རིག་མཛོད་ངོ་སྤྲོད། རིག་མཛོད་ཁང་ངོ་སྤྲོད།
འབྱུང་ཁུངས། སྤེལ་མཁན། རྩོམ་པ་པོ། སྤེལ་དུས།2016-10-24
རིག་མཛོད་ཁང་ངོ་སྤྲོད།



ས་གནས།  སི་ཁྲོན་ཁྲིང་ཏུའུ་གྲོང་ཁྱེར་གྱི་ལྷོ་ནུབ།  

ལས་ཁུངས་ཀྱི་མིང་།  མཚོ་སྐྱེས་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་།  
གཞུང་སྒྲུབ་ལས་ཁང་། ཧི་མ་ལའི་རིག་མཛོད་ཁང་ཆེན་མོ།   
སྤྱིའི་གཙོ་འཛིན་པ། མཆོག་སྤྲུལ་ཚེ་རིང་རྡོ་རྗེ།  
སྤྱིའི་གཙོ་འཛིན་གཞོན་པ།  རྨེ་གྲྭ་ཚེ་རིང་བསམ་འགྲུབ།    
རྒྱུན་སྡོད་ཚོགས་མི། བརྒྱ་ཕྲག་ལྷག་ཙམ་ཞིག་ཡོད། 

འབྲེལ་གནས།
རྫ་ཀིཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ། ཁ་པར། 13880092384
རྨེ་གྲྭ་ཚེ་རིང་བསམ་འགྲུབ། ཁ་པར། 15208425221
འཕྲིན་ཕྲན། 13980886163

ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་གཞུང་སྒྲུབ་ཁང་གི་འབྲེལ་གནས།
ཁ་པར།   15208425221-13880092384-028-87422886
ཡིག་ཟམ།   himalayanc@163.com  
དྲ་ཚིགས།   www.himalayane.com   
རིག་མཛོད་འཕྲིན་སྟེགས།    himalayane
འཕྲུལ་དེབ་འཕྲིན་སྟེགས།    maizha666
མཚོ་སྐྱེས་རིག་གནས་འཕྲིན་སྟེགས།   haishengwenhua
ཁྲིང་ཏུའུ་མཚོ་སྐྱེས་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་ཞེས་པའི་ལས་ཁུངས་འདི་ནི་ཁམས་རྫ་ཆུ་ཁའི་མཆོག་སྤྲུལ་ཚེ་རིང་རྡོ་རྗེ་ལགས་ཀྱིས ༢༠༠༧ གསར་དུ་བཙུགས་ཤིང་བོད་ཀྱི་ཆོས་དང་རིག་གནས་ལ་ཁ་ཕྱོགས་ཏེ་ཉམས་པ་སླར་གསོ་དང་གནས་པ་གོང་འཕེལ། ཆད་པ་ཁ་སྐོང་སོགས་ཀྱི་ཆེད་དུ་ལས་རིགས་སྣ་ཚོགས་ལ་ལོ་དུ་མར་འབད་པ་བསྟུད་མར་གནང་། ཧི་མ་ལའི་རིག་མཛོད་ཁང་ཞེས་པ་འདི་ནི་སྤྱི་ལོ ༢༠༡༢ ལོ་ནས་བཟུང་མཆོག་སྤྲུལ་ཚེ་རིང་རྡོ་རྗེ་ལགས་དང་རྨེ་གྲྭ་ཚེ་རིང་བསམ་འགྲུབ་ཁོང་རྣམ་པ་གཉིས་ཀྱིས་བོད་ཀྱི་ཆོས་དང་རིག་གནས་ཀྱི་ཉམས་རྒུད་ལ་ཐུགས་ཚབས་དང་དོ་ཁུར་གནང་ནས་ཁ་ཞེ་གཉིས་མེད་ཀྱིས་ཞབས་འདེགས་བླ་ན་མེད་པ་ཞིག་སྒྲུབ་པའི་དམ་བཅའི་འོག་བཙུགས་པ་ཞིག་ཡིན། དེའི་ཕྱིར་ཧི་མ་ལའི་རིག་མཛོད་ཁང་འདིས་བོད་གངས་ཅན་གྱི་ཆོས་དང་རིག་གནས་གཙིགས་སུ་བཟུང་ནས་ཉམས་པ་སླར་གསོ་དང་གནས་པ་གོང་འཕེལ། ཆད་པ་ཁ་སྐོང་སོགས་ཀྱི་ཆེད་དུ་ལས་རིགས་སྣ་ཚོགས་ལ་ཞུགས་བཞིན་ཡོད་པའི་བོད་ཁམས་ཀྱི་ཆེས་གཞི་རྒྱ་ཆེ་བའི་ལས་སྒྲུབ་ཁང་གསར་བ་ཞིག་ཡིན།

 ལས་ཁུངས་ནང་གི་སྒྲིག་བཀོད་ཀྱི་ཟུར་འགའི་རྣམ་པ།

༡ གཞུང་སྒྲུབ་ཁང་ཆེན་མོའི་རྣམ་པ།

 


༢ སྤྱིའི་འགན་འཛིན་པའི་ལས་སྒྲུབ་ཁང་།

 


༣ སྤྱིའི་འགན་འཛིན་གཞོན་པའི་ལས་སྒྲུབ་ཁང་། 


༤ གྲོས་ཚོགས་ཁང་དང་ཚོགས་ཁང་ཆེན་མོ་གཉིས་ཀྱི་རྣམ་པ།

 





༥ རྩོམ་སྒྲིག་ཁང་།

 


༦ ནོར་དོན་ཁང་།

 


༧ མགྲོན་བསུ་ཁང་གི་རྣམ་པ།

 


༨ ཇུས་འགོད་ཁང་།

 

ལས་གཞི་ངོ་སྤྲོད།
ཧི་མ་ལའི་རིག་མཛོད་ཁང་གི་ལས་གཞི་ངོ་སྤྲོད།
      སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ས་ཆེན་པོའི་ཁྱོན་ཀུན་ལ་དར་སྤེལ་བྱས་ནས་སྲོག་ལྡན་ཡོངས་ལ་གནས་སྐབས་འཚེ་བ་མེད་པའི་ཞི་བདེ། མཐར་ཐུག་གཏན་གྱི་བདེ་བ་དམ་པ་འབྱུང་ཆེད་དང་།  སྒོས་སུ་བོད་གངས་ཅན་གྱི་ཆོས་རིག་མཐའ་དག་རྒུད་པ་བསྐྱར་གསོ་དང་གནས་པ་བརྒྱུད་སྤེལ། ཆད་པ་ཁ་སྐོང་གཏོང་ཆེད་ཧི་མ་ལའི་རིག་མཛོད་ཁང་གི་ལས་རིགས་སྣ་ཚོགས་ཀྱི་ཐབས་ལམ་བཙལ་ཏེ་འབད་པ་བླ་ལྷག་ཏུ་བྱས་དང་བྱེད་བཞིན་ཡོད། སྤྱི་ལོ༢༠༡༢ ལོ་ནས་བཟུང་དབུ་བརྩམས་པ་ཡིན་ལ། ལས་ཁུངས་འདིས་རྒྱལ་བའི་གསུང་རབ་གྱི་གཙོས་བོད་ཀྱི་ཆོས་དང་རིག་གནས་ཀྱིས་བསྡུས་པའི་གསུང་རབ་དང་རིག་གཞུང་མཐའ་དག་རྒྱལ་ཕྱི་ནང་ཀུན་ནས་འཚོལ་སྡུད་བྱས་ཏེ། བོད་རིག་ཆེད་མཁས་པ་གང་མང་ཞིག་ལྷན་འཛོམས་ཀྱི་འབད་པ་ལ་བརྟེན་ནས་འཛམ་གླིང་ཡོངས་ལ་དར་སྤེལ་དང་བརྒྱུད་འཛིན་གཏོང་བའི་ཐབས་ལམ་གསར་བ་ཞིག་གི་སྒྲོམ་གཞི་བཟུང་། ཐབས་ལམ་དེ་ལེགས་འགྲུབ་འོང་ཆེད་ལས་རིགས་ཀྱི་སྡེ་ཁག་གཙོ་བོ་མི་འདྲ་བ་ལྔ་རྩ་འཛུགས་བྱས་ཡོད། དེ་དག་ནི་ཧི་མ་ལའི་རིག་མཛོད་ཁང་དང་། ཧི་མ་ལའི་རིག་མཛོད་དྲ་བ། ཧི་མ་ལའི་སྒྲ་སྒྱུར་གླིང་། རྒྱུན་ཤེས་དུས་དེབ། ཧི་མ་ལའི་རིག་མཛོད་ཆེན་མོའི་སྐབས་དོན་ལས་གཞི་བཅས་ཡིན། སྡེ་ཚན་འདི་དག་རྨང་གཞི་བྱས་ནས་གཞི་རྒྱ་ཆེ་བའི་ལས་གཞི་ལ་འབད་པ་ལྷོད་མེད་གནང་བཞིན་ཡོད།
ཧི་མ་ལའི་དཔེ་མཛོད་ཁང་།
 

      ཧི་མ་ལའི་དཔེ་མཛོད་ཁང་གི་ལས་གཞི་ལ་གཙོ་བོ། རྒྱལ་ཕྱི་ནང་དང་ལྷག་ཏུ་བོད་ཡུལ་འདིར་ནང་བསྟན་གྱི་གསུང་རབ་ཡོད་དོ་ཅོག་དང་། རང་རེ་བོད་ཀྱི་ཤུལ་བཞག་གི་བརྩམས་ཆོས་དང་། དེང་རབས་དངོས་ཡོད་མཁས་པའི་བརྩམས་ཆོས་རིན་ཐང་དང་ལྡན་པ་ཡོངས་ཧི་མ་ལའི་རིག་མཛོད་ཁང་དུ་འཚོལ་སྡུད་བྱས་ཏེ། རིག་གཞུང་དེ་དག་གློག་རྡུལ་ཡི་གེ་རུ་ཕབ་ནས་ཞུ་དག་དང་རྩོམ་སྒྲིག་གང་ལེགས་བྱས་ནས་ཧི་མ་ལའི་རིག་མཛོད་ཆེན་མོ་ཞེས་པའི་ཡིག་གཟུགས་དང་། དཔེ་རྟགས། རྣམ་པ། དཔེ་ཕྲེང་སོགས་གཅིག་གྱུར་གྱིས་རྒྱལ་སྤྱིའི་ཚད་ལྡན་རང་བཞིན་ཅན་ནམ། བོད་ཀྱི་རིག་གཞུང་ཆ་ཚང་འདུས་ཡོད་པའི་དཔེ་ཚོགས་གསར་བ་ཞིག་དཔར་བསྐྲུན་བྱས་ཏེ་རྒྱལ་ཕྱི་ནང་དང་བོད་ཁུལ་གྱི་ཕྱོགས་ཡོངས་ཀྱི་དགོན་སྡེ་དང་། ཆོས་གྲྭ། སློབ་གྲྭ་ཆེ་ཁག་སོ་སོར་ང་ཚོ་སྒང་བ་བོད་པའི་རིག་གནས་འདི་བརྒྱུད་འཛིན་དང་དར་སྤེལ་རྒྱ་ཆེན་པོ་འོང་ཆེད་ཕྱོགས་ཡོངས་ལ་གཟིགས་འབུལ་འགྲེམས་སྤེལ་གནང་རྒྱུ་ཡིན།


  

 

རིག་མཛོད་དགར་སྟངས།
ཧི་མ་ལའི་རིག་མཛོད་ཆེན་མོའི་བཅུ་ཕྲག་རིག་གནས་ཀྱི་དབྱེ་སྟངས་གསར་བ།  
རིག་པའི་གནས་ཆེན་ལྔ། 
༡ བཟོ་རིག་པ། གསེར་འགྱུར་རྩིའི་བསྟན་བཅོས། ལྷའི་ཆུ་ཐིག ལྷ་རིས་ཐིག་རྩ།  
༢ གསོ་བ་རིག་པ། རྩ་རྒྱུད། བྱ་རྒྱུད། མན་གང་གི་རྒྱུད། ཕྱི་མ་རྒྱུད། 
༣ ནང་དོན་རིག་པ། མདོ། སྔགས། ཚད་མ་རིག་པ། བློ་རིགས། རྟགས་རིགས། བསྡུས་གྲྭ ཚད་ཆེན། 
༤ བརྡ་སྤྲོད་རིག་པ། སྐད་བརྡ་རིག་པ། སུམ་རྟགས་དག་གསུམ། སྙན་ངག མངོན་བརྗོད། སྡེབ་སྦྱོར། སྒྲ་རིག་པ། ཀ་ཙན་དབྱངས་གསུམ།  
༥ ལོ་རྒྱུས་རིག་པ། ཆོས་འབྱུང་། ལོ་རྒྱུས། རྣམ་ཐར།  
རིག་པའི་གནས་ཆུང་ལྔ། 
༡ རྩོམ་རིག སྒྲུང་རྩོམ། དཔྱད་བརྗོད། ཞིབ་འཇུག  
༢ ཟློས་གར་རིག་པ། ཟློས་གར་ཆེན་པོ་བརྒྱད་དང་། གེ་སར་སྒྲུང་།  
༣ རྩིས་རིག་པ། སྐར་རྩིས། ནག་རྩིས།  
༤ ཚིག་མཛོད་རིག་པ། དག་ཡིག ཚིག་མཛོད། ཤན་སྦྱར།  


དྲ་ཚིགས་ངོ་སྤྲོད།

ཧི་མ་ལའི་རིག་མཛོད་དྲ་ཚིགས་འདི་ནི། བོད་ཀྱི་གནའ་དེང་གི་ཆོས་དང་རིག་གནས་ཀྱིས་བསྡུས་པའི་རིག་གཞུང་མཐའ་དག་གློག་རྡུལ་ཡི་གེ་རུ་ཕབ་སྟེ།  འཕྲུལ་དེབ་ཀྱི་རྣམ་པ་ཅན་དང་།  ཐད་ཀར་གཟིགས་ཐུབ་པའི་ལྟ་ཀློག་གི་རྣམ་པ་ཅན་གཉིས་ཀྱི་སྟེང་ནས་རིག་གཞུང་ཆ་ཚང་འཛམ་གླིང་ཡོངས་ལ་དར་སྤེལ་བྱེད་བཞིན་ཡོད་པ་དང་།  ད་དུང་འདི་ལ་བོད་ཀྱི་གནའ་དེང་གི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་ཉེར་མཁོའི་ཤེས་བྱ་སྣ་ཚོགས་འདུས་གྲུབ་བྱས་ཡོད་པའི་ཤེས་བྱ་ཀུན་འདུས་ཏེ་གྲུབ་ཆ་ཆེ་ཁག་གསུམ་འཛོམས་པའི་རིག་མཛོད་དྲ་ཚིགས་ཤིག་ཡིན།  ཉེ་སྔོན་རྒྱལ་ཕྱི་ནང་ཀུན་ན་འདི་འདྲའི་བོད་ཀྱི་ཆོས་རིག་གི་ཆེད་ལས་དྲ་ཚིགས་ཆེན་པོ་ཞིག་མེད་ཅེས་གླེང་ནའང་ཆོག  ཐུན་མིན་བོད་ཀྱི་རིག་གནས་ཕྱོགས་ལ་ཁྱད་ཆོས་མངོན་གསལ་དུ་ཡོད་པའི་དྲ་བའི་རིག་མཛོད་ཆེན་མོ་འདིས། བརྡ་འཕྲིན་དུས་རབས་འདིར་གོ་ལའི་གཞི་ཁྱིམ་ཆེན་མོ་འདི་ནས་འཛམ་གླིང་གི་ཀློག་པ་བོ་ཡོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་གང་འདྲ་ཞིག་མྱོང་འདོད་ཀྱང་མྱོང་ཐུབ་པའི་ཞབས་འདེགས་ཀྱི་གོ་གནས་དམིགས་བསལ་བ་ཞིག་བཟུང་ཡོད།  དེའི་ཕྱིར་འཛམ་གླིང་གཅིག་གྱུར་གྱི་རང་བཞིན་དང་རིག་གནས་སྣ་མང་གི་རང་བཞིན་ལ་གྱུར་དང་འགྱུར་བཞིན་པའི་སྐབས་འདིར་ང་ཚོས་ཀྱང་བོད་གངས་ཅན་གྱི་ཆོས་དང་རིག་གནས་ཀྱིས་བསྡུས་པའི་རིག་གཞུང་མཐའ་དག་ཕྱོགས་བསྡུས་བྱས་ཏེ་འཕྲུལ་དེབ་དང་ལྟ་ཀློག་གི་རྣམ་པ་མི་འདྲ་བ་གཉིས་ཀྱི་སྒེའུ་ཁུང་གི་སྒོ་མོ་ཕྱེ་ཡོད་པ་མ་ཟད།  གནའ་དེང་གི་ཉེར་མཁོའི་ཤེས་བྱ་མ་ལུས་འདུས་པར་བྱས་པའི༼ཤེས་བྱ་ཀུན་འདུས༽ཞེས་པའི་ཚན་པ་ཞིག་གི་སྒེའུ་ཁུང་གིས་ཀྱང་ཁྱེད་ཀློག་པ་བོ་ཡོངས་ལ་བསུ་མ་བྱེད་བཞིན་ཡོད། དེར་བརྟེན་གྲུབ་ཆ་ཆེན་མོ་གསུམ་གྱིས་གྲུབ་པའི་དྲ་ཚིགས་འདིས་འཛམ་གླིང་གི་ཡུལ་གྲུ་སོ་སོ་ནས་ཀློག་པ་བོ་དག་གིས་སྟབས་བདེ་དང་སྤྱོད་བདེ་ཡིས་གཟིགས་ཐུབ་པར་བྱས་ཡོད།

༡ འཕྲུལ་དེབ། འདི་ནས་རིག་གཞུང་མཐའ་དག་འཕྲུལ་དེབ་ཀྱི་རྣམ་པ་ཅན་འཚོལ་ཐུབ།
 
 
༢ ལྟ་ཀློག འདི་ནས་རིག་གཞུང་མཐའ་དག་ལྟ་ཀློག་གི་རྣམ་པས་འཚོལ་གཟིགས་བྱ་ཐུབ།
 
 
༣ ཤེས་བྱ་ཀུན་འདུས། འདི་ལས་དེ་གཉིས་ཀའི་ནང་དུ་མ་འདུས་པའི་བོད་ཀྱི་འཚོ་བ་དང་ཡུལ་སྲོལ་གོམས་གཤིས་སོགས་ཤེས་བྱ་སྣ་ཚོགས་འཚོལ་བསྡུ་བྱ་ཐུབ།
 

ཚོགས་མི་ངོ་སྤྲོད།
ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་ཚོགས་མི་ལ།

༡ བློ་འདྲི་ཚོགས་མི། ༢ དབུ་འཛིན་ཚོགས་མི། ༣ ཆེད་ཞུགས་ཚོགས་མི།  ༤ གདན་ཞུའི་ཚོགས་མི།



དང་བོ། བློ་འདྲི་ཚོགས་མི།
      བློ་འདྲི་ཚོགས་མི་རྣམ་པ་ནི་བོད་མདོ་དབུས་ཁམས་གསུམ་ན་ཤེས་རིག་ཡོན་ཏན་དང་ལྷག་བསམ་གང་གི་ཕྱོགས་ནས་ཕུལ་དུ་སོན་པའི་མི་སྣ་ཤ་སྟག་ཡིན་ཕྱིན། ང་ཚོ་ཧི་མ་ལའི་རིག་མཛོད་ཁང་གིས་བྱ་བའི་ཐོག་མཐའ་བར་གསུམ་གྱི་ལམ་ག་གང་ན་མི་རྟོགས་པའི་གནས་ལུགས་དང་མི་གསལ་བའི་བྱ་བའི་གནད་འགག་དག་དགོངས་འདྲི་གནང་ཡུལ་གྱི་དེད་དཔོན་ཁོ་ན་ཡིན་པས། རྒྱུན་པར་ང་ཚོས་དཔོག་མི་ནུས་པའི་དོན་ཆེན་རྣམས་ཁོང་རྣམ་པ་དང་མཉམ་དུ་ཚོགས་འདུ་བསྡུས་ཏེ་བགྲོ་གླེང་དང་བཀའ་འདྲི་ཞུ་བཞིན་ཡོད།
 
བློ་འདྲི་ཚོགས་ཞུགས་མི་སྣའི་མཚན་ཐོ།
      གཟན་ཀར་སྤྲུལ་སྐུ་ཐུབ་བསྟན་ཉི་མ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས། ཨ་བོས་ཚེ་རིང་མགོན་པོ། མཁན་དོན་གྲུབ་ཚེ་བརྟན། དགེ་བཤེས་ལྷ་བུ་བློ་བཟང་། དགེས་བཤེས་བསོ་ཁོ། མཁན་ཀླུ་སྒྲུབ་དབང་ཕྱུག གཙང་རིག་སྐལ་བཟང་རྣམ་འདྲེན། མཁན་ཆེན་བློ་ཡག རྫོང་སར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ། མཁན་འཆི་མེད་ཚེ་རིང་། སྐྱབས་རྗེ་འཇམ་དབྱངས་བློ་གྲོས། དགེ་བཤེས་འཇམ་དཔལ་བློ་ཤེས། རྭ་རྒྱ་འཇིགས་མེད་རྒྱལ་མཚན། ལྡོང་ཡོན་ཏན་རྒྱ་མཚོ། དགེ་བཤེས་བསོད་ནམས། དགེ་བཤེས་བློ་བཟང་ཡར་རྒྱས། ལྷ་ལྡན་གཙུག་ལག་ཁང་གི་སྤྱི་གཉེར་བ་ལྷག་པ། བཀྲ་ཤིས་རྡོ་རྗེ་སོགས་ནི་ང་ཚོ་ཧི་མ་ལའི་རིག་མཛོད་ཁང་གི་བློ་འདྲི་ཚོགས་མི་རྣམ་པ་ཡིན།
 
གཉིས་པ། དབུ་འཛིན་ཚོགས་མི།
      ཧི་མ་ལའི་རིག་མཛོད་ཆེན་མོའི་དབུ་འཛིན་ཚོགས་མི་རྣམ་པ་ནི་ལས་རིགས་འདི་དག་དངོས་སུ་གཉེར་མཁན་གྱི་མི་སྣ་གཙོ་བོ་དག་ཡིན་ལ། དེས་ན་ཧི་མ་ལའི་རིག་མཛོད་གཞུང་སྒྲུབ་ཁང་ཆེན་མོ་འདི་ནི་མི་སྒེར་གྱིས་མ་དངུལ་བཏང་སྟེ ༢༠༡༡ ལོ་གསར་དུ་བཙུགས་ལ། ༢༠༡༢ ལོར་གསར་དུ་སྒོ་ཕྱེས་པའི་བོད་ཀྱི་ཆོས་རིག་དར་སྤེལ་དང་གོང་འཕེལ། སྤྱི་ཚོགས་ཡར་རྒྱས་སོགས་ལ་ཆེད་དུ་ཞབས་འདེགས་རྐྱང་རྐྱང་བྱེད་བཞིན་པའི་གཞུང་སྒྲུབ་ཁང་ཆེན་མོ་ཞིག་ཡིན།
གཙོ་འཛིན་མི་སྣ།  
      ཧི་མ་ལའི་རིག་མཛོད་ཆེན་མོའི་སྤྱིའི་གཙོ་འཛིན་པ་མཆོག་སྤྲུལ་ཚེ་རིང་རྡོ་རྗེ། གཙོ་འཛིན་གཞོན་པ་རྨེ་གྲྭ ཚེ་རིང་བསམ་འགྲུབ་རྣམ་གཉིས་ཀྱིས་གཙོ་འགན་བཞེས་ནས་ཡོད་པ་ཡིན།
དབུ་འཛིན་མི་སྣ།
      ཧི་མ་ལའི་དབུ་ཁྲིད་ཚན་ཆུང་ནི་ཧི་མ་ལའི་རིག་མཛོད་ཁང་གི་སྐབས་དོན་ལས་གཞིའི་སྒྲིག་བཀོད་དང་ནང་ཁུལ་གྱི་སྒྲིག་ལམ་ཡོངས་ཀྱི་འགན་འཁུར་དང་དོ་དམ་གནང་བཞིན་ཡོད་པ་ཡིན། འགན་འཛིན་པ།  ཟླ་བ་འོད་ཟེར།  པཎ་ཆེན་རྒྱལ།  སྨོན་ལམ།

 

 
གསར་ཞུགས་མི་སྣ།
ཧི་མ་ལའི་རིག་མཛོད་ཁང་དུ་གསར་ཞུགས་ཚོགས་མིའི་ཆ་རྐྱེན་དང་འགྲོ་ལུགས། ང་ཚོའི་ལས་ཁུངས་སུ་གསར་དུ་ཞུགས་འདོད་པའི་ཚོགས་མི་ལྷན་རྒྱས་ཀྱིས་ཐོག་མར་ང་ཚོའི་འབྲེལ་གནས་བརྒྱུད་དེ་ཚོགས་ཞུགས་མི་སྣ་བསྡུ་བཞིན་ཡོད་མེད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་དགོས།
༡ ཚོགས་མི་རང་ཉིད་དངོས་སུ་ཁྲིང་ཏུའུ་གྲོང་ཁྱེར་ཧི་མ་ལའི་རིག་མཛོད་ཁང་དུ་འོང་ནས་རྒྱུགས་ལ་ཞུགས་དགོས།  
༢ མ་མཐའ་ཡང་ཐུན་མོང་རིག་གནས་ཀྱིས་རང་རྐང་ཟིན་པའི་བོད་ཡིག་གི་ཚད་གཞི་ཡོད་དགོས།   
༣ ཐུན་མིན་རིག་གནས་ལའང་རྒྱུས་མངའ་མི་ཉུང་བ་ཡོད་ན་ལྷག་ཏུ་བཟང་།
༤ ཡང་ན་ཆེད་ལས་སྒྲ་སྒྱུར། དྲ་ཚིགས། རྩོམ་སྒྲིག ཇུས་འགོད་ལག་རྩལ་སོགས་ཆེད་ལས་གང་རུང་གི་ཕྱོགས་ཡོད་ན་ལྷག་ཏུ་བཟང་།
༥ རྒྱུགས་འབྲས་མཐོ་དམན་གྱིས་དངོས་སྦྱོང་དགོས་མིན་དང་ལས་རིགས་གང་དུ་བསྡུ་བ་སོགས་གཏན་ཁེལ་བྱེད་པ་ཡིན།
༦ སྡོད་ཁང་དང་ཟླ་ཕོགས་སོགས་ཀྱང་རྒྱུགས་འབྲས་ལྟར་གཞུང་ནས་བཀོད་སྒྲིག་བྱེད་པ་ཡིན།   
༧ ཟུར་ཞུགས་མ་གཏོགས་ཚོགས་མི་སུ་ཡིན་ཡང་མ་མཐའ་ལོ་གཅིག་ལ་འདུག་ལོང་ཡོད་པ་ཞིག་ངེས་པར་དུ་དགོས། 
༨ གལ་ཏེ་རྒྱུགས་མ་འཕྲོད་ན་ཕྱིར་རང་གནས་སུ་འགྲོ་དགོས་པས་རང་རང་ལ་གྲ་སྒྲིག་ཡོད་པ་བཟོ་དགོས།
༩ ཚོགས་ཞུགས་མི་སྣ་ལ་གྲྭ་གྲོང་དང་ཕོ་མོའི་ཁྱད་མེད་པར་གཙོ་བོ་ཡོན་ཚད་ལྟར་བསྡུ་བཞིན་ཡོད། 
༡༠ ཉིན་རྒྱུན་ལས་ཞུགས་དུས་ཚོད་བརྒྱད་དང་གཟའ་འཁོར་གཅིག་ལ་ཉིན་གཅིག་ཕྱེད་ཀྱི་ངལ་གསོ། དེ་མིན་དབྱར་དགུན་དུ་ཟླ་རེ་ལ་ངལ་གསོ་བཅས་ཡོད།

༡༡ ང་ཚོས་རིག་མཛོད་ཁང་ནས་རྒྱུན་པར་དགོང་མོ་རྒྱ་བོད་དབྱེན་གསུམ་གྱི་ཡིག་རིགས་དང་ལོ་རྒྱུས་བརྡ་སྤྲོད་སོགས་ཀྱི་དཔེ་ཁྲིད་གནང་བཞིན་ཡོད་པས་ངེས་པར་སློབ་སྦྱོང་ལ་འབད་པ་བྱེད་དགོས།