པོ་ཞིག་ཡིན་པར་རྟོགས་ཤིང་།  དེ་ལས་ཀྱང་ཤིན་ཏུ་གལ་འགངས་ཆེ་བ་ཞིག་ལ།  རང་ལ་དོན་དམ་པའི་ཤེས་བྱ་ཡོན་ཏན་གྱིས་དབུལ་བ་ཡང་གཏིང་ཟབ་མོའི་ཚོར་སྣང་བྱུང་།  ལྷག་ཏུ་ལོ་འདི་འགའི་རིང་ལ་སྔ་གཞུག་ཏུ་འཕགས་པ་གནས་བརྟན་སྡེ་བའི་བསྟན་པ་ཆེས་ཆེར་དར་ས་འབར་མའམ་མ་ཡན་མར་དང་།   རྒྱལ་སྤྱིའི་ཚོང་ལས་ཀྱི་ལྟེ་བ་རུ་གྲགས་པའི་ཧོང་ཁོང་ངམ་ཤང་ཀང་དང་རྒྱ་ནག་སྐམ་ས་ཆེན་པོའི་འབྲེལ་མཚམས། ཙི་ནའི་ལྷོ་ཕྱོགས་ཀྱི་ལྷོ་རྒྱ་མཚོ་དང་ཁད་ཉེ་བའི་ཡུལ་གྲུ་ཁག་དང་།  བོད་ཡུལ་སྟོད་སྨད་བར་གསུམ་གྱི་མཐའ་མཚམས་ས་ཁུལ་ཕལ་ཆེར་དང་། ད་དུང་ཧན་རིགས་རྒྱ་མི་རྣམས་ཀྱིས་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་གྱི་ཉེན་ཚབས་ཆེ་ཤོས་སུ་བརྩི་བཞིན་པའི་ཨབ་གྷན་སི་ཐན་དང་ཕ་ཀི་སི་ཐན་དང་ཤར་ཏྲུར་ཀི་སི་ཐན་ནམ་རྒྱ་སྐད་དུ་ཤིན་ཅང་ཞེས་འབོད་པའི་ཡུལ་བཅས་ཀྱི་ས་མཚམས་སུ་འཁེལ་བའི་གནའ་བོའི་ལི་ཡུལ་གྱི་ལྷོ་མཐའ་རུ་གནས་ཆགས་པའི་ཁ་ཆེ་ཆོས་ལུགས་པའི་འདུས་སྡོད་ས་ཁུལ་ཏེ་ཁྭ་ཤི་སྒར་དང་ཧི་ཐེན་བཅས་སུ་སྐབས་རེར་རང་ཉིད་རྐྱང་བས་དང་།  མཚམས་རེར་ཨི་ཊ་ལི་དང་། ཨ་མེ་རི་ཁ།  ཉི་ཧོང་། དབྱིན་ཇིའམ་དབྱིན་གྷི་ལན།  ཕོ་ལན་ཊི།  ལྷོ་ཁོ་རེ་ཡ།  ནོར་ཝེ།   ཁ་ན་སྒྲ།   ཧྥ་རན་སི།   སི་ཕེན།   ཧོང་ཁོང་སོགས་ཡར་ཐོན་དར་རྒྱས་ཅན་གྱི་རྒྱལ་ཁབ་དང་ས་ཁུལ་འགའི་མི་སེར་ཡིན་པའི་ཡུལ་སྐོར་ལྗོངས་རྒྱུ་བ་དང་། ཚན་རིག་པ།  ས་གཤིས་རྟོག་ཞིབ་པ། ཤེས་ཡོན་པ། རྩོམ་པ་པོ།  སློབ་ཆེན་སློབ་མ་བཅས་ཡིན་པ་གང་ཞིག་ལ།  སྒེར་གྱི་འབྲེལ་བའི་ཐད་ནས་གྲོགས་པོ་ཡིན་པ་འགའ་ཞིག་དང་མཉམ་དུ་འགྲོགས་འདྲིས་ཀྱི་གོ་སྐབས་ཐེངས་མང་བྱུང་བས།  འཛམ་གླིང་ཤར་ནུབ་ཀྱི་ཡུལ་ཕྱོགས་སོ་སོའི་ཡུལ་རྒྱུས་དང་ཡུལ་མིའི་འཚོ་བ། བསམ་བློ་དང་གཤིས་ཀ  ཀུན་སྤྱོད་དང་ཆོས་ལུགས་དད་མོས། ཆབ་སྲིད་ཀྱི་གནས་སྟངས།  ཡུལ་གྲུ་དེ་ཚོའི་ཉིན་རེ་ཉིན་རེའི་བྱ་བ་སྒྲུབ་སྟངས་དང་དགའ་ཁ་འཁྱེར་ཕྱོགས་སོགས་ལའང་རྒྱུས་ལོན་གང་ལ་གང་འཚམས་ཤིག་ལོན་པས་མི་ཚད། རྒྱ་ཆེ་ས་ནས་ཞུས་ན། འཛམ་བུ་གླིང་གི་འགྲོ་ཕྱོགས་དང་། ཡང་སྒོས་ནུབ་གླིང་ཡོ་རོབ་པ་དང་ཨ་རི་བ།  སའི་གོ་ལའི་ཆེས་ཤར་མཐའི་རྒྱལ་ཁབ་ཉི་ཧོང་ངམ་འཇར་པན་བ་སོགས་ཀྱི་ནང་བསམ་བློ་འཁྱེར་སྟངས་དང་མི་ཚེ་སྐྱེལ་སྟངས་ལ་ཡང་དཔེ་དེབ་དང་གསར་འགྱུར་སོགས་ཀྱི་ཐོག་ཏུ་གོ་ལོ་ཐོས་ལོ་ཙམ་མ་ཡིན་པར་འགྲོ་མིའི་འཚོ་བ་དངོས་ཀྱི་ནང་ནས་ཉམས་མྱོང་རྩ་ཆེན་མང་བོ་གསོག་འཇོག་ཐུབ་པ་བྱུང་།

བརྩམས་ཆོས།  ༼ཆེས་སྐྱུག་བྲོ་བའི་དེང་དུས་ཀྱི་བོད་མི།༽  ཟེར་བའི་དཔེ་དེབ་གཅིག་བརྩམས་གྲུབ་ཟིན་ཡོད་ན་ཡང་།  ཤ་རུས་གཅིག་པའི་རང་རེའི་ཀླད་རྙིང་ཚོའི་གུ་དོག་ཀོ་ལོང་ཚ་བའི་ཆེས་ཕྲག་དོག་ཅན་གྱི་མ་རུངས་པའི་བསམ་གཤིས་དང་ཐལ་མཐའི་ཕྱོགས་ལྷུང་གི་བྱ་སྤྱོད་སོགས་ལ་གཞིགས་ནས་ད་ལྟའི་བར་དཔར་སྐྲུན་བྱ་མ་ཐུབ་པར་ལུས།   དེ་མིན། ༼བོད་ཀྱི་གྲྭ་པ་ཞིག་གིས་རྒྱལ་ཁམས་འགྲིམས་པའི་མཐོང་ཐོས་མྱོང་བའི་སྐོར།༽ ཟེར་བའི་དཔེ་དེབ་ཅིག་ཀྱང་ད་ཆ་ཕལ་ཆེར་བྲིས་ཟིན་ནས་ཡོད་མོད། གནས་སྐབས་སུ་ཆབ་སྲིད་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དཔར་སྐྲུན་བྱ་འཆར་མེད།  དེ་མིན་འཕྲིན་ཕྲན་ནམ་སྐད་འཕྲིན་དང་།  ཁྱེའུ་འཕྲིན།  པོད་འཕྲིན་སོགས་སུ་མི་བུ་རང་ཚོད་ཀྱིས་རྩོམ་ཡིག་སྣ་ཚོགས་ཤིག་སྤེལ་མྱོང་ཡོད་ན་ཡང་།  རྐྱེན་དབང་གིས་དངོས་མིང་གི་ཐོག་ནས་རྩོམ་ཡིག་སྤེལ་བ་ཐེངས་ཁ་ཤས་ལས་བྱུང་མ་སོང་།
བྱ་བ།  གནས་སྐབས་སུ་ཧི་མ་ལའི་རིག་མཛོད་ཁང་དུ་དཔེ་དེབ་ཞུ་དག་པའི་ལས་ཀ་གཉེར་བཞིན་ཡོད།

རྒྱུན་པར་སྡོད་གནས།  གཏན་འཁེལ་ངེས་ཅན་ཞིག་མེད།


༼ཞུ་དག་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  ཐུབ་བསྟན་གཞོན་ནུ། 
པིར་མིང་།  ཁམས་མེ་སྟག
སྐྱེས་ཡུལ། ཁམས་སྡེ་དགེ་ཡིད་ལྷུང་ཁྲོ་ཐང་སྡེ་བ།
ཐོབ་ཐང་། སློབ་གཉེར་པ་དང་། རྩོམ་པ་པོ།
ཆེད་ལས། ནང་བསྟན་རིག་པ་དང་རྩོམ་རིགས་ཀྱི་བྱ་བ།
སློབ་སྦྱོང་གི་བརྒྱུད་རིམ། དང་ཐོག་རང་དགོན་གྱི་སློབ་གྲྭར་ཞུགས་ཏེ་འདོན་ཆ་དང་པོད་ལྔའི་རྩ་བ་བློར་སྦྱངས། རྗེས་ཕྱོགས་སུ་དེ་གའི་བཤད་གྲྭར་ཞུགས་ཏེ་འདུལ་གཞུང་དང་སྔོན་འགྲོའི་གཞུང་སྐོར་བསླབས་ཏེ་འབུམ་ལྔ་བསགས། སྤྱི་ལོ ༢༠༠༩ ལོར་དཔལ་གསེར་ལྗོངས་བླ་མ་རུང་དུ་དངོས་ཞུགས་བྱས་ཏེ། ཐུན་མོང་རིག་གནས་དང་ལོ་རྒྱུས་སྙན་ངག་སོགས་ལ་སློབ་སྦྱོང་ཅུང་ཙམ་བྱས། སྤྱི་ལོ ༢༠༡༡ ལོར་མདོ་ཁམས་རྫ་སེར་ཤུལ་དགོན་མཐོ་རིམ་ནང་བསྟན་སློབ་གླིང་དུ་དངོས་ཞུགས་བགྱིས་ཏེ་བློ་རྟགས་བསྡུས་གསུམ་ནས་ཚད་མ་རྣམ་འགྲེལ་དང་ཕར་ཕྱིན་སོགས་སུ་སློབ་པའི་སྐལ་བ་ཐོབ། 
བྱ་བ། ད་ལྟར་ཧི་མ་ལའི་རིག་མཛོད་ཁང་དུ་ཞུ་དག་གི་ལས་ཀ་གཉེར་གྱིན་ཡོད། 

རྒྱུན་པར་སྡོད་གནས། མདོ་སྟོད་དཀར་མཛེས་ཁུལ་སྡེ་དགེ་རྫོང་ཁྲོ་ཐང་སྡེ་བ།


༼ཞུ་དག་སྡེ་ཁག་གི་ལས་འཛིན་པ།༽


དངོས་མིང་།  ཡར་འཕེལ་གྲགས་པ།
སྐྱེས་ཡུལ།  ཐང་སྐོར་ཡུལ་ཚོ།
ཐོབ་ཐང་།  སློབ་ཆེན་པ།
ཆེད་ལས།  རྩོམ་རིག  
སློབ་སྦྱོང་གི་རྒྱུད་རིམ། ཆུང་དུས་ནས་གྲྭ་སར་ཞུགས་ཏེ་དགོན་པའི་འདོན་ཆ་མཐའ་དག་བློ་འཛིན་བྱས་ཤིང་ཞོར་དུ་རྒན་དཀོན་མཆོག་བརྩོན་འགྲུས་ སོགས་ཀྱི་མདུན་ནས་སུམ་རྟགས་དག་གསུམ་ལ་སྦྱངས་པ་བྱས།   དགོན་པའི་བློ་རྒྱུགས་རྫོགས་རྗེས་ཨ་མཆོག་མཚན་ཉིད་དགོན་དུ་བསྡུས་གྲྭ་དང་།  བློ་རྟགས་ཕར་ཕྱིན་སོགས་ལ་སྦྱངས།   ཁྲི་ཞིང་ངེ་སྐལ་བཟང་ལུང་རྟོགས་རྒྱ་མཚོའི་མདུན་ནས།  སྒྲ་རིག་པ།  དཀར་རྩིས་དང་ནག་རྩིས།   སྙན་ངག   སུམ་རྟགས་དག་གསུམ།  བློ་སྦྱོང་གི་སྐོར་སོགས་མང་བོར་སྦྱངས་པའི་སྐལ་བ་ཐོབ། ༢༠༠༩-༢༠༡༢ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སློབ་གླིང་ནས་རྩོམ་རིགས་གཙོར་བྱས་པའི་ཐུན་མོང་གི་རིག་གནས་ལ་སློབ་སྦྱོང་བྱས།
བྱ་བ།    ཧི་མ་ལའི་རིག་མཛོད་ཆེན་མོའི་ཡིག་ཞུ་དག་པའི་སྡེ་ན་ལས་ཀར་གཉེར་བཞིན་ཡོད།

རྒྱུན་པར་སྡོད་གནས།   མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོ།


༼ཞུ་དག་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  འཇམ་དབྱངས།
སྐྱེས་ཡུལ། མཚོ་སྔོན་རྨ་ལྷོ་རེབ་གོང་། 
ཐོབ་ཐང་།  དགེ་རྒན། 
ཆེད་ལས།  བོད་ཡིག
སློབ་སྦྱོང་གི་བརྒྱུད་རིམ། མདོ་སྨད་རྔ་ཡུལ་ཀརྟི་དགོན་དང་རེབ་གོང་རོང་བོ་དགོན་ཆེན་སོགས་ནས་དགེ་བའི་བཤེས་གཉེན་ཆེན་མོ་མཛོད་ཚང ༧ བློ་བཟང་བརྩོན་འགྲུས་དང ༧ རོང་བོ་བློ་བཟང་ཆོས་གྲགས། རྟོག་གྲོལ ༧ ཡོན་ཏན་རྒྱ་མཚོ། མདོ་སྨད་པ ༧ བློ་བཟང་དཔལ་ལྡན་སོགས་ཀྱི་དྲུང་དུ་ནང་བསྟན་རིག་གནས་གཙོར་སྦྱང་བྱས་པ་མ་ཟད། ཞོར་དུ་བརྡ་སྤྲོད་རིག་གནས་ལ་སྦྱང་བ་དམན་ཙམ་བྱས་མྱོང་། 
བྱ་བ། ཧི་མ་ལའི་རིག་མཛོད་ཁང་གི་དག་བཅོས་དཔེ་བསྡུར་སྡེ་ཁག་ཏུ་བྱ་བ་སྒྲུབ་བཞིན་ཡོད། 

རྒྱུན་པར་སྡོད་གནས།  མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཐུན་རིན་རྫོང་།


༼ཞུ་དག་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  ཀརྨ་དོན་གྲུབ།

སྐྱེས་ཡུལ།   མགོ་ལོག་གཙང་ཞོལ།

ཐོབ་ཐང་།  མི་སེར་དཀྱུས་མ།

ཆེད་ལས།  བོད་ཀྱི་རིག་གཞུང་།

སློབ་སྦྱོང་གི་བརྒྱུད་རིམ།  ན་ཆུང་གི་དུས་ཚིགས་སུ་རང་གི་ཕ་ཡབ་དང་ཕུ་བོ་གཉིས་ཀྱི་མདུན་ནས་ཀ་ཁའི་འབྲུ་ཀློག་དང་ཆོ་ག་ཆོས་སྤྱོད་ཀྱི་སྐོར་སོགས་བསླབས་མྱོང་། གཞུག་ནས་ཉིས་སྟོང་གི་ལོ་ཚིགས་ཏག་ཏག་མི་དྲན་ནའང་རང་ལོ་བཅུ་བཞིའི་སྟེང་ནས་མི་ལོ་དགུ་ཡས་མས་ཤིག་ལ་འབྲས་རབ་འབྱམས་པ་པདྨ་རས་པའི་མདུན་ནས་བསེ་བསྡུས་གྲྭ་ནས་བཟུང་སྟེ་བློ་རྟགས་དང་གྲུབ་དོན་ས་གསུམ། ཤེར་གཞུང་སོགས་ལ་སྦྱངས་པ་བྱས་ཏེ་མཐར་ཕྱིན་དཔང་ཡིག་ཐོབ། དེ་དང་ཞོར་དུ་དགེན་དགེ་འདུན་ཡར་འཕེལ་སོགས་ཀྱི་མདུན་ནས་སུམ་རྟགས་དག་གསུམ་སོགས་ལ་སྦྱངས་པ་བྱས་ཏེ་གྲུབ་འབྲས་ཀྱང་མི་དམན་པ་ཞིག་རྙེད་པའོ། །

བྱ་བ།  ད་ལྟ་ཧི་མ་ལའི་རིག་མཛོད་ཁང་གི་ཞུ་དག་པའི་སྡེ་ན་བྱ་བ་སྒྲུབ་བཞིན་ཡོད།

རྒྱུན་པར་སྡོད་གནས།   མགོ་ལོག་གཙང་ཞོལ།


༼དྲ་ཚིགས་དོ་དམ་ཁང་གི་ལས་འཛིན་པ།༽

 
དངོས་མིང་།  ཆོས་ལྷ།
སྐྱེས་ཡུལ།    སྦྲ་ཆེན་སྟག་མགོ་ཡུལ་ཚོ།
ཆེད་ལས།    རྩིས་འཕྲུལ།
སློབ་སྦྱོང་གི་བརྒྱུད་རིམ། ༢༠༠༡-༢༠༠༧ ཁྱུང་མཆུ་རྫོང་རེ་སྨོན་སློབ་ཆུང་ནས་མཐར་ཕྱིན། ༢༠༠༧-༢༠༡༠ ཁྱུང་མཆུ་རྫོང་བོད་ཡིག་སློབ་འབྲིང་ནས་དམའ་འབྲིང་མཐར་ཕྱིན། ༢༠༡༡ ནས་རང་གི་ཨ་ཞང་མཁན་པོ་སོགས་ཀྱི་ཟུར་ནས་བོད་ཀྱི་ཐུན་མོང་གི་རིག་གནས་ལ་སློབ་སྦྱོང་མི་དམན་པ་བྱས།
བྱ་བ། ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་དྲ་ཚིགས་དོ་དམ་པ།           
རྒྱུན་པར་སྡོད་གནས། མདོ་སྨད་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོ།


༼དྲ་ཚིགས་དོ་དམ་སྡེ་ཁག་གི་ལས་འཛིན་པ།༽
དངོས་མིང་། ཤེས་རབ།
སྐྱེས་ཡུལ།  ཁྱུང་མཆུ།
ཐོབ་ཐང་།  སློབ་ཆེན།
ཆེད་ལས། ལོ་ཙཱའི་ལས་རིགས།
སློབ་སྦྱོང་གི་བརྒྱུད་རིམ། ཚ་རུ་མ་ཡུལ་ཚོའི་སློབ་ཆུང་དང་ཁྱུང་མཆུ་རྫོང་བོད་ཡིག་སློབ་འབྲིང་། ནུབ་བྱང་མི་རིགས་སློབ་གྲྭ་སོགས་ནས་རིམ་པར་སློབ་མཐར་ཕྱིན། 
བྱ་བ། ད་ལྟ་བོད་ཀྱི་རིག་མཛོད་ཆེད་གཉེར་ལས་རིགས་ལྟེ་གནས་ཏེ་ཧི་མ་ལའི་རིག་མཛོད་ཁང་དུ་དངོས་ཞུགས་དག་བཅོས་སྡེ་ཁག་ཏུ་བྱ་བ་གཉེར་བཞིན་ཡོད།

རྒྱུན་པར་སྡོད་གནས། ཟི་ཁྲོན་རྔ་བ་ཁུལ་ཁྱུང་མཆུ་རྫོང་།


༼དྲ་ཚིགས་དོ་དམ་ཁང་གི་ལས་འཛིན་པ།༽

  
དངོས་མིང་། མགོན་པོ་འཚོ།
སྐྱེས་ཡུལ།  ཁྱུང་མཆུ་རྫོང་སྦྲ་ཆེན་སྟག་མགོ།
ཐོབ་ཐང་།  སློབ་མ།
ཆེད་ལས། བོད་ཡིག
སློབ་སྦྱོང་གི་བརྒྱུད་རིམ།   ༡༩༩༨--༢༠༠༣ ཁྱུང་མཆུ་རེ་སྨོན་སློབ་གྲྭ་ནས་སློབ་ཆུང་མཐར་ཕྱིན། ༢༠༠༣--༢༠༠༦ རྫོང་བོད་ཡིག་སློབ་འབྲིང་ནས་མཐར་ཕྱིན། ༢༠༠༦--༢༠༠༩ རྫོང་བོད་ཡིག་མཐོ་འབྲིང་ནས་མཐར་ཕྱིན། ༢༠༠༩--༢༠༡༡ སྤྱི་ཚོགས་ལ་ཞུགས་ནས་རྒྱ་ཡིག་གི་དགེ་རྒན་སྒེར་གྱིས་བསྟེན་ནས་སློབ་སྦྱོང་མི་དམན་པ་བྱས། ༢༠༡༡ ལོར་ནས་སྒེར་གྱིས་དགེ་རྒན་བསྟེན་ནས་སུམ་རྟགས་དག་གསུམ་དང་སྙན་ངག་སོགས་ལ་སྦྱང་བ་གང་མང་བྱས་དང་བྱེད་བཞིན་པ་ཡིན།
བྱ་བ། ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་དྲ་ཚིགས་དོ་དམ་པ།

རྒྱུན་པར་སྡོད་གནས།   མདོ་སྨད་རྔ་བ་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་རུ་ཁག་ལྔ་བ།


རིག་མཛོད་དཔེ་མཛོད་དོ་དམ་པའི་ལས་འཛིན་པ།༽

  
དངོས་མིང་།   ཀུན་དགའ།
སྐྱེས་ཡུལ།   ཁྱུང་མཆུ་རྫོང་།
ཐོབ་ཐང་།  སློབ་གཉེར་བ།         

ཆེད་ལས།  བོད་ཡིག

སློབ་སྦྱོང་གི་བརྒྱུད་རིམ། ནང་བསྟན་རྒྱུུན་ཤེས་དང་སུམ་རྟགས་དག་གསུམ། སྤྱི་ཚོགས་དམངས་ཁྲོད་རིག་གནས་སོགས་ལ་སློབ་གཉེར་གང་འཚམ་རེ་བྱས་མྱོང་།

བྱ་བ།  ཧི་མ་ལའི་རིག་མཛོད་ཆེན་མོའི་དཔེ་མཛོད་དོ་དམ་པ། 
རྒྱུན་པར་སྡོད་གནས།   མདོ་སྨད་རྔ་བ་ཁུལ་ཁྱུང་མཆུ་རྫོང་གསེར་ཏེའུ་ཡུལ་ཚོ།


རིག་མཛོད་དཔེ་མཛོད་དོ་དམ་པའི་ལས་འཛིན་པ།༽


དངོས་མིང་།  མགོན་པོ་འཚོ།          
སྐྱེས་ཡུལ།     སྦྲ་ཆེན་སྟག་མགོ་ཡུལ་ཚོ།
ཐོབ་ཐང་།    སློབ་ཆེན་པ།
ཆེད་ལས།  རྩོམ་རིག  
སློབ་སྦྱོང་གི་བརྒྱུད་རིམ། ༡༩༩༧—༢༠༠༦ ཁྱུང་མཆུ་རྫོང་རེ་སྨོན་སློབ་ཆུང་། ༢༠༠༦—༢༠༠༨ ཁྱུང་མཆུ་རྫོང་བོད་ཡིག་སློབ་འབྲིང་། ༢༠༠༨—༢༠༡༠ འབར་ཁམས་མི་རིགས་དགེ་འོས་སློབ་གྲྭ། ༢༠༡༠—༢༠༡༣ ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ།
བྱ་བ།  ཧི་མ་ལའི་རིག་མཛོད་ཆེན་མོའི་དཔེ་མཛོད་དོ་དམ་པ། 

རྒྱུན་པར་སྡོད་གནས། མདོ་སྨད་ལྔ་བ་ཁུལ་ཁྱུང་མཆུ་རྫོང་།


༼སྒྲ་སྒྱུར་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།   ངག་དབང་ལྷ་མོ།
སྐྱེས་ཡུལ།     རྨ་ཆུ།
ཐོབ་ཐང་།   སློབ་ཆེན་པ།
ཆེད་ལས།     རྩོམ་རིག
སློབ་སྦྱོང་གི་བརྒྱུད་རིམ། སློབ་འབྲིང་སོགས་རྨ་ཆུ་རྫོང་བོད་ཡིག་སློབ་གྲྭ་ནས་བཏོན་པ་དང་པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོ་ནས་དངོས་གཞི་སློབ་མཐར་ཕྱིན།
བྱ་བ། ཧི་མ་ལའི་རིག་མཛོད་ཁང་གི་དྲྭ་ཚིགས་སྡེ་ཁག
རྒྱུན་པར་སྡོད་གནས།  མདོ་སྨད་རྨ་ཆུ་རྫོང་མུར་བྱེ་ཡུལ་ཚོ་མུར་ར་སྡེ་བ།


༼སྒྲ་སྒྱུར་སྡེ་ཁག་གི་ལས་འཛིན་པ།༽


དངོས་མིང་།  དཀོན་མཆོག་བསོད་ནམས། 
སྐྱེས་ཡུལ།  མཛོད་དགེ་རྫོང་།
ཐོབ་ཐང་།  སློབ་ཆེན་པ།
ཆེད་ལས།  རྩོམ་རིག
སློབ་སྦྱོང་གི་བརྒྱུད་རིམ། ༡༩༩༧—༢༠༠༣ ལྷ་མོ་ཀིརྟིའི་སློབ་ཆུང་། ༢༠༠༣—༢༠༠༦ མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་། ༢༠༠༦—༢༠༠༨ ཟི་ལིང་ནས་དབྱིན་ཡིག་ཆེད་གཉེར་སློབ་གྲྭར་མཐར་ཕྱིན།(ETP) ༢༠༠༩ ལོར་འབར་ཁམས་མི་རིགས་དགེ་འོས་སློབ་གྲྭ་ནས་ཐེངས་དྲུག་པའི་མཐར་ཕྱིན་འཛིན་གྲྭར་ཞུགས་ནས་སློབ་ཆེན་ལ་རྒྱུགས་སྤྲད། ༢༠༠༩—༢༠༡༠ ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཡན་ལག་གེ་སར་སྡེ་ཁག་གི་ཆེད་སྦྱོང་འཛིན་གྲྭར་ཞུགས། ༢༠༡༠—༢༠༡༢ ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་ཡིག་སྡེ་ཁག་ནས་དངོས་འཕར་འཛིན་གྲྭར་ཞུགས།
བྱ་བ།   ཧི་མ་ལའི་རིག་མཛོད་ཆེན་མོའི་དཔེ་བསྡུར་སྡེ་ཁག་ན་བྱ་བ་སྒྲུབ་བཞིན་ཡོད།

རྒྱུན་པར་སྡོད་གནས། མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་གཞག་སྡོམ་ཡུལ་ཚོ།ཛ


༼རྩོམ་སྒྲིག་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།   དབྱངས་ཅན་ལྷ་མོ།

སྐྱེས་ཡུལ།  མུར་ར་སྡེ་བ།
ཐོབ་ཐང་།  སློབ་མ།
ཆེད་ལས།  རྩིས་འཕྲུལ།
སློབ་སྦྱོང་གི་བརྒྱུད་རིམ།  ༢༠༠༠-༢༠༠༦ རྨ་ཆུ་རྫོང་བོད་ཡིག་སློབ་ཆུང་མཐར་ཕྱིན། ༢༠༠༦-༢༠༠༩ ཀན་ལྷོ་བོད་རིགས་སྣ་འཛོམས་ཆེད་གཉེར་སློབ་གྲྭ་ནས་དམའ་འབྲིང་མཐར་ཕྱིན། ༢༠༡༠ ལོར་ཕུ་བོའི་ཟུར་ནས་སུམ་རྟགས་དག་གསུམ་དང་གྲུབ་མཐའ་སོགས་ནང་ཆོས་ཕྱོགས་ནས་གོ་རྟོགས་ཕྲན་བུ་རེ་བྱུང་།༢༠༡༡-༢༠༡༢ ཀན་ལྷོ་བོད་རིགས་སྣ་འཛོམས་ཆེད་གཉེར་སློབ་གྲྭ་ནས་རྩིས་འཁོར་བསླབས།
བྱ་བ།  ཧི་མ་ལའི་རིག་མཛོད་ཆེན་མོའི་རྩོམ་སྒྲིག་སྡེ་ཁག་ན་བྱ་བ་སྒྲུབ་བཞིན་ཡོད།
རྒྱུན་པར་སྡོད་གནས། མདོ་སྨད་རྨ་ཆུ་རྫོང་མུར་ཕྱེ་ཡུལ་ཚོ།


༼དག་བཅོས་དཔེ་བསྡུར་སྡེ་ཁག་གི་ལས་འཛིན་པ།༽


དངོས་མིང་།  དབང་རྒྱལ།
སྐྱེས་ཡུལ།  སྡེ་དགེ་ཡིད་ལྷུང་དཔོན་རུ། 
ཐོབ་ཐང་།  གྲྭ་བ།
ཆེད་ལས།  ནང་བསྟན་རིགས་གཞུང་། 
སློབ་སྦྱོང་གི་རྒྱུད་རིམ།  ལོ་བདུན་ཙམ་ནས་འབྲི་ཀློག་བསླབས་ཏེ་དེ་རྗེས་རང་དགོན་སོགས་ནས་ལོ་བདུན་བརྒྱད་ཙམ་སློབ་སྦྱོང་བ་བྱས། དེ་རྗེས་གསེར་ཐང་བླ་རུང་ནས་སྦྱོང་བ་མི་དམན་པར་བྱས། 
བརྩམས་ཆོས། ཡིད་ལྷུང་སྨྱུག་ཚོགས་ཞེས་པའི་ལོ་དེབ་ཏུ་ང་མི་ཡིན་ཞེས་པ་སོགས།  
བྱ་བ།  ཧི་མ་ལའི་རིག་མཛོད་ཆེན་མོའི་ཡིག་ཞུ་དག་པའི་སྡེ་ན་ལས་ཀར་གཉེར་བཞིན་ཡོད།

རྒྱུན་པར་སྡོད་གནས།   མདོ་སྟོད་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་།


༼དག་བཅོས་དཔེ་བསྡུར་སྡེ་ཁག་གི་ལས་འཛིན་པ།༽

  
དངོས་མིང་། ཞེ་ཕྲུག
སྐྱེས་ཡུལ།  མཛོད་དགེ
ཐོབ་ཐང་།  སློབ་ཆེན་པ།
ཆེད་ལས།  ལྗོངས་རྒྱུ་ལས་རིགས།
སློབ་སྦྱོང་གི་བརྒྱུད་རིམ། ༡༩༩༦-༢༠༠༡ ས་གནས་སློབ་ཆུང་མཐར་ཕྱིན། ༢༠༠༡-༢༠༠༤ ལྷ་མོའི་བོད་ཡིག་སློབ་འབྲིང་མཐར་ཕྱིན། ༢༠༠༥-༢༠༠༧ སི་ཁྲོན་ཞིང་ཆེན་ཏི་ཡང་སློབ་གླིང་ནས་ལྗོངས་རྒྱུའི་སྐོར་ལ་ཆེད་སྦྱོང་བྱས། ༢༠༠༧-༢༠༡༡ དར་རྩེ་མདོར་དགེ་འོས་སློབ་གླིང་ནས་མཐར་ཕྱིན།
བརྩམས་ཆོས།    མཚོ་སྔོན་ཟིན་བྲིས་ན་སྙན་ངག་མི་ཉུང་བ་ཞིག་སྤེལ་ཁུལ་བྱས་ཡོད།
བྱ་བ།  ཧི་མ་ལའི་རིག་མཛོད་ཆེན་མོའི་དག་བཅོས་དཔེ་བསྡུར་སྡེ་ཁག་ནས་བྱ་བ་གཉེར་བཞིན་ཡོད།
རྒྱུན་པར་སྡོད་གནས།     མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་རྨེ་ཆུ་ཞིང་འབོས་སྡེ་བ།

༼དག་བཅོས་དཔེ་བསྡུར་སྡེ་ཁག་གི་ལས་འཛིན་པ།༽

  
དངོས་མིང་།    ཚེ་རིང་བསམ་གྲུབ།
པིར་མིང་།   ཚ་རོང་སྨྲ་སད།
སྐྱེས་ཡུལ།  ཤར་རྒྱལ་མོ་ཚ་བ་རོང་།
ཐོབ་ཐང་།  དགེ་རྒན།
ཆེད་ལས།  རྩོམ་རིག  
སློབ་སྦྱོང་གི་བརྒྱུད་རིམ།  རྒྱལ་རོང་བཤད་གྲྭ་དང་བླ་རུང་སྒར་སོགས་སུ་ནང་ཆོས་སྐོར་ཉུང་ཙམ་དང་ཐུན་མོང་གི་རིག་གནས་སོགས་ལ་སྦྱངས་མྱོང་།
བྱ་བ།  ས་གནས་སྒེར་ཚུགས་སློབ་གྲྭའི་བོད་ཡིག་དགེ་རྒན་དང་སི་ཁྲོན་བོད་ཡིག་དཔེ་རྙིང་འཚོལ་བསྡུ་ཁང་སོགས་སུ་བྱ་བ་སྒྲུབ་མྱོང་ཡོད་ལ་ད་བར་ཧི་མ་ལའི་རིག་མཛོད་ཁང་དུ་བྱ་བ་སྒྲུབ་བཞིན་ཡོད། 
བརྩམས་ཆོས།   སྙན་དེབ། ༼ངུ་འབོད༽
རྒྱུན་པར་སྡོད་གནས།   མདོ་སྨད་ཤར་རྒྱལ་མོ་ཚ་བ་རོང་།

༼དག་བཅོས་དཔེ་བསྡུར་སྡེ་ཁག་གི་ལས་འཛིན་པ།༽


དངོས་མིང་།  འཇམ་དབྱངས་དོན་འགྲུབ།           
སྨྱུག་མིང་།   རྡོ་སྲས་རྟོགས་སད།
སྐྱེས་ཡུལ།   པདྨ་རྫོང་སྟག་མཁར་ཡུལ་ཚོ།
ཐོབ་ཐང་།   སྐད་ཡིག་གི་དགེ་རྒན།
ཆེད་ལས།   རྩིས་འཕྲུལ།
སློབ་སྦྱོང་གི་བརྒྱུད་རིམ།  ༡༩༩༩--༢༠༡༢ གསེར་ཐང་ལྔ་རིག་སློབ་གླིང་ནས་བོད་བརྒྱུད་ནང་བསྟན་རིག་གཞུང་གཙོ་བྱས་བོད་ཐུན་མོང་གི་རིག་གནས་སུམ་རྟགས་དག་གསུམ་དང་སྙན་ངག་བཅས་ལ་སྦྱང་བ་མི་དམན་པ་བྱས་སོ། །
བརྩམས་ཆོས། ལྔ་རིག་སློབ་གླིང་ནས་དྲིས་ལན་བློ་གསལ་སྒོ་འབྱེད་ཀྱི་དེབ་ཆུང་ཞིག་ཕུལ་ཟིན།   སླར་ཡང་སུམ་རྟགས་དག་གསུམ་གྱི་དཀའ་གནད་ཀྱི་དྲིས་ལན༼གཉིས་པ་༽བློ་གསར་ཡིད་ཀྱི་དགའ་སྟོན་ཞེས་པའི་སློབ་དེབ་ཅིག་འབུལ་རྒྱུ་ཡིན།
བྱ་བ། ཚད་མ་དང་སུམ་རྟགས་དག་གསུམ་གྱི་འཆད་ཁྲིད་པ་དང་། ཤེས་རིག་ཡར་སྐུལ་ཚོགས་པའི་གཙོ་འགན་པ། ཧི་མ་ལའི་རིག་མཛོད་ཁང་གི་དཔེ་རྙིང་དཔེ་བསྡུར་བ་སོགས་བྱས་དང་བྱེད་བཞིན་པ་ཡིན།
རྒྱུན་པར་སྡོད་གནས།  མདོ་སྨད་མགོ་ལོག་ཁུལ་པདྨ་རྫོང་སྟག་མཁར་ཡུལ་ཚོ་མཁར་ནང་གོང་མའི་སྡེ་བ།

༼དག་བཅོས་དཔེ་བསྡུར་སྡེ་ཁག་གི་ལས་འཛིན་པ།༽


དངོས་མིང་།  རྡོ་རྗེ་དབང་རྒྱལ།
པིར་མིང་།   འབར་རིག་འཚོལ། 
སྐྱེས་ཡུལ།  མཛོད་དགེ
ཐོབ་ཐང་།  དཔེ་ཀློག་པ།
ཆེད་ལས།  དེང་རབས་སློབ་གསོ།
སློབ་སྦྱོང་གི་བརྒྱུད་རིམ། ལྷ་མོའི་རིག་གནས་སློབ་གཉེར་ཁང་དང་ལྔ་རིག་ཟབ་སྦྱོང་སློབ་གླིང་དུ་མི་ལོ་བཅུ་ཕྲག་ལྷག་ལ་ནང་དོན་རིག་གནས་སམ་ཐུན་མིན་དང་ཐུན་མོང་རིག་གནས་སོགས་ལ་སྦྱང་བ་བྱས།
བྱ་བ།   དགོན་སྡེ་དང་སྤྱི་ཚོགས་སློབ་གསོ་མི་ཉུང་བ་ཞིག་ཐོབ་པའི་འོག་ནས་ནར་སོན་ཅིང་སྤྱི་ཚོགས་ལ་ཁ་ཕྱོགས་པའི་མི་རྐྱང་འཁྱམ་པོ་ཞིག་ཡིན།
རྒྱུན་པར་སྡོད་གནས། མདོ་སྨད་མཛོད་དགེ་རྫོང་བཞག་སྡོམ་ཡུལ་ཚོ་དར་ལུང་སྡེ་བ།


དག་བཅོས་དཔེ་བསྡུར་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  རྡོ་རྗེ།          
སྐྱེས་ཡུལ། ཁམས་ཆབ་མདོ་དཔའ་ཤོད་འབྲོག་ཐང་།
ཐོབ་ཐང་།  མི་སེར་དཀྱུས་མ།
ཆེད་ལས།  རྩིས་རིག་པ།  
སློབ་སྦྱོང་གི་བརྒྱུད་རིམ། སྒེར་བསྟེན་དགེ་རྒན་བརྒྱུད་ཀ་ཁ་འབྲི་ཀློག་ནས་སུམ་རྟགས། ལོ་རྒྱུས། ནང་ཆོས། རྩིས་རིག་པ་སོགས་བོད་རང་གི་རིག་གནས་ལ་སྦྱང་བ་ཅུང་ཙམ་བྱས།
བྱ་བ། ཧི་མ་ལའི་རིག་མཛོད་ཁང་དུ་དཔེ་བསྡུར་དང་ཞུ་དག་སོགས་བྱེད་བཞིན་ཡོད།

རྒྱུན་པར་སྡོད་གནས། བོད་ལྗོངས་ཞིང་ཆེན་ཆབ་མདོ་ཁུལ་དཔའ་ཤོད་རྫོང་སྣ་རྩེ་མེ་ཏོག་ལྡུམ་རའི་སྡེ་བ།


དག་བཅོས་དཔེ་བསྡུར་སྡེ་ཁག་གི་ལས་འཛིན་པ།༽

ངོས་མིང་།  ཆོས་འབུམ།
པིར་མིང་།  སྒེར་མཐའ་བ།
སྐྱེས་ཡུལ། འཛི་སྐ། 
ཐོབ་ཐང་། ཡུལ་གྱར་བ།
ཆེད་ལས། རྩོམ་རིག་འབྲི་སྦྱོང་།
སློབ་སྦྱོང་གི་བརྒྱུད་རིམ། ཆུང་དུས་ཨ་ཕའི་མདུན་ནས་ཡི་གེ་སྦྱོར་ཀློག་བསླབས་ཤིང་དེ་ནས་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་སུམ་རྟགས་དག་གསུམ་དང་། ཚད་མ། དབུ་མ་སོགས་ལ་ལོ་མང་རིང་སྦྱངས་བ་བྱས། དེ་ནས་རེབ་གོང་དང་། གཅན་ཚ། ལན་གྲུ་སོགས་སུ་ཕྱིན་ཏེ་རྩོམ་རིག་དང་ལོ་རྒྱུས་སོགས་ཆེད་སྦྱོང་བྱས། མདོར་ན་ཡུལ་གྱར་གྱི་འཚོ་བ་ནི་སློབ་སྦྱོང་གི་བརྒྱུད་རིམ་ཞིག་ཏུ་བསམ་ཡོད།
བརྩམས་ཆོས།   ༢༠༡༢ ལོར་སྒེར་དེབ་རྡེའུ་དཀར་ནག་ཅེས་པ་དཔར་དུ་བསྐྲུན། གཞུང་གཉེར་དང་སྒེར་གཉེར་གྱི་དུས་དེབ་ལོ་དེབ་སོགས་སུ་བརྩམས་ཆོས་རེ་འགའ་བཀོད་མྱོང་།
བྱ་བ། ཧི་མ་ལའི་རིག་མཛོད་ཆེན་མོའི་ཡིག་གཏགས་པའི་སྡེ་ན་ལས་ཀ་གཉེར་བཞིན་ཡོད། 

རྒྱུན་པར་སྡོད་གནས། རྔ་བ་འཛམ་ཐང་རྫོང་།


དག་བཅོས་དཔེ་བསྡུར་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  བཀྲ་ཤིས་རྣམ་རྒྱལ། 
པིར་མིང་།  མེ་ཆར། 
སྐྱེས་ཡུལ། ཐང་སྐྱིད།
ཐོབ་ཐང་།  སློབ་མ། 
ཆེད་ལས། བརྡ་སྤྲོད།
སློབ་སྦྱོང་གི་བརྒྱུད་རིམ། རང་ཡུལ་སློབ་གྲྭ་འཇམ་དབྱངས་དགེ་འཕེལ་གླིང་དང་། བླ་རུང་འོད་གསལ་བསྟན་རྒྱས་གླིང་། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་སོགས་སུ་བརྡ་སྤྲོད་དང་། བློ་རྟགས་དབུ་ཚད་སོགས་ལ་སློབ་གཉེར་བྱས།
བྱ་བ། ཧི་མ་ལའི་རིག་མཛོད་ཆེན་མོ་དཔེ་བསྡུར་བའི་བྱ་བ་གཉེར་བཞིན་ཡོད། 

རྒྱུན་པར་སྡོད་གནས། མདོ་ཁམས་དཀར་མཛེས་ཁུལ་ཉག་རོང་རྫོང་།


དག་བཅོས་དཔེ་བསྡུར་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  འཇམ་དབྱངས་བསྟན་པ།
པིར་མིང་།  མཚོ་བྱུང་ཡིད་ཀྱི་འཁྲི་ཤིང་།     
སྐྱེས་ཡུལ།  མཚོ་སྔོན་ཡུལ་ཤུལ།
ཐོབ་ཐང་།  དཀར་ཟས་པ།  
ཆེད་ལས།  ནང་དོན་རིག་པ་དང་བརྡ་སྤྲོད། ཞོར་དུ་རྒྱ་དབྱིན་རྩིས་གསུམ།   
སློབ་སྦྱོང་གི་བརྒྱུད་རིམ།མིག་སྔར་བགྲང་བྱ་བཅུ་ཕྲག་ཙམ་གྱི་ཡུན་དུ་དྷཱིཿཁྱིམ་འབྲུག་དགོན་བཤད་གྲྭ་ལུང་རྟོགས་ཆོས་ཀྱི་ཞིང་ཁམས་ནས་ལོ་གསུམ་གྱི་ཡུན་དུ་ཚད་མ་དང་དཔལ་བླ་རུང་ནང་བསྟན་སློབ་གྲྭ་ནས་ལོ་བཞི་ཙམ་ལ་ཐུན་མོང་རིག་གནས་དང་དབུ་མ་སོགས་སྦྱངས་མྱོང་ཡོད་ལ། ལྷག་པར་ལོ་དེ་གའི་རིང་ངེས་དོན་གྱི་དྲན་དབང་ཆེན་མོ་མཁན་ཆེན་བླ་མ་བཀྲ་ཤིས་བསྟན་པ་རབ་རྒྱས་དང་དཔལ་བླ་རུང་གི་སྐྱེས་བུ་དམ་པ་ཚུལ་ཁྲིམས་བློ་གྲོས་རྣམས་ཀྱི་དྲུང་དུ་མདོ་སྔགས་ཀྱི་ཆོས་གཞུང་དང་ལུགས་གཉིས་ལམ་སྟོན་གྱི་བདུད་རྩི་མངར་མོའང་རོལ་མྱོང་བྱས།
བརྩམས་ཆོས།  འཕྲིན་སྟེགས་དང་ཚགས་ཤོག་སོགས་སུ་ལྷུག་རྩོམ་དང་རང་མོས་སྙན་ངག གླུ་ཚིག་ཀྱང་ཁ་ཤས་སྤེལ། གཞན་ཡང༼སུམ་རྟགས་དག་གསུམ༽ཞེས་པ་དང་ཁ་བྱང་མེད་པའི་འཚོ་བར་འབྲེལ་བའི་ཚིག་དུམ་འགའ་ཡང་འབྲི་མུས་སུ་མཆིས། 
བྱ་བ། དགེ་རྒན་གྱི་ལས་སུ་ཏོག་ཙམ་ཞུགས་མྱོང་བ་དང་ད་ཆར་ཧི་མ་ལའི་རིག་མཛོད་ཁང་དུ་ལས་གཉེར་བགྱིད་ཀྱིན་ཡོད། 

རྒྱུན་པར་སྡོད་གནས། མཚོ་སྔོན་ཞིང་ཆེན་སྐྱེ་དགུ་ཁུལ་སྐྱེ་དགུ་རྫོང་རག་ཤུལ་སྡེ་བ།


༼དག་བཅོས་དཔེ་བསྡུར་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་། རྟ་མགྲིན། 
པིར་མིང་། ཞོགས་མདའ།
སྐྱེས་ཡུལ། ཁམས་སྡེ་དགེ་ཡིད་ལྷུང་། 
ཐོབ་ཐང་།  སློབ་གཉེར་བ། 
ཆེད་ལས། ནང་བསྟན་རིག་གཞུང་།
སློབ་སྦྱོང་གི་བརྒྱུད་རིམ། དགོན་སྡེའི་སློབ་གྲྭར་ཡིག་སྦྱོང་མཛད་པ་དང་། རྗེས་སུ་བཤད་གྲྭར་ཞུགས་ནས་བཀའ་པོད་སོགས་ལ་སློབ་སྦྱོང་གང་ལ་གང་འཚམས་བྱས། 
བྱ་བ། ཧི་མ་ལའི་རིག་མཛོད་ཆེན་མོའི་ཞུ་དག་གི་བྱ་བ་གཉེར་བཞིན་ཡོད།  

རྒྱུན་པར་སྡོད་གནས།  མདོ་ཁམས་དཀར་མཛེས་ཁུལ་སྡེ་དགེ་རྫོང་ཡིད་ལྷུང་དཔོན་རུ་གྲོང་། 


༼དག་བཅོས་དཔེ་བསྡུར་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  འབེ་ཡོན་ཏན་རྒྱ་མཚོ། 
པིར་མིང་། བང་མི།
སྐྱེས་ཡུལ། ཆབ་མདོ་རྫོང་ཀརྨ་ཡུལ་ཤོག
ཐོབ་ཐང་།  དགེ་རྒན། 
ཆེད་ལས།  བོད་རིག་པ།
སློབ་སྦྱོང་གི་བརྒྱུད་རིམ། ཆུང་དུས་ཆབ་མདོ་རྫོང་ནས་སློང་ཆུང་བཏོན།  རང་ལོ་བཅུ་དྲུག་ཐོག་གྲྭ་སར་ཞུགས་ཤིང་ཟུར་མང་བཤད་གྲྭ་དང་།  ཞེ་ཆེན་ནང་བསྟན་སློབ་ཆེན། རྫོང་སར་ཁམས་བྱེའི་ནང་བསྟན་སློབ་ཆེན། བླ་རུང་ལྔ་རིག་ནང་བསྟན་སློབ་ཆེན་སོགས་སུ་སུམ་རྟགས་དག་གསུམ་དང་བློ་རྟགས་བསྡུས་གསུམ་ནས་བཟུང་།  དམ་ཆོས་དབུ་མའི་གཞུང་སོགས་ལ་སློབ་པའི་སྐལ་ཐོབ་པ་ནས་ད་ལྟ་རང་ལོ་ཉེར་གསུམ་གྱི་བར་དུ་སྙོམས་ལས་ཀྱིས་མི་ཚེ་བསྐྱལ།
བརྩམས་ཆོས། དུས་དེབ་དང་ཚགས་པར་དྲྭ་ལམ་སོགས་སུ་བཅད་ལྷུག་ཅི་རིགས་ཀྱི་ལམ་ནས་རྟོག་འཆར་དང་།  དཔྱད་རྩོམ་གང་མང་སྤེལ་མྱོང་།
བྱ་བ། འདས་པའི་ལོ་བཞིའི་རིང་ལ་རང་ཡུལ་དུ་རྨོངས་སེལ་གསབ་སྦྱོང་སློབ་གྲྭའི་དགེ་རྒན་དང་སྐད་ཡིག་དར་སྤེལ་སོགས་ཀྱི་ལས་ཀ་ཕྲན་ཚེགས་ལ་ཞུགས་མྱོང་ཞིང་། ད་སྐབས་ཀྱང་ཧི་མ་ལའི་རིག་མཛོད་ཁང་དུ་ལས་ཀ་བྱེད་མུས་སུ་མཆིས།

རྒྱུན་པར་སྡོད་གནས།  ཆབ་མདོ་རྫོང་ཀརྨ་ཡུལ་ཤོག


༼འབྲུ་ཀློག་དཔེ་བསྡུར་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  རྟ་མགྲིན་སྐྱབས། 
སྐྱེས་ཡུལ། སི་ཁྲོན་མཛོད་དགེ
ཐོབ་ཐང་། སློབ་མ། 
ཆེད་ལས། ནང་བསྟན་དང་དེང་རབས་རིག་པ།
སློབ་སྦྱོང་གི་བརྒྱུད་རིམ། ༢༠༠༢-༢༠༠༧ རྨེ་ཆུ་ཡུལ་ཚོའི་ལྟེ་བའི་སློབ་ཆུང་། ༢༠༠༧-༢༠༠༨ བཞག་སྡོམ་བོད་ཡིག་སློབ་འབྲིང་། 
བྱ་བ། ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་ཡིག་གཏག་པའི་བྱ་བ་སྒྲུབ་བཞིན་ཡོད།
རྒྱུན་པར་སྡོད་གནས། སི་ཁྲོན་མཛོད་དགེ་རྨེ་ཆུ་ཡུལ་ཚོ།


༼འབྲུ་ཀློག་དཔེ་བསྡུར་སྡེ་ཁག་གི་ལས་འཛིན་པ།༽


དངོས་མིང་།  རྒྱ་མཚོ་སྐྱིད།
སྐྱེས་ཡུལ།   མཚོ་ནུབ་གཏེར་ལམ་རྫོང་།
ཐོབ་ཐང་།  ལས་ཞུགས་པ།
ཆེད་ལས།   གཙག་དྲུབ།
སློབ་སྦྱོང་གི་བརྒྱུད་རིམ། དགེ་རྒན་ཆེན་མོ་རྒྱ་གྲོལ་སོགས་བསྟེན་ནས། སུམ་རྟགས་དག་གསུམ་དང་། ནང་ཆོས་ལ་ཅུང་སྦྱངས་པ་དང་། ཁྱད་པར་དུ་ཚེ་རིང་བསམ་གྲུབ་དྭ་ཕྲུག་སློབ་གྲྭར་ཞུགས་ནས་གཙག་དྲུབ་ལ་ཆེད་སྦྱོང་བྱས། ལྷག་པར་དུ ༢༠༡༡ ལོ་ནས་དགེ་བཤེས་དང་མཐོ་རིམ་དགེ་རྒན་སོགས་བསྟེན་ནས་ལོ་རྒྱུས་དང་སྙན་ངག་སོགས་ལ་ཡང་སློབ་སྦྱོང་མི་དམན་པ་བྱས་མྱོང་།
བརྩམས་ཆོས། གཙག་དྲུབ་ཀྱི་སྐོར་གྱི་ཐང་ག་འགའ་རེ་ཡོད་དེ། སྟོན་པ་ཤཱཀྱ་ཐུབ་པའི་སྐུ་ཐང་དང་། འཇམ་པའི་དབྱངས། ལྷ་མོ་དབྱངས་ཅན་མ། རྣམ་སྲས། གསང་བདག་ཕྱག་ན་རྡོ་རྗེ། སྒྲོལ་ལྗང་། ཐུགས་རྗེ་ཆེན་པོ་ཕྱག་བཞི་བ། ཛམྦྷ་ལའི་སྐུ་ཐང་སོགས་གཙག་དྲུབ་ཀྱི་ཐང་ག་གང་མང་ཞིག་བཞེངས་ཡོད་པ་མ་ཟད། དེང་རབ་རི་མོ་མི་འདྲ་བ་སུམ་ཅུ་ལྷག་ཡང་གཙག་དྲུབ་བྱས་མྱོང་།
བྱ་བ།   ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་དཔེ་བསྡུར་བའི་སྡེ་ཁག་ནས་བྱ་བ་གཉེར་བཞིན་ཡོད།
རྒྱུན་པར་སྡོད་གནས། མདོ་སྨད་མཚོ་ནུབ་ཁུལ། གཏེར་ལམ་རྫོང་། ཤར་ཝ་གྲོང་རྡལ། སྒོ་མེ་སྡེ་བ།


༼འབྲུ་ཀློག་དཔེ་བསྡུར་སྡེ་ཁག་གི་ལས་འཛིན་པ།༽


དངོས་མིང་།   དབྱངས་ཅན་སྒྲོལ་མ།
པིར་མིང་།    འཁོར་བདག་མ།
སྐྱེས་ཡུལ།     ཁྱུང་མཆུ་རྫོང་།
ཐོབ་ཐང་།    སློབ་མ།
ཆེད་ལས།     གླུ་གར།
སློབ་སྦྱོང་གི་བརྒྱུད་རིམ།  ༢༠༠༡_༢༠༠༦ ས་གནས་སློབ་ཆུང་ནས་སློབ་སྦྱོང་བྱས། ༢༠༠༦_༢༠༠༨ རྫོང་བོད་ཡིག་སློབ་འབྲིང་ནས་སློབ་སྦྱོང་བྱས། ༢༠༠༨_༢༠༡༠ རེབ་གོང་དགེ་འདུན་ཆོས་འཕེལ་སློབ་འབྲིང་དང་རང་ཡུལ་གྱི་མཐོ་འབྲིང་སོགས་ནས་སློབ་སྦྱོང་བྱས། ༢༠༡༠-༢༠༡༡ མཚོ་སྔོན་བོད་རིགས་སྒྱུ་རྩལ་གླུ་གར་ལྟེ་གནས་ནས་གླུ་གཞས་དང་ཞབས་བྲོ་ཆེད་སྦྱོང་བྱས། ༢༠༡༡ -༢༠༡༣ ནས་སྒེར་གྱིས་དགེ་རྒན་གང་མང་ཞིག་བསྟེན་ནས་བོད་ཀྱི་ཐུན་མོང་གི་རིག་གནས་སུམ་རྟགས་དག་གསུམ་དང་ལོ་རྒྱུས། སྙན་ངག་སོགས་ལ་སློབ་སྦྱོང་མི་དམན་པ་བྱས་དང་བྱེད་བཞིན་པ་ཡིན།
བྱ་བ།     ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་དཔེ་བསྡུར་བའི་སྡེ་ན་བྱ་བ་སྒྲུབ་བཞིན་ཡོད།
རྒྱུན་པར་སྡོད་གནས། མདོ་སྨད་རྔ་བ་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོ།

༼འབྲུ་ཀློག་དཔེ་བསྡུར་སྡེ་ཁག་གི་ལས་འཛིན་པ།༽


དངོས་མིང་།   མཁའ་འགྲོ་མཚོ།
སྐྱེས་ཡུལ།   གཏེར་ལམ་རྫོང་།
ཐོབ་ཐང་།   སློབ་མ།
ཆེད་ལས།   རྒྱ་ཡིག
སློབ་སྦྱོང་གི་བརྒྱུད་རིམ། ༢༠༠༡-༢༠༠༧ གཏེར་ལམ་རྫོང་བོད་ཡིག་སློབ་ཆུང་ནས་མཐར་ཕྱིན།༢༠༠༨-༢༠༡༠ གཏེར་ལམ་རྫོང་བོད་རིགས་སློབ་འབྲིང་ནས་དམའ་འབྲིང་མཐར་ཕྱིན། ༢༠༡༡-༢༠༡༢ གཏེར་ལམ་རྫོང་བོད་རིགས་སློབ་འབྲིང་ནས་མཐོ་འབྲིང་ལོ་གཅིག་ལ་སོང་།
བརྩམས་ཆོས།  སྦྲང་ཆར་དང་དུས་དེབ་སོགས་སུ་རྩོམ་མི་ཉུང་བ་ཞིག་སྤེལ་ཡོད།
བྱ་བ།   ཧི་མ་ལའི་རིག་མཛོད་ཆེན་མོའི་དཔེ་བསྡུར་སྡེ་ཁག་ན་བྱ་བ་སྒྲུབ་བཞིན་ཡོད།
རྒྱུན་པར་སྡོད་གནས།  མདོ་སྨད་མཚོ་ནུབ་ཁུལ་གཏེར་ལམ་རྫོང་ཤར་ཝ་གྲོང་རྡལ་སྒོ་མེ་སྡེ་བ།

༼འབྲུ་ཀློག་དཔེ་བསྡུར་སྡེ་ཁག་གི་ལས་འཛིན་པ།༽


དངོས་མིང་།  འཕྲིན་ལས།           
སྐྱེས་ཡུལ།  རྒྱལ་འཕགས་སྡེ་བ།
ཐོབ་ཐང་།   སློབ་མ།
ཆེད་ལས།  བོད་ཡིག
སློབ་སྦྱོང་གི་བརྒྱུད་རིམ། ལོ་བདུན་ཙམ་ནས་ཨ་ཞང་གི་ཟུར་ནས་འབྲི་ཀློག་ཡང་དག་པར་བསླབས།དེ་རྗེས་རང་དགོན་དང་རྫོགས་ཆེན་གསེར་ཐང་བླ་རུང་སོགས་ནས་ནང་ཆོས་སྐོར་ལ་སློབ་སྦྱོང་བྱས།
བྱ་བ། ཧི་མ་ལའི་རིག་མཛོད་ཆེན་མོའི་དཔེ་བསྡུར་སྡེ་ཁག་ན་བྱ་བ་སྒྲུབ་བཞིན་ཡོད།

རྒྱུན་པར་སྡོད་གནས།  མདོ་སྟོད་དཀར་མཛེས་ཁུལ་རྟའུ་རྫོང་ཁུག་ཆ་ཡུལ་ཚོ།


༼འབྲུ་ཀློག་དཔེ་བསྡུར་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  ཨ་འཚོ།        
སྐྱེས་ཡུལ།   མ་རྙེད་སྡེ་བ། 
ཐོབ་ཐང་།    སློབ་མ།
ཆེད་ལས།  བཟོ་རིག་པ།
སློབ་སྦྱོང་གི་བརྒྱུད་རིམ། སེང་འབྲུག་སློབ་གྲྭ་ནས་བོད་ཀྱི་ཐ་སྙད་རིག་གནས་ལ་སློབ་སྦྱོང་ཅུང་ཙམ་བྱས་མྱོང་།
བྱ་བ། ཧི་མ་ལའི་རིག་མཛོད་ཆེན་མོའི་དཔེ་བསྡུར་སྡེ་ཁག་ན་བྱ་བ་སྒྲུབ་བཞིན་ཡོད།
རྒྱུན་པར་སྡོད་གནས།   མདོ་སྨད་མགོ་ལོག་ཁུལ་པདྨ་རྫོང་སྟག་མཁར་ཡུལ་ཚོ། 

༼འབྲུ་ཀློག་དཔེ་བསྡུར་སྡེ་ཁག་གི་ལས་འཛིན་པ།༽


དངོས་མིང་།  རབ་བརྟན།
དྲྭ་མིང་།     ལམ་གསར་བ།         
སྐྱེས་ཡུལ།    གསེར་རྟ་རྐང་ཚ། 
ཐོབ་ཐང་།    མི་སེར་དཀྱིས་མ།
ཆེད་ལས།   རྩིས་འཁོར།  
སློབ་སྦྱོང་གི་བརྒྱུད་རིམ།  ༢༠༠༥ ནས ༢༠༡༣ བར་ལ་ཐུན་མིན་དང་ཐུན་མོང་གི་རིག་གནས་ལ་སློབ་སྦྱོང་བྱས།
བྱ་བ། ཧི་མ་ལའི་རིག་མཛོད་ཁང་ན་བྱ་བ་སྒྲུབ་བཞིན་ཡོད།

རྒྱུན་པར་སྡོད་གནས། མདོ་ཁམས་གསེར་རྟ་རྐང་ཚ་སྡེ་བ།


༼འབྲུ་ཀློག་དཔེ་བསྡུར་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  འཇམ་དབྱངས་སྐྱབས།   
སྐྱེས་ཡུལ། གཟའ་རུ་སྨད།
ཐོབ་ཐང་། སློབ་མ།
སློབ་སྦྱོང་གི་བརྒྱུད་རིམ། ༢༠༠༣-༢༠༡༠ གཟའ་རུ་སྨད་མའི་སློབ་ཆུང་། ༢༠༡༠-༢༠༡༢ མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་། ༢༠༡༢-༢༠༡༤ རྔ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ།
བྱ་བ། ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་ཡིག་གཏག་པའི་བྱ་བ་སྒྲུབ་བཞིན་ཡོད།

རྒྱུན་པར་སྡོད་གནས། མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་ཡུལ་ཚོ་གཟའ་རུ་སྨད།


༼འབྲུ་ཀློག་སྡེ་ཁག་གི་ལས་འཛིན་པ།༽
དངོས་མིང་།  བསོད་ནམས་དབྱངས་ཅན།
སྐྱེས་ཡུལ། གཅའ་ཡུལ་ཚོ།
ཐོབ་ཐང་།  སློབ་ཆེན།
ཆེད་ལས། རྩོམ་རིག
སློབ་སྦྱོང་གི་བརྒྱུད་རིམ། གཅའ་ཡུལ་ཚོའི་སློབ་ཆུང་དང་རྔ་བ་རྫོང་བོད་ཡིག་སློབ་འབྲིང་། འབར་ཁམས་མི་རིགས་དགེ་འོས་སློབ་གྲྭ་སོགས་ནས་རིམ་པར་སློབ་མཐར་ཕྱིན་ཅིང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་དངོས་གཞིའི་མཐར་ཕྱིན་དཔང་ཡིག་བླངས། 
བྱ་བ། ད་ལྟ་བོད་ཀྱི་རིག་མཛོད་ཆེད་གཉེར་ལས་རིགས་ལྟེ་གནས་ཏེ་ཧི་མ་ལའི་རིག་མཛོད་ཁང་དུ་དངོས་ཞུགས་དཔེ་བསྡུར་བའི་བྱ་བ་གཉེར་བཞིན་ཡོད།

རྒྱུན་པར་སྡོད་གནས། རྔ་བ་རྫོང་གཅའ་ཡུལ་ཚོ།


༼འབྲུ་ཀློག་སྡེ་ཁག་གི་ལས་འཛིན་པ།༽
དངོས་མིང་།  བྱང་ཆུབ་འཚོ།
སྐྱེས་ཡུལ། རྔ་བ་མཛོད་དགེ་རྫོང་།
ཐོབ་ཐང་།  སློབ་མ།
ཆེད་ལས། བོད་ཀྱི་གསོ་རིག
སློབ་སྦྱོང་གི་བརྒྱུད་རིམ། ས་གནས་སློབ་ཆུང་དང་སློབ་འབྲིང་དང་། རྔ་ཁུལ་ལས་རིགས་ལག་རྩལ་མཐོ་རིམ་སློབ་གླིང་ནས་བོད་ཀྱི་གསོ་རིག་ལ་ཆེད་དམིགས་སློབ་གཉེར་གྱི་འབད་བརྩོན་ཡང་དག་གནང་།
བྱ་བ། ད་ལྟ་ཧི་མ་ལའི་རིག་མཛོད་ཁང་དུ་དངོས་ཞུགས་ཡིག་གཏག་པའི་བྱ་བ་གཉེར་གྱིན་ཡོད། 

རྒྱུན་པར་སྡོད་གནས། རྔ་བ་མཛོད་དགེ་རྫོང་།


༼འབྲུ་ཀློག་སྡེ་ཁག་གི་ལས་འཛིན་པ།༽
དངོས་མིང་།  བློ་གྲོས་རྒྱ་མཚོ།
སྐྱེས་ཡུལ། རྨེ་བ།
ཐོབ་ཐང་།  སློབ་མ།
ཆེད་ལས། སྐྱེ་དངོས་རིག་གནས་ཞིབ་འཇུག་པ།
སློབ་སྦྱོང་གི་བརྒྱུད་རིམ། མགོ་ལོག་པདྨ་བོད་ཡིག་བྱམས་སྐྱོང་སློབ་གྲྭ་དང་རྨ་ཡུལ་སེང་འབྲུག་སྟག་རྩེ་དགེ་ཐོན་སློབ་གྲྭ་སོགས་ནས་སློབ་གཉེར་བྱས།
བྱ་བ། བོད་ཀྱི་གནའ་དཔེ་འཚོ་བསྡུའི་ལྟེ་གནས་ཧི་མ་ལའི་རིག་མཛོད་ཁང་ཆེན་མོ་རུ་འབྲུ་ཀློག་དཔེ་བསྡུར་གྱི་བྱ་བ་སྒྲུབ་བཞིན་ཡོད།

རྒྱུན་པར་སྡོད་གནས  ཁྱུང་མཆུ་རྫོང་རྨེ་བ་གདོང་སྣ་སྡེ་བ།


༼འབྲུ་ཀློག་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  མཁར་འབུམ་རྒྱལ།
པུར་མིང་། དུག་མྱི།
སྐྱེས་ཡུལ། མཚོ་ལྷོ་བྲག་དཀར།
ཐོབ་ཐང་།  སློབ་མ།
ཆེད་ལས། རྩོམ་རིག
སློབ་སྦྱོང་གི་བརྒྱུད་རིམ། བྲག་དཀར་རྫོང་གི་སློབ་གྲྭ་ཆུང་འབྲིང་ནས་སློབ་མཐར་ཕྱིན། ནུབ་བྱང་མི་རིགས་སློབ་ཆེན་དང་དགོན་སྡེ་དུ་མར་ཟུར་ཞུགས་སློབ་གཉེར་གྱི་སྦྱང་བ་རྒྱུན་བསྐྱངས།
བྱ་བ། ཧི་མ་ལའི་རིག་མཛོད་ཁང་ཆེན་མོར་ཡིག་གཏག་དང་དཔེ་བསྡུར་གྱི་བྱ་བ་གཉེར་བཞིན་ཡོད།

རྒྱུན་པར་སྡོད་གནས།  མཚོ་སྔོན་བྲག་དཀར་རྫོང་དཔལ་ཁ་གྲོང་བརྡལ།


༼འབྲུ་ཀློག་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  ཚུལ་ཁྲིམས་ཉི་མ།
པུར་མིང་།   འོམ་བུ།
སྐྱེས་ཡུལ། འཛམ་ཐང་རྫོང་།
ཐོབ་ཐང་།  གྲོང་བ། 
ཆེད་ལས། བོད་ཡིག
སློབ་སྦྱོང་གི་བརྒྱུད་རིམ། སློབ་ཆུང་དུ་ལོ་ངོ་གསུམ་ཙམ་ལ་སོང་རྗེས་དགོན་པར་ཞུགས་ཤིང་གྲོང་ཆོག་གི་ཆོ་ག་སོགས་ལ་སྦྱང་བ་བྱས། གསེར་ཐང་ལྔ་རིག་ནང་བསྟན་སློབ་གླིང་དུ་སུམ་རྟགས་དག་གསུམ་དང་བསྡུས་ཚད་རིག་པར་སྦྱང་བ་ཙམ་བྱས།  རྗེས་སུ་རེབ་གོང་ནས་སྙན་ངག་རིག་པ་ལ་སློབ་སྦྱོང་ཙམ་བྱས།
བྱ་བ། ཧི་མ་ལའི་རིག་མཛོད་ཆེན་མོར་དངོས་ཞུགས་དག་བཅོས་དཔེ་བསྡུར་གྱི་བྱ་བ་གཉེར་གྱིན་ཡོད།
རྒྱུན་པར་སྡོད་གནས།  སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འཛམ་ཐང་རྫོང་རྫོང་མདའ་ཡུལ་ཚོ།


༼འབྲུ་ཀློག་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  ཚེ་རིང་ཟླ་བ། 
སྐྱེས་ཡུལ། ཡུལ་ཤུལ་རག་སྨད།
ཐོབ་ཐང་།  སློབ་མ། 
ཆེད་ལས། རྩོམ་རིགས་དང་རྩིས་འཕྲུལ།
སློབ་སྦྱོང་གི་བརྒྱུད་རིམ། ༢༠༠༡—༢༠༠༣ བར་དུ་འབྲོག་ཁུལ་བཅའ་སྡོད་སློབ་ཆུང་ལ་བསྡད། ༢༠༠༤—༢༠༡༠ བར་དུ་རྫོང་སློབ་གྲྭའི་ནང་ནས་སློབ་སྦྱོང་བྱས། ༢༠༡༡—༢༠༡༢བར་དུ་མཚོ་ལྷོའི་ཤེས་རིག་དར་སྤེལ་སློབ་གླིང་ནས་སློབ་མཐར་ཕྱིན། ༢༠༡༣—༢༠༡༤ བར་དུ་གྲོགས་འགའ་དང་ལྷན་དུ་ཕ་ཡུལ་ནས་ཟབ་སྦྱོང་འཛིན་གྲྭ་གཉེར། ༢༠༡༥—ལོར་རྫ་རྒྱུད་ཤེས་རིག་སློབ་གླིང་ནས་སློབ་མཐར་ཕྱིན། 
བྱ་བ། ད་ལྟ་ཧི་མ་ལའི་རིག་མཛོད་ཁང་ན་འབྲུ་ཀློག་དཔེ་བསྡུར་བའི་བྱ་བ་གཉེར་བཞིན་མཆིས། 
རྒྱུན་པར་སྡོད་གནས།  མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་རག་སྨད་ཤམ་ཕྱི་རུག་སྡེ་བ།


༼འབྲུ་ཀློག་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  ཚེ་རིང་སྒྲོལ་མ།
པིར་མིང་། འཚོ་གཞུག་སྐྱིད།
སྐྱེས་ཡུལ། རྔ་བ་ཁུལ།
ཐོབ་ཐང་།  སློབ་མ། 
ཆེད་ལས། གསོ་བ་རིག་པ།
སློབ་སྦྱོང་གི་བརྒྱུད་རིམ། སློབ་ཆུང་དང་སློབ་འབྲིང་གཉིས་སྔ་རྗེས་སྦྱངས་ཏེ་རྔ་ཁུལ་ལས་རིག་ལག་རྩལ་མཐོ་རིམ་སློབ་གླིང་ནས་གསོ་བ་རིག་པ་ཆེད་དམིགས་དང་། རྒྱ་ཡིག བོད་ཡིག་སོགས་སློབ་སྦྱོང་གི་སྐལ་བ་ལྡན། དེ་ནས་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོ་ནས་སྦྱང་བརྩོན་གྱིས་གཤོག་པ་ནམ་མཁར་བརྐྱངས་ཏེ་སློབ་ཆེན་པ་ཞེས་པའི་མིང་བྱང་ཞིག་ཁུར་ནས་ཡོད་དོ། །
བྱ་བ། ཧི་མ་ལའི་རིག་མཛོད་ཆེན་མོའི་འབྲུ་ཀློག་སྡེ་ཁག་ན་ལས་དཀའ་གཉེར་བཞིན་ཡོད།
རྒྱུན་པར་སྡོད་གནས།  མཛོད་དགེ་རྫོང་རྨེ་ཆུ་ཡུལ་མཚོ་ལྷ་སྡེ་བཀྲ་ཤིས་དགའ་འཁྱིལ།


༼འབྲུ་ཀློག་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  འབུམ་སྐྱབས།
སྐྱེས་ཡུལ། མགོ་ལོག 
ཐོབ་ཐང་།  དཔེ་ཀློག་པ། 
ཆེད་ལས།  རྩོམ་རིག
སློབ་སྦྱོང་གི་བརྒྱུད་རིམ། ཧཱུཾ་ཀར་མཐོ་རིམ་སློབ་གླིང་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་ནས་ཕྲ་སྦོམ་གྱི་འགག་ཁ་གྲོལ་ཕྱིར་སུམ་རྟགས། སྙན་ངག སྤྱི་རྩིས། རྒྱ་ཡིག་སོགས་སློབ་གཉེར་ཕྲན་བུ་རེ་བྱས། སྔ་རྟིང་དུ་བླ་བྲང་དང་མགོ་ལོག་གི་དགོན་ཁག་ཆེ་གྲས་ལུང་སྔོན་ཆོས་རིག་མཐོ་རིམ་སློབ་གླིང་སོགས་ནས་བསྡུས་གྲྭ། བློ་རྟགས། ཚད་མ། སོགས་སྦྱངས་བ་འཐུས་ཤོར་ཙམ་རེ་བྱས་པའོ། །
བརྩམས་ཆོས། ཚོར་བའི་ལམ་སོགས་འཕྲུལ་དེབ་དང་སྤྱི་དེབ་སོགས་དྲྭ་རྒྱའང་གང་མང་དུ་བཀོད་མྱོང་། 
བྱ་བ། ཧི་མ་ལའི་རིག་མཛོད་ཆེན་མོའི་འབྲུ་ཀློག་དཔེ་བསྡུར་གྱི་བྱ་བ་གཉེར་བཞིན་ཡོད།
རྒྱུན་པར་སྡོད་གནས།  དགའ་བདེ་རྫོང་གངས་ལུང་ཡུལ་ཤོག

༼འབྲུ་ཀློག་སྡེ་ཁག་གི་ལས་འཛིན་པ།༽

ངོས་མིང་། ཡེ་ཤེས་བཟང་བོ།
སྐྱེས་ཡུལ། མགོ་ལོག་ཁྱི་འབྲི།
ཐོབ་ཐང་།  དགེ་རྒན།
ཆེད་ལས། རྩིས་འཕྲུལ།
སློབ་སྦྱོང་གི་བརྒྱུད་རིམ། རང་དགོན་ནས་སུམ་རྟགས་དང་། ཧཱུཾ་ཀར་མཐོ་རིམ་སློབ་གླིང་ནས་དཔལ་ལྡན་གསོ་བ་རིག་པ་དང་སྒྲ་རྩིས་སྙན་གསུམ་སོགས་རིག་པའི་གནས་ལ་སྦྱང་བ་མི་དམན་པ་བྱས།
བྱ་བ། ཧི་མ་ལའི་རིག་མཛོད་ཆེན་མོར་འབྲུ་ཀློག་དཔེ་བསྡུར་གྱི་བྱ་བ་གཉེར་བཞིན་ཡོད།

རྒྱུན་པར་སྡོད་གནས།  མགོ་ལོག་ཁྱི་འབྲི་ཡུལ་ཚོ།


༼འབྲུ་ཀློག་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་། རྡོ་རྗེ་རིན་ཆེན། 
པིར་མིང་།  དར་མིག་ཆུ།
སྐྱེས་ཡུལ།  མཛོད་དགེ་བཞག་སྡོམ། 
ཐོབ་ཐང་།  སློབ་མ།
ཆེད་ལས། རྩོམ་རིགས།
སློབ་སྦྱོང་གི་བརྒྱུད་རིམ།  སྟག་ཚང་ལྷ་མོ་ཀིརྟི་དགོན་རིག་གནས་སློབ་གཉེར་ཁང་དང་། བཞག་སྡོམ་སློབ་འབྲིང་། ཀིརྟི་དགོན་ལྔ་རིག་ཟབ་སྦྱོང་སློབ་གླིང་སོགས་ནས་ནང་བསྟན་རིག་གནས་དང་སུམ་རྟགས་དག་གསུམ། མཚན་ཉིད་རིག་གནས་སོགས་ལ་སྦྱོང་བ་ཅུང་ཙམ་རེ་བྱས། 
བྱ་བ། ད་ལྟ་བོད་ཀྱི་རིག་མཛོད་ཆེད་གཉེར་ལས་རིགས་ལྟེ་གནས་ཏེ་ཧི་མ་ལའི་རིག་མཛོད་ཁང་དུ་དངོས་ཞུགས་དཔེ་བསྡུར་བའི་བྱ་བ་གཉེར་བཞིན་ཡོད། 

རྒྱུན་པར་སྡོད་གནས།  མཛོད་དགེ་རྫོང་བཞག་སྡོམ་དར་ལུང་།


༼འབྲུ་ཀློག་སྡེ་ཁག་གི་ལས་འཛིན་པ།༽
དངོས་མིང་། ལྷ་ལྷ།
སྐྱེས་ཡུལ།  མཛོ་དགེ་ཨ་སྐྱིད།
ཐོབ་ཐང་།   སློབ་མ། 
ཆེད་ལས། གསོ་བ་རིག་པ།
སློབ་སྦྱོང་གི་བརྒྱུད་རིམ། སློབ་ཆུང་དང་སློབ་འབྲིང་གཉིས་སྔ་རྗེས་སུ་སྦྱངས་ཏེ་རྔ་ཁུལ་ལས་རིག་ལག་རྩལ་མཐོ་རིམ་སློབ་གླིང་ནས་གསོ་བ་རིག་པ་ཆེད་དམིགས་དང་། རྒྱ་ཡིག  བོད་ཡིག་སོགས་སློབ་སྦྱོང་གི་སྐལ་བ་ལྡན། 
བྱ་བ། ཧི་མ་ལའི་རིག་མཛོད་ཆེན་མོའི་འབྲུ་ཀློག་དཔེ་བསྡུར་སྡེ་ཁག་ཏུ་བྱ་བ་གཉེར་བཞིན་ཡོད། 

རྒྱུན་པར་སྡོད་གནས།  མཛོད་དགེ་རྫོང་གཟའ་རུ་སྟོད་མ།


༼རྨང་གཞི་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  འགྱུར་མེད།          
སྐྱེས་ཡུལ།  གཟའ་རུ་སྟོད།
ཐོབ་ཐང་།   སློབ་ཆེན་པ། 
ཆེད་ལས།  ཚན་རིག་སློབ་གསོ༼ས་རྒྱུས༽
སློབ་སྦྱོང་གི་བརྒྱུད་རིམ།  ༢༠༠༠ _ ༢༠༠༣  ལོར་རྫོང་བཅའ་སྡོད་སློབ་ཆུང་། ༢༠༠༣ _ ༣༠༠༦  ལོར་རྫོང་བོད་ཡིག་སློབ་འབྲིང་། ༢༠༠༦ _  ༢༠༠༩  ལོར་རྔ་བ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་། ༢༠༠༩  ༢༠༡༣  ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་།
བྱ་བ།  ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་དཔེ་བསྡུར་སྡེ་ཁག་ནས་བྱ་བ་སྒྲུབ་བཞིན་ཡོད།
རྒྱུན་པར་སྡོད་གནས།  མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་ཡུལ་ཚོ་གཟའ་རུ་སྟོད།

༼རྨང་གཞི་སྡེ་ཁག་གི་ལས་འཛིན་པ།༽


དངོས་མིང་།  ཀུན་ཏུ་བཟང་པོ།          
སྐྱེས་ཡུལ།  ས་བར་ཡུལ་ཚོ།
ཐོབ་ཐང་།  སློབ་མ། 
ཆེད་ལས།  རྩོམ་རིག
སློབ་སྦྱོང་གི་བརྒྱུད་རིམ།  ༢༠༠༡ – ༢༠༠༧ མཁའ་སར་མི་རིགས་བཅའ་སྡོད་སློབ་ཆུང་མཐར་ཕྱིན། ༢༠༠༧ – ༢༠༡༠ རྔ་བ་རྫོང་བོད་ཡིག་སློབ་འབྲིང་ནས་མཐར་ཕྱིན། ༢༠༠༧ – ༢༠༡༠ རྔ་ཁུལ་འཐོ་རིམ་སློབ་འབྲིང་ནས་མཐར་ཕྱིན། ༢༠༡༠ – ༢༠༡༣ ནུབ་བྱང་མི་རིགས་སློབ་ཆེན་མཐར་ཕྱིན།
བྱ་བ།  ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་དཔེ་བསྡུར་སྡེ་ཁག་ནས་བྱ་བ་སྒྲུབ་བཞིན་ཡོད།
རྒྱུན་པར་སྡོད་གནས།  མདོ་སྨད་རྔ་བ་ཁུལ་རྔ་བ་རྫོང་ས་བར་ཡུལ་ཚོ།


༼རྨང་གཞི་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།    ནོར་འཛིན་སྐྱིད།
སྐྱེས་ཡུལ།   གསེར་རྟ་རྫོང་།
ཐོབ་ཐང་།   ལས་ཞུགས་པ།
ཆེད་ལས།    བོད་ཡིག་དང་རྩིས་འཕྲུལ།
སློབ་སྦྱོང་གི་བརྒྱུད་རིམ།  སུམ་རྟགས་དག་གསུམ་སོགས་སློབ་སྦྱོང་གང་མང་བྱས།
བྱ་བ།     ཧི་མ་ལའི་རིག་མཛོད་ཁང་ནས་དཔེ་བསྡུར་དང་ཡིག་གཏག་བྱེད་བཞིན་ཡོད།
རྒྱུན་པར་སྡོད་གནས།  མདོ་སྟོད་དཀར་མཛེས་ཁུལ་གསེར་རྟ་རྫོང་རག་བྲམ་ཡུལ་ཚོའི་ཏོག་ཚ་སྡེ་བ།

༼རྨང་གཞི་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  ཆོས་མཚོ།

སྐྱེས་ཡུལ།  འཛམ་ཐང་རྫོང་། 
ཐོབ་ཐང་།  སློབ་ཆེན་པ།
ཆེད་ལས།  རྩིས་འཁོར།
སློབ་སྦྱོང་གི་བརྒྱུད་རིམ། ༡༩༩༧_༢༠༠༣    འཛམ་ཐང་རྫོང་སློབ་ཆུང་སློབ་གྲྭ། ༢༠༠༣_༢༠༠༦  འཛམ་ཐང་རྫོང་སློབ་འབྲིང་སློབ་གྲྭ། ༢༠༠༦ _༢༠༠༩  འབར་ཁམས་མི་རིགས་དགེ་འོས་སློབ་གྲྭ། ༢༠༠༩_༢༠༡༣  མཚོ་སྔོན་དགེ་ཐོན་སློབ་གྲྭ། 
བྱ་བ།    ཧི་མ་ལའི་རིག་མཛོད་ཁང་ནས་དཔེ་བསྡུར་དང་ཡིག་གཏག་བྱེད་བཞིན་ཡོད།
རྒྱུན་པར་སྡོད་གནས།  མདོ་སྨད་རྔ་བ་ཁུལ་འཛམ་ཐང་རྫོང་།

༼རྨང་གཞི་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  ཕྱུག་འཛོམས།

སྐྱེས་ཡུལ།  འཛམ་ཐང་རྫོང་།
ཐོབ་ཐང་།  སློབ་ཆེན་པ།
ཆེད་ལས།  བོད་སྐད་ཡིག་རྩོམ་རིག
སློབ་སྦྱོང་གི་བརྒྱུད་རིམ། ༡༩༩༧—༢༠༠༦ འཛམ་ཐང་རྫོང་རྡོ་སྟོད་སློབ་ཆུང་། ༢༠༠༦—༢༠༠༨ འཛམ་ཐང་རྫོང་བོད་ཡིག་སློབ་འབྲིང་། ༢༠༠༨—༢༠༡༠ འབར་ཁམས་མི་རིགས་དགེ་འོས་སློབ་གྲྭ། ༢༠༡༠—༢༠༡༣ ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ།
བྱ་བ།    ཧི་མ་ལའི་རིག་མཛོད་ཁང་ནས་དཔེ་བསྡུར་དང་ཡིག་གཏག་བྱེད་བཞིན་ཡོད།
རྒྱུན་པར་སྡོད་གནས། མདོ་སྨད་རྔ་བ་ཁུལ་འཛམ་ཐང་རྫོང་།

༼རྨང་གཞི་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  འཇམ་དབྱངས་འཚོ།

སྐྱེས་ཡུལ།   སྦྲ་ཆེན་ཡུལ་ཚོ། 
ཐོབ་ཐང་།  སློབ་མ།
ཆེད་ལས།  བོད་ཡིག
སློབ་སྦྱོང་གི་བརྒྱུད་རིམ། ༢༠༠༣—༢༠༠༩ ཁྱུང་མཆུ་རྫོང་རེ་སྨོན་སློབ་ཆུང་ནས་སློབ་སྦྱོང་བྱས། ༢༠༠༩—༢༠༡༢ ཁྱུང་མཆུ་བོད་ཡིག་སློབ་འབྲིང་ནས་སློབ་སྦྱོང་བྱས།
བྱ་བ།    ཧི་མ་ལའི་རིག་མཛོད་ཁང་ནས་དཔེ་བསྡུར་དང་ཡིག་གཏག་གི་བྱ་བ་སྒྲུབ་བཞིན་ཡོད།
རྒྱུན་པར་སྡོད་གནས། མདོ་སྨད་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོ།

༼རྨང་གཞི་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  ཤེས་སྨོན།          
སྐྱེས་ཡུལ།  ཁམས་གསེར་རྟ།
ཐོབ་ཐང་།  དགེ་རྒན། 
ཆེད་ལས།  ནང་ཆོས།      
སློབ་སྦྱོང་གི་བརྒྱུད་རིམ། གསེར་རྟ་སྟག་ལུང་དགོན་མཐོ་རིམ་ནང་བསྟན་བཤད་གྲྭ་དང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་སོགས་ནས་ཐུན་མོང་གི་རིག་གནས་དང་གྲུབ་མཐའ་ཚད་མ། དབུ་མ། ཕལ་ཕྱིན། སོགས་ལ་སློབ་སྦྱོང་བྱས་མྱོང་།
བྱ་བ།  ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་དཔེ་བསྡུར་སྡེ་ཁག་ནས་བྱ་བ་སྒྲུབ་བཞིན་ཡོད།
རྒྱུན་པར་སྡོད་གནས།  མདོ་སྟོད་དཀར་མཛེས་ཁུལ་གསེར་རྟ་རྫོང་ཞོ་མར་ཡུལ་ཚོ།

༼རྨང་གཞི་སྡེ་ཁག་གི་ལས་འཛིན་པ།༽


དངོས་མིང་།  འོད་གསལ་ལྷ་མོ།
སྐྱེས་ཡུལ།   ཁམས་གསེར་རྟ།
ཐོབ་ཐང་།  སློབ་མ།
ཆེད་ལས།  གླུ་གར།
སློབ་སྦྱོང་གི་བརྒྱུད་རིམ། ༢༠༠༥-༢༠༠༨ གསེར་རྟ་སློབ་ཆུང་ནས་སློབ་སྦྱོང་བྱས། ༢༠༠༢-༢༠༠༥ མཁན་ལེབ་ཡུལ་ཚོའི་སློབ་ཆུང་ནས་སློབ་སྦྱོང་བྱས། ༢༠༠༨-༢༠༡༠ གསེར་རྟ་སློབ་འབྲིང་ནས་སློབ་སྦྱོང་བྱས། ༢༠༡༢-༢༠༡༣ གསེར་རྟ་ཨ་ལ་ཐ་ལ་གླུ་གར་ཁང་སོགས་ནས་གླུ་གར་ལ་ཆེད་སྦྱོང་བྱས། 
བྱ་བ།   ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་ཡིག་གཏག་པའི་སྡེ་ཁག་ན་བྱ་བ་སྒྲུབ་བཞིན་ཡོད།
རྒྱུན་པར་སྡོད་གནས། མདོ་སྟོད་དཀར་མཛེས་གསེར་རྟ་རྫོང་དབོན་ཟ་སྡེ་བ།  

༼ནོར་སྲིད་ཁང་དང་མལ་ཁང་དོ་དམ་སྡེ་ཁག་གི་ལས་འཛིན་པ།༽

姓名:   班玛  (郑锦富)

出生地:广东廉江
职务:   行政
专业:   计算机应用与财务管理
学习经历:1997年9月~2011年7月 廉江中学 高中   2011年9月~2004年7月  广东技术师范学院 大专
职位: 职员
原住地址: 广东省廉江市龙塘路67号

༼དོ་དམ་སྡེ་ཁག་གི་ལས་འཛིན་པ།༽

姓名:      李玉梅

 出生地:   吉林珲春
 职务:       行政
 专业:       财务管理
学习经历:1995年~2006年高中毕业  2006~2009吉林工商学院 大专
职位:出纳行政助理
原住地址:吉林省长春市绿园区皓月大路1606号

༼དྲ་ཚིགས་དོ་དམ་ཁང་དང་མི་དོན་སྡེ་ཁག་གི་ལས་འཛིན་པ།༽


姓名:      程水荣
出生地:   江西上饶
职务:      行政文职
专业:      工业工程(IE)
学习经历:1996年9月到2001年7月 三湖小学.   2001年9月到2004年7月 三湖中学.  2004年9月到2007年7月 余干中学.  2007年9月到2011年7月 电子科技大学
职位:    文职
原住地址:江西省上饶市余干县玉亭镇劳动王家村。

༼དོ་དམ་སྡེ་ཁག་གི་ལས་འཛིན་པ།༽


姓名:耶希康卓
职务:行政
专业:评茶,茶艺
出生地:湖北仙桃
学习经历:2003~2010年在北京学习茶艺,评茶。2007年在北京东方国艺考取高级茶艺师,中级评茶员。
职位:    职员
原住地址:湖北省仙桃市杨林镇

༼རྨང་གཞི་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  པདྨ་སྐྱབས།          
སྐྱེས་ཡུལ། རྨ་ཆུ་དབལ་པཎ་ཡུལ་ཚོ། 
ཐོབ་ཐང་།  སློབ་ཆེན་པ།
སློབ་སྦྱོང་གི་བརྒྱུད་རིམ། ༢༠༠༥-༢༠༠༧ ལོར་སློབ་ཆུང་། ༢༠༠༨-༢༠༡༤ ལོར་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་མཐར་ཕྱིན།
བྱ་བ། ད་ལྟ་ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་ཡིག་གཏག་སྡེ་ཁག་ཏུ་བྱ་བ་སྒྲུབ་བཞིན་ཡོད། 
རྒྱུན་པར་སྡོད་གནས། ཀན་སུའུ་ཞིང་ཆེན་མདོ་ལྷོ་ཁུལ་རྨ་ཆུ་རྫོང་དབལ་པཎ་ཡུལ་ཚོ།


༼རྨང་གཞི་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  སྐལ་བཟང་རྡོ་རྗེ།          
སྐྱེས་ཡུལ། ཐང་སྐོར་ཡུལ་ཚོ། 
ཐོབ་ཐང་།  སློབ་ཆེན།
ཆེད་ལས། དཔལ་འབྱོར་རིག་པ།   
སློབ་སྦྱོང་གི་བརྒྱུད་རིམ། ༢༠༠༠-༢༠༠༣  ལོར་ཐང་སྐོར་སློབ་ཆུང་། ༢༠༠༣-༢༠༠༦ ལོར་རྫོང་བོད་ཡིག་སློབ་འབྲིང་། ༢༠༠༦-༢༠༠༩ ལོར་རྔ་བ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་། ༢༠༠༩-༢༠༠༡༣ ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། 
བྱ་བ།  ཧི་མ་ལའི་རིག་མཛོད་ཆེན་མོའི་ཡིག་གཏག་སྡེ་ཁག་ན་བྱ་བ་སྒྲུབ་བཞིན་ཡོད་། 
རྒྱུན་པར་སྡོད་གནས། མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོ། 

༼རྨང་གཞི་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  རྡོ་རྗེ་རབ་བརྟན།          
སྐྱེས་ཡུལ། ཨ་སྐྱིད་ཡུལ་ཚོ། 
ཆེད་ལས། མཐོ་འབྲིང་སློབ་མ།
སློབ་སྦྱོང་གི་བརྒྱུད་རིམ། ༢༠༠༢-༢༠༠༨ ལོར་རང་སྡེའི་སློབ་ཆུང་། ༢༠༠༩-༢༠༡༠ ལོར་རོང་ཆེན་རྟ་མོན་མཁར། བྱ་བ། ཧི་མ་ལའི་རིག་མཛོད་ཁང་ཆེན་མོ་རུ་བྱ་བ་སྒྲུབ་བཞིན་ཡོད།  
བྱ་བ།  ཧི་མ་ལའི་རིག་མཛོད་ཆེན་མོའི་ཡིག་གཏག་སྡེ་ཁག་ན་བྱ་བ་སྒྲུབ་བཞིན་ཡོད་། 
རྒྱུན་པར་སྡོད་གནས། མཛོད་དགེ་རྫོང་ཨ་སྐྱིད་ཡུལ་ཚོ།

༼རྨང་གཞི་སྡེ་ཁག་གི་ལས་འཛིན་པ།༽
དངོས་མིང་།  དབང་ཆེན་དར་རྒྱས། 
པིར་མིང་།  རྣོ་ཚེར།        
སྐྱེས་ཡུལ།  དར་མདོ། 
ཆེད་ལས། རྩོམ་འབྲི་བ།     
སློབ་སྦྱོང་གི་བརྒྱུད་རིམ། ཕ་ཡུལ་གྱི་གྲོང་བའི་སློབ་གྲྭ་དང་། མི་ཉག་རྫོགས་ཆེན་སློབ་གྲྭ།  མགོ་ལོག་རྨ་ཆེན་ལས་རིགས་སློབ་གླིང་སོགས་སུ་འགྲིམ་མྱོང་མོད། འོན་ཏེ་ཉིས་སྟོང་བཅུ་བཞི་ལོར་རྣམ་རྟོག་གི་གླིང་ག་ནས་འཁྲུངས་པའི་བསམ་གཞིགས་བརྩེགས་མ་ཅན་གྱི་སྙན་ངག་དང་དུངས་བརྗོད་སྙན་ངག་རེ་འགའ་བྲིས་ཏེ་དྲ་ལམ་དུ་སྤེལ་བས་སློབ་གྲྭ་ནས་ཕྱིར་ཕུད་བཏང་།
དེ་ནས་ཡུན་རིང་མ་འགོར་བར་རང་གི་བྲིས་རྩོམ་ཆེད་དེབ༼དུར་ཁྲོད་གསེང་གི་ཐ་སྙད༽འགྲེམ་སྤེལ་བྱས་པ་བརྒྱུད་དེ་ཕ་ཡུལ་ནས་མྱི་ཁར་ལྷུང་ཞིང་། རྒྱུས་ཡོད་ཀྱི་མི་ཚོགས་དག་གིས་སྡང་མིག་ནར་ནར་ཤོར། དེ་ནས་རིམ་བཞིན་བོད་ཀྱི་དྲ་ཚིགས་ཁག་དང་དུས་དེབ། ཚགས་པར་སོགས་སུ་རང་གི་བྲིས་རྩོམ་ཉི་ཤུར་ཉེ་བ་ཞིག་སྤེལ་བས་ཐག་རིང་ཐུང་གི་གྲོགས་པོ་གྲོགས་མོ་ཞིག་གིས་འབྲེལ་བ་ཡང་བཅད།  ཡིན་ནའང་སྐྱོ་དགོས་དོན་མི་འདུག་ཏེ།  རྒྱུ་མཚན་ང་ནི་གནས་ལུགས་དང་བདེན་པའི་ཆེད་དུ་སུ་ལའང་འགལ་ཕོད་པའི་མི་དེ་ཡིན་པས་སོ། །
བྱ་བ།  ད་བར་《དར་ལྕེ》ལོ་དེབ་ཀྱི་རྩོམ་སྒྲིག་པ། རིག་གསར་སྨྱུག་ཚོགས་ཀྱི་ཚོགས་མི་དང་། ཁྲིན་ཏུའུ་སན་ཧྲིན་ཧྲི་རིག་གནས་བརྒྱུད་སྒྲོགས་ཚད་ཡོད་ཀུང་སི་(成都三声石文化转播有限公司)ན་གཞས་ཚིག་རྩོམ་མཁན་གྱི་འགན་འཁུར་ཡོད་པ་དང་། དེའི་ཞོར་དུ་གནས་སྐབས་སུ་ཧི་མ་ལའི་རིག་མཛོད་ཁང་དུ་བྱ་བ་སྒྲུབ་བཞིན་ཡོད།

༼རྨང་གཞི་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  གསལ་བྱེད།     
སྐྱེས་ཡུལ། སྦྲ་ཆེན་སྟག་མགོ་སྡེ་བ།
ཐོབ་ཐང་། སློབ་ཆེན་པ།  
ཆེད་ལས། བོད་ཀྱི་སྐད་བརྡ་རིག་པ།
སློབ་སྦྱོང་གི་བརྒྱུད་རིམ། ༢༠༠༠-༢༠༠༣ ལོར་རྫོང་རེ་སྨོན་སློབ་ཆུང་། ༢༠༠༣-༢༠༠༦ ལོར་རྫོང་བོད་ཡིག་སློབ་འབྲིང་། ༢༠༠༦-༢༠༠༩ ལོར་རྔ་བ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་། ༢༠༠༩-༢༠༡༢ ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ།
བྱ་བ། ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་ཡིག་གཏག་པའི་བྱ་བ་སྒྲུབ་བཞིན་ཡོད།
རྒྱུན་པར་སྡོད་གནས། མདོ་སྨད་རྔ་བ་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་སྟག་མགོ་སྡེ་བ། 

༼རྨང་གཞི་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  ཡ་མ་ཚེ་རིང་།   
སྐྱེས་ཡུལ། ནགས་ཕྲན་སྡེ་བ། 
ཐོབ་ཐང་། སློབ་མ། 
ཆེད་ལས། ནང་བསྟན་དང་དེང་རབས་རིག་པ།
སློབ་སྦྱོང་གི་བརྒྱུད་རིམ། སྤྱི་ལོ ༢༠༠༨ ལོར་གསེར་ཐང་བླ་རུང་ཆོས་སྒར་ལ་སོང་ནས་མི་ལོ་དྲུག་ཙམ་གྱི་རིང་ལ་ནང་བསྟན་རིག་པ་དང་ཚད་མ་རིག་པ་སོགས་ལ་སློབ་སྦྱོང་མི་དམན་པ་བྱས།
བྱ་བ། ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་ཡིག་གཏག་པའི་བྱ་བ་སྒྲུབ་བཞིན་ཡོད།
རྒྱུན་པར་སྡོད་གནས། སི་ཁྲོན་དཀར་མཛེས་ཁུལ་རྟའུ་རྫོང་ནགས་ཕྲན་སྡེ་བ།

༼རྨང་གཞི་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  བདེ་སྐྱིད་མཚོ།   
སྐྱེས་ཡུལ། ཁམས་སྡེ་དགེ
ཐོབ་ཐང་། སློབ་ཆེན་པ། 
ཆེད་ལས། རྒྱ་ཡིག གསར་འགྱུར།
སློབ་སྦྱོང་གི་བརྒྱུད་རིམ། ༡༩༩༧-༢༠༠༢ མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་དར་དམར་སློབ་ཆུང་ནས་མཐར་ཕྱིན།  ༢༠༠༢-༢༠༠༥ སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་ནས་སློབ་འབྲིང་མཐར་ཕྱིན།  ༢༠༠༧-༢༠༡༠ སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན། ༢༠༡༠-༢༠༡༤ པེ་ཅིན་མི་རིགས་སློབ་ཆེན་ནས་དངོས་གཞི་མཐར་ཕྱིན།
བྱ་བ། ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་ཡིག་གཏག་པའི་བྱ་བ་སྒྲུབ་བཞིན་ཡོད།
རྒྱུན་པར་སྡོད་གནས། ཁྲིང་ཏུའུ་གྲོང་ཁྱེར། 

༼རྨང་གཞི་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  བདེ་ཆེན་དབང་མོ།
སྐྱེས་ཡུལ། མགོ་ལོག་རྭ་རྒྱ། 
ཐོབ་ཐང་།  དགེ་རྒན།
ཆེད་ལས།  ཁྲིམས་ལུགས།
སློབ་སྦྱོང་གི་བརྒྱུད་རིམ། རྭ་རྒྱ་བོད་ཡིག་སློབ་ཆུང་དང་རྨ་ཆེན་རྫོང་བོད་ཡིག་སློབ་འབྲིང་། མགོ་ལོག་ཁུལ་བོད་ཡིག་མཐོ་འབྲིང་སོགས་ནས་སློབ་སྦྱོང་རིམ་པར་བྱས་ཤིང་པེ་ཅིན་མི་རིགས་སློབ་ཆེན་ནས་དངོས་གཞི་མཐར་ཕྱིན་དཔང་རྟགས་བླངས།   ད་ལྟ་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་བཞིན་ཡོད།
བྱ་བ། སློབ་ཆེན་དངོས་གཞི་སློབ་མཐར་ཕྱིན་ནས་མི་ལོ་གསུམ་གྱི་རིང་ལ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་དགེ་རྒན་གྱི་ཕྱག་ལས་གནང་ཞིང་མགོ་ལོག་ཁུལ་སློབ་གསོ་ཅུས་རུ་ལས་ཞུགས་བྱས། ད་ལྟ་ཧི་མ་ལའི་རིག་མཛོད་ཆེན་མོར་དངོས་ཞུགས་དག་བཅོས་དཔེ་བསྡུར་གྱི་བྱ་བ་གཉེར་གྱིན་ཡོད། 

རྒྱུན་པར་སྡོད་གནས། མཚོ་སྔོན་ཞིང་ཆེན་རྨ་ཆེན་རྫོང་རྟ་བོར་གྲོང་རྡལ།


༼རྨང་གཞི་སྡེ་ཁག་གི་ལས་འཛིན་པ།༽


དངོས་མིང་།   བསོད་ནམས་དཔལ་ལྡན། 
པིར་མིང་།   སྐ་རགས། 
སྐྱེས་ཡུལ།   མགོ་ལོག
ཐོབ་ཐང་།   དགེ་རྒན།
ཆེད་ལས།   སྙན་ངག
སློབ་སྦྱོང་གི་བརྒྱུད་རིམ། ༢༠༠༩ ལོར་གངས་ལྗོངས་གནའ་དེང་ལག་རྩལ་སློབ་གླིང་ནས་དམའ་འབྲིང་དང་མཐོ་འབྲིང་མཐར་ཕྱིན།  ༢༠༡༢ ལོར་ཆོས་རིག་མཐོ་རིམ་སློབ་གླིང་ནས་ལོ་འགའ་ཤས་ལ་ཚད་མ་དང་སྙན་ངག་སུམ་དག་རྟགས་གསུམ་ལ་སྦྱངས་བ་མི་དམན་པ་བྱས་མྱོང་། 
བརྩམས་ཆོས། དུས་དེབ་དང་ཚགས་པར་འཕྲུལ་དེབ་སོགས་སུ་རྩོམ་མི་ཉུང་བ་ཞིག་བཀོད་མྱོང་། 
བྱ་བ། ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་དག་བཅོས་དཔེ་བསྡུར་སྡེ་ཁག་ན་ལས་ཀ་གཉེར་བཞིན་ཡོད།

རྒྱུནཔར་སྡོད་གནས། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དགའ་བདེ་རྫོང་གངས་ལུང་ཡུལ་ཚོ།


༼རྨ་གཞིའི་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་། འཇིགས་བྱེད་འཚོ།

སྐྱེས་ཡུལ། མཛོད་དགེ་ཨ་སྐྱིད།

ཐོབ་ཐང་། དགེ་རྒན།

ཆེད་ལས། རྩོམ་རིག

སློབ་སྦྱོང་གི་བརྒྱུད་རིམ།  ༢༠༠༠-༢༠༠༦ལོར་ཨ་སྐྱིད་ཡུལ་ཚོ་ལྟེ་བའི་སློབ་ཆུང་དང་མཛོད་དགེ་རྫོང་བཅའ་སྡོད་སློབ་ཆུང་ནས་སློབ་མཐར་ཕྱིན་པ་དང་། ༢༠༠༦-༢༠༠༨ལོར་མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་ནས་སློབ་མཐར་ཕྱིན། ༢༠༠༨-༢༠༡༠ལོར་འབར་ཁམས་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་ལ། ༢༠༡༡-༢༠༡༢ལོར་འབར་ཁམས་མི་རིགས་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན། ༢༠༡༢-༢༠༡༥ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན།

བྱ་བ། ༢༠༡༠ལོར་ལོ་གཅིག་གི་རིང་ལ་རང་ཡུལ་ཚོ་ལྟེ་བའི་སློབ་ཆུང་དུ་གསབ་ཁྲིད་དགེ་རྒན་གྱི་ལས་འགན་ཁུར་བ་དང་། ད་ལྟ་ཧི་མ་ལའི་རིག་མཛོད་ཁང་ཆེན་མོ་རུ་ལས་ཞུགས་བྱེད་ཀྱིན་ཡོད།

རྒྱུན་པར་སྡོད་གནས། སི་ཁྲོན་མཛོད་དགེ


༼རྨ་གཞིའི་སྡེ་ཁག་གི་ལས་འཛིན་པ།༽


དངོས་མིང་།  ཚེ་དཔལ་སྐྱིད།

སྐྱེས་ཡུལ།  རྔ་བ་ཁུལ་ཁྱུང་མཆུ་རྫོང་།

ཐོབ་ཐང་།  སློབ་མ།

ཆེད་ལས།  གླུ་དབྱངས།

སློབ་སྦྱོང་གི་བརྒྱུད་རིམ།  ༢༠༠༥-༢༠༠༨ ཁྱུང་མཆུ་བོད་ཡིག་སློབ་འབྲིང་ནས་མཐར་ཕྱིན།  ༢༠༠༨-༢༠༡༡ འབར་ཁམས་མི་རིགས་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན། ༢༠༡༡-༢༠༡༤ ཞིའུ་ཧྭ་དགེ་འོས་སློབ་ཆེན་ནས་མཐར་ཕྱིན།

བྱ་བ།  ཧི་མ་ལའི་རིག་མཛོད་ཁང་གི་རྨང་གཞིའི་སྡེ་ཁག་ཏུ་བྱ་བ་སྒྲུབ་བཞིན་ཡོད།

རྒྱུད་པར་སྡོད་གནས། ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོ།


༼རྨ་གཞིའི་སྡེ་ཁག་གི་ལས་འཛིན་པ།༽


དངོས་མིང་།  བྱང་ཆུབ་སྐྱིད།

སྐྱེས་ཡུལ། རྔ་བ་ཁུལ་ཁྱུང་མཆུ་རྫོང་།

ཐོབ་ཐང་། སློབ་མ།

ཆེད་ལས། ཡུལ་སྐོར་སྣེ་ཤན་པ།

སློབ་སྦྱོང་བརྒྱུད་རིམ། ༢༠༠༢-༢༠༠༧ ལོར་སྦྲ་ཆེན་སློབ་ཆུང་ནས་མཐར་ཕྱིན། ༢༠༠༨-༢༠༡༣ ལོར་རེབ་གོང་བོད་ཡིག་སློབ་འབྲིང་ནས་སློབ་མཐར་ཕྱིན། ༢༠༡༤-༢༠༡༦ ལོར་ཧྭ་ཤེན་སློབ་ཆེན་ནས་མཐར་ཕྱིན།

བྱ་བའི་བརྒྱུད་རིམ། དབྱར་གནང་དང་དགུན་གནང་སྐབས་སློབ་ཁྲིད་ཅུང་ཙམ་རེ་བྱས་མྱོང་། ༢༠༡༦ ལོར་གཟི་ཚ་སྡེ་དགུ་ནས་ཟླ་བཞི་ལ་ཡུལ་སྐོར་སྣེ་ཤན་བྱས།

རྒྱུན་པར་སྡོད་གནས། རྔ་བ་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོ།

 

༼ཞུ་དག་སྡེ་ཁག་གི་ལས་འཛིན་པ།༽


དངོས་མིང་།  དབང་ཆེན་རྒྱལ།

སྐྱེས་ཡུལ།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་ར་རྫོང་།

ཆེད་ལས།  རྩོམ་རིག

སློབ་སྦྱོང་གི་བརྒྱུད་རིམ།  ༢༠༠༦ ནས ༢༠༡༥ བར་དུ།  བོད་ཀྱི་དགོན་སྡེ་ཆེ་མ་ཆུང་གསུམ་ཁ་ཤས་སུ་རང་ཚོད་ཀྱིས་ནང་བསྟན་རིག་པ་གཙོས།  སུམ་རྟགས་དག་གསུམ་དང་།  སྙན་ངག  སྐར་རྩིས།  སྒྲ་རིག་པ་སོགས་ལ་བག་ཆགས་ལྟ་བུ་ཞིག་བཞག

བྱ་བ།  དུས་དེབ་དང་ཚགས་པར་འགའི་རྩོམ་སྒྲིག་པ་དང་།  གདན་ཞུའི་རྩོམ་སྒྲིག་པ་སོགས་བྱས་མྱོང་།

རྒྱུན་པར་སྡོད་གནས།  མང་ར་རྫོང་།


༼རྨང་གཞི་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  གདུགས་དཀར་མཚོ།

སྐྱེས་ཡུལ།  མཛོད་དགེ་གླིང་དཀར་སྟོད།

ཐོབ་ཐང་།  སློབ་ཆེན་པ།

ཆེད་ལས།   སྐད་བརྡ་རིག་པ།

སློབ་སྦྱོང་གི་བརྒྱུད་རིམ།  ༢༠༠༢ ནས ༢༠༠༥ ལོར་མཛོད་དགེ་བཅའ་སྡོད་སློབ་ཆུང་མཐར་ནས་ཕྱིན། ༢༠༠༥ ནས ༢༠༠༨ ལོར་མཛོད་དགེ་བོད་ཡིག་སློབ་འབྲིང་ནས་མཐར་ཕྱིན། ༢༠༠༨ ནས ༢༠༡༡ ལོར་འབར་ཁམས་མི་རིགས་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན། ༢༠༡༡ ནས ༢༠༡༤ ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན།

བྱ་བ། སློབ་མཐར་ཕྱིན་རྗེས་ཕ་ཡུལ་གྱི་སློབ་ཆུང་ནས་གྲངས་རིག་དགེ་རྒན་བྱས་མྱོང་།

རྒྱུན་པར་སྡོད་གནས།  མཛོད་དགེ་གླིང་དཀར་སྟོད།


༼རྨང་གཞི་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  པད་མ་སྒྲོལ་དཀར།

སྐྱེས་ཡུལ།  མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ།

ཐོབ་ཐང་།  སྨན་པ།

ཆེད་ལས།  བོད་སྨན།

སློབ་སྦྱོང་གི་བརྒྱུད་རིམ། ༢༠༠༨ ནས ༢༠༡༠ ལོར་མཛོད་དགེ་རྫོང་ཐང་སྐོར་ཆུང་འབྲིང་སློབ་གྲྭ་ནས་སློབ་ཆུང་མཐར་ཕྱིན། ༢༠༡༠ ནས ༢༠༡༣ ལོར་མཛོད་དགེ་རྫོང་ལྷ་མོ་བོད་ཡིག་སློབ་གྲྭ་ནས་སློབ་འབྲིང་མཐར་ཕྱིན། ༡༠༡༣ ནས ༢༠༡༦ ལོར་སོག་རྫོང་སྲོལ་རྒྱུན་གསོ་རིག་སློབ་གྲྭ་ནས་མཐོ་འབྲིང་མཐར་ཕྱིན།

བྱ་བ།  དབྱར་གནང་དགུན་གནང་གི་བར་སྐབས་སྨན་ཁང་རེ་འགའི་ནང་ནད་ཐོག་ལག་ལེན་གྱི་ཟབ་སྦྱོང་གང་མང་བྱ་མྱོང་།

རྒྱུན་པར་སྡོད་གནས།  མཛོད་དགེ་ཐང་སྐོར་གྲོང་རྡལ།


༼རྨ་གཞིའི་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་། བདེ་ཆེན་རྡོ་རྗེ།

སྐྱེས་ཡུལ།   སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་རུ་ཁག་གསུམ་པ།

ཐོབ་ཐང་།  སློབ་མ།

ཆེད་ལས། བོད་ཀྱི་རིག་གནས་དང་འབྲེལ་བའི་གླུ་དབྱངས་ཕྱོགས་སུ་སློབ་སྦྱོང་བྱེད་མོས་ཡོད།

སློབ་སྦྱོང་གི་བརྒྱུད་རིམ། ༢༠༠༠-༢༠༡༠ ལོར་བར་དུ་ས་གནས་དེའི་གྲོང་རྡལ་སློབ་ཆུང་དང་རྫོང་དམའ་འབྲིང་དང་མཐོ་འབྲིང་སོགས་ཀྱི་སློབ་སྦྱོང་གི་བྱ་བར་བརྒྱུད་མྱོང་ལ། ༢༠༡༣-༢༠༡༦ ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ལས་རིག་ལག་རྩལ་སློབ་གླིང་དང་། ཁྱུང་མཆུ་སྦྲ་ཆེན་གྲོང་རྡལ་པདྨ་ཚུལ་ཁྲིམས་ཤེས་རིག་སྒྱུ་རྩལ་སློབ་གླིང་སོགས་ནས་རྩིས་འཕྲུལ་དང་། སུམ་རྟགས། རྒྱ་ཡིག་ཆེད་ལས་དང་འབྲེལ་བའི་ཤེས་བྱ་མང་པོ་ཞིག་ལ་སློབ་སྦྱོང་བྱས།

བྱ་བའི་བརྒྱུད་རིམ། དབྱར་ཁ་དང་དགུན་ཁའི་ལས་གནས་ཀྱི་ངལ་གསོ་སྐབས་སུ། ལྷ་ས་དང་། སི་ཁྲོན། མཚོ་སྔོན་སོགས་ཀྱི་ས་ཆ་དེ་ཡི་གྲོགས་པོ་ཚོ་དང་ལྷན་དུ། མཛེས་ལྗོངས་ལྟ་སྐོར་དང་ཡུལ་དངོས་རྒྱུས་ལོན་སོགས་ཀྱི་བྱ་བ་སྒྲུབ་བཞིན་ཡོད།

རྒྱུན་པར་སྡོད་གནས།  རྔ་བ་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་གྲོང་རྡལ།


༼རྨང་གཞིའི་སྡེ་ཁག་གི་ལས་འཛིན་པ།༽

དངོས་མིང་།  རྡོ་རྗེ་ཆོས་སྒྲོན།

སྐྱེས་ཡུལ།  ཉག་རོང་རྫོང་འཕེལ་ཚ་ཡུལ་ཚོ།

ཐོབ་ཐང་།  སློབ་མ།

ཆེད་ལས།   ཡི་གེ

སློབ་སྦྱོང་གི་བརྒྱུད་རིམ། ས་གནས་སློབ་ཆུང་ནས་ཐར་ཕྱིན་པ་དང་། རང་རྫོང་སློབ་འབྲིང་དུ་ཞུགས་ཏེ། རྩིས་དངོས་རྫས་གསུམ་གཙོས་པའི་རིག་གནས་དུ་མར་ལྷོད་མེད་སྦྱང་། སློབ་སྐབས་ཀུན་ཏུ་ཟབ་སྦྱོང་སོགས་སུ་ཞུགས་ཏེ། སུམ་རྟགས་དག་གསུམ་སྟེ། བརྡ་སྤྲོད་རིག་པ་དང་སྙན་ངག་སྐར་རྩིས་སོགས་ལ་ཞིབ་སློབ་བྱས། མཐར་ཕྱིན་རྗེས་དར་མདོ་ནས་མཐོ་འབྲིང་གི་སྐབས་སུ་ལོ་རྒྱུས་སྐོར་དང་སྐད་རིགས་ལ་ཡང་བསླབས་མྱངས།

བྱ་བ།  ཧི་མ་ལའི་རིག་མཛོད་ཁང་འབྲུ་ཀློག་སྡེ་ཁག་ཏུ་བྱ་བ་སྒྲུབ་བཞིན་ཡོད།

རྒྱུན་པར་སྡོད་གནས།   ཉག་རོང་རྫོང་འཕེལ་ཚ་ཡུལ་ཚོ།